མཚོ་སྔོན་ཞིང་ཆེན་གྱིས་དགེ་རྒན2717བསྡུ་རྒྱུ་རེད།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2024ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་མི་སྣ་ལས་བསྡུའི་བྱ་བའི་ཇུས་གཞི་གཞིར་བཟུང་། ད་ལོ་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང(དམིགས་བསལ་སློབ་གསོའི་སློབ་གྲྭ་དང་བྱིས་སྙོར་ཁང་བསྡུ)གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཡོངས་བསྒྲགས་ངང་དགེ་རྒན་བསྡུ་བའི་འཆར་གཞི་གཏན་འཁེལ་བྱས་ཟིན་ལ། ཁྱོན་དགེ་རྒན2717བསྡུ་རྒྱུ་རེད།
དྲ་ཐོག་མིང་ཐོ་འགོད་པའི་ཆུ་ཚོད། 2024ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས2024ལོའི་ཟླ3པའི་ཚེས31ཉིན་གྱི་ཆུ་ཚོད18བར།
དྲ་ཐོག་ཆ་འཕྲིན་བཟོ་བཅོས་རྒྱག་པའི་ཆུ་ཚོད། 2024ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས2024ལོའི་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད12བར།
དྲ་ཐོག་བཤེར་འབེབས་ཆུ་ཚོད། 2024ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས2024ལོའི་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད18བར།
དྲ་ཐོག་སྒོར་མོ་སྤྲོད་པའི་ཆུ་ཚོད། 2024ལོའི་ཟླ3པའི་ཚེས27ཉིན་གྱི་ཆུ་ཚོད9ནས2024ལོའི་ཟླ4པའི་ཚེས1ཉིན་གྱི་ཆུ་ཚོད23དང་སྐར་མ30བར།
དྲ་ཐོག་སྙོམ་སྒྲིག་ཆུ་ཚོད། 2024ལོའི་ཟླ4པའི་ཚེས2ཉིན་གྱི་ཆུ་ཚོད9ནས་ཆུ་ཚོད18བར།
རྒྱུགས་ལེན་དཔང་ཡིག་དཔར་པའི་ཆུ་ཚོད། 2024ལོའི་ཟླ4པའི་ཚེས15ཉིན་གྱི་ཆུ་ཚོད9ནས2024ལོའི་ཟླ4པའི་ཚེས20ཉིན་བར།ཡིག་རྒྱུགས་ལེན་པའི་ཆུ་ཚོད། 2024ལོའི་ཟླ4པའི་ཚེས20ཉིན་ལེན་རྩིས་ཡོད།
ཡིག་རྒྱུགས་སྐར་འབྲས་སྒྲོག་པའི་ཆུ་ཚོད། 2024ལོའི་ཟླ5པའི་ཚེས10ཉིན་གྱི་སྔོན་སྒྲོག་རྩིས་འདུག