གསར་འགྱུར་གལ་ཆེན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
➤ཟླ3པའི་ཚེས26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧུང་ཏུའུ་ལ་སིའི་ཙུང་ཐུང་ཁཱ་སི་ཐེ་ལུའོ་ཡིས་ཕན་ཚུན་ལ་རྟེན་འབྲེལ་གྱི་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་གཅིག་འཁོར་བར་རྟེན་འབྲེལ་ཞུས་པ་རེད།
➤ཟླ3པའི་ཚེས26ཉིན། 2024ལོའི་ཀྲུང་དབྱང་སྡེ་ཁག་གི་སྔོན་རྩིས་གཅིག་སྡུད་ཐོག་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་པ་རེད།
➤ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཟླ2པར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན6715ཐག་གཅོད་བྱས་པ་ཁྱབ་བསྒྲགས་བྱས་པ་རེད།
➤ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ1པོ་དང2པར་རང་རྒྱལ་གྱི་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱས་ཚད་སྒོར་དུང་ཕྱུར་ཁྲི6.6ཟིན་པ་དང་། འཕར་སྣོན8.7%བྱུང་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།
➤རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར99097ཟིན་པ་དང་། ལོ་གོང་མ་ལས6.0%འཕར་ཡོད་པ་རེད།
➤རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་དང་ནོར་སྲིད་པུས་བརྡ་ཐོ་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་སྡོད་ཁང་གི་གནོད་འཚེ་ཚབས་ཆེན་འགན་སྲུང་གི་ཁྱབ་ཁོངས་རྒྱ་ཆེར་གཏོང་རྒྱུ་རེད།
➤ཚེས26ཉིན། རིག་ལུས་པུས་རྒྱལ་ཁབ་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་གཅིག་གི་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། དཔེ་སྟོན་རྟེན་གཞིའི་སྡོམ་འབོར384ཟིན་ཡོད་པ་རེད།
➤ཉེ་ཆར། ཀྲུང་གོས་རང་བརྟེན་ཞིབ་བཟོ་བྱས་པའིXCA4000རྟགས་ཅན་གྱི་ལྗིད་འདེགས་འཕྲུལ་འཁོར་གྱིས་བར་སྣང་མཐོན་པོ་རུ་ཐེངས་དང་པོ་ལས་བྱ་བསྒྲུབས་ནས་གོ་ལ་ཧྲིལ་པོའི་ལྗིད་འདེགས་འཕྲུལ་འཁོར་གྱི་བྱ་བའི་མཐོ་ཚད་དང་ལྗིད་འདེགས་འཕྲུལ་འཁོར་གཉིས་ཀྱི་ཟིན་ཐོ་གསར་པ་བཏོད་པ་རེད།
➤པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཐོག་སྙན་ཞུ་ཁྱབ་བསྒྲགས་བྱས་ཤིང་། སྔོན་དཔག་བྱས་ན2024ལོར་ཨེ་ཤེ་ཡའི་དཔལ་འབྱོར་འཕར་ཚད་4.5%ཡས་མས་ཟིན་རྒྱུ་རེད།
➤ཚེས26ཉིན། ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ཀྱིས་འཛུགས་སྐྲུན་བྱེད་འགན་འཁུར་བའི་ཕ་ཁི་སི་ཐན་ཏ་སུའུ་ཆུ་ཤུགས་གློག་ཁང་ལས་གཞིའི་རླངས་འཁོར་ལ་འགྲོ་སྐྱོད་བྱེད་པའི་ལམ་བར་དུ་འཇིགས་སྐུལ་གྱི་འཇབ་རྒོལ་ཕོག་ནས་ཀྲུང་གོ་ཕྱོགས་ཀྱི་མི་སྣ5དང་ཕ་ཁི་སི་ཐན་ཕྱོགས་ཀྱི་མི་སྣ1རྐྱེན་ལམ་དུ་ཤོར་ཡོད།
སྤྱི་ཚོགས།
➤དེ་རིང་ནས་ཚེས28ཉིན་བར། ཧྭ་བྱང་བྱང་རྒྱུད་དང་ནང་སོག་གི་དབུས་ཤར་རྒྱུད། དེ་བཞིན་བྱང་ཤར་ས་ཁུལ་བཅས་ཀྱི་དྲོད་ཚད4℃-6℃བར་ཆག་རྒྱུ་དང་། ས་ཆ་ཁག་གཅིག་གི་དྲོད་ཚད8℃བར་ཆག་རྒྱུ་རེད།
➤ཞིང་ལས་དང་གྲོང་གསེབ་པུས་དང་སྤྱི་བདེ་པུས་བརྡ་ཐོ་བཏང་ནས་ཟླ4པའི་ཚེས1ཉིན་ནས་ཟླ7པའི་ཚེས31ཉིན་བར། རྨ་ཆུའི་འབབ་ཡུལ་དུ་ཉ་འཛིན་མི་ཆོག་པའི་བརྡ་ཐོ་བཏང་བ་རེད།
➤ཚེས26ཉིན་གྱི་ཆུ་ཚོད15བར། སི་ཁྲོན་ཉག་ཆེན་གྱི་ནགས་ཚལ་མེ་སྐྱོན་ཐོན་སར་མེ་འབར་བའི་གནས་མེད་པར་གྱུར་ནས་ཁྱོན་ཡོངས་ནས་གཙང་བཤེར་དང་ལྟ་སྲུང་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་རེད།
➤ཚེས26ཉིན། ཁྲི་ཧོང་མྱུར་བགྲོད་ལྕགས་ལམ(池黄高铁)འཁོར་སྐྱོད་ཚོད་ལྟ་བྱེད་མགོ་ཚུགས་པ་དང་དངོས་སུ་མེ་འཁོར་ཤར་གཏོང་ཐུབ་རྗེས་ཅིའུ་ཧྭ་རི་བོ(九华山)དང་ཧོང་ཧྲན་རི་བོ(黄山) ཐའེ་ཕིང་མཚེའུ(太平湖)ལྟེ་བའི་ལྗོངས་ཁུལ་བཅས་ཀྱི་གནས་སྐོར་ལམ་ཐིག་ཡག་ཤོས་འབྲེལ་མཐུད་བྱས་ཡོད།
➤ཚེས26ཉིན། ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཁྲེན་ཆུས་ཡོན་གྱི་གྱོད་གཞི་སོགས་རྐང་རྩེད་སྤོ་ལོའི་ཁྱབ་ཁོངས་ཀྱི་རུལ་སུངས་གྱོད་གཞི5འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་རེད།
➤ཚེས26ཉིན། ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པའམ་ཀྲུའུ་ཞི་གཞོན་པ་ཀྲོའུ་ཅན་ཁུན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཀྲོའུ་ཅན་ཁུན་གྱིས་ལྐོག་རྔན་བླངས་པའི་ཉེས་གསོག་ལ་བརྟེན་ནས་ཚེ་བཙོན་གྱི་ཁྲིམས་ཆད་བཅད་པ་རེད།
➤ཚེས26ཉིན། ཀྲུང་གོའི་རུ་ཁག་གི་འགྲན་ཞུགས་པ་ཝང་ཅི་ལོའུ་ཡིས2024ལོའི་སྒྱུ་རྩལ་ལུས་སྦྱོང་འཛམ་གླིང་བུམ་པའི་ཨ་ཐེན་སིའི(雅典)ས་ཚིགས་ཀྱི་ལུས་རྩལ་ལས་གཞི་ཐོག་ཨང་དང་པོ་བླངས། དེ་ནི་ཀྲུང་གོའི་རུ་ཁག་གི་སྒྱུ་རྩལ་ལུས་སྦྱོང་འཛམ་གླིང་བུམ་པའི་འགྲན་བསྡུར་ཐོག་གི་མི་སྒེར་གྱི་ལས་གཞིའི་གསེར་གྱི་རྟགས་མ་ཐོག་མ་དེ་རེད།
➤ཉེ་ཆར། ཀྲུང་ཧྭ་ཁྱུང་མགོ་ཁུག་རྟ14ཧྥུའུ་ཅན་ཅིན་ཅང(晋江)དུ་མངོན་ཞིང་། མིག་སྔར། གོ་ལ་ཧྲིལ་པོའི་ཁྱུ་ཚོགས་ཀྱི་གྲངས་འབོར་150ཙམ་ལས་མེད་པ་རེད།
➤ཀོང་ཏུང་གི་སྐྱེས་པ་ཐེན་ཆེ་གེ་མོས་དྲ་རྒྱའི་ངོམ་སྟོན་དང་ཞེན་མི་འཕར་བའི་དམིགས་ཡུལ་བཅངས་ནས་མི་མེད་གནམ་གྲུ་གནམ་ཐང་གི་འཕུར་མི་ཆོག་པའི་ཁུལ་དུ་བཏང་ནས་ཉེས་དོན་བཀག་ཉར་བྱས་པ་རེད།
➤ཧྲན་ཞི(陕西)ཞིང་ཆེན་ཞན་དབྱང་གི་རླངས་འཁོར་གཅིག་གཞོགས་སུ་ལོག་ནས་སྣུམ་འཛག་པ་དང་། མི་བཞི་རླངས་འཁོར་ནས་ཕྱིར་འབུད་མ་ཐུབ་པར་དཀའ་ངལ་ལ་འཕྲད། ལམ་བར་གྱི་རླངས་འཁོར་གཞན་པའི་བདག་པོ་དང་འགྲུལ་པས་མཉམ་དུ་རླངས་འཁོར་དེད་ནས་ཉེན་ཁའི་གནས་ལས་བསྐྱབས།
སྲིད་ཇུས།
➤ཀན་སུའུ་ཡིས་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭས་གཟའ་འཁོར་རེར་སྐར་མ45ལས་མི་ཉུང་བའི་ཐུན་མོང་ལུས་རྩལ་སྦྱོང་བརྡར་ཐེངས་རེ་མང་དུ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
➤ཧུའུ་ནན(湖南)གྱིས་གསར་དུ་ཞིབ་དཔྱད་གཏན་འཁེལ་བྱས་པའི་ཞིང་ཆེན་རིམ་པ་དང་དེའི་ཡན་གྱི་མཚན་མོའི་རིག་གནས་གནས་སྐོར་འཛད་སྤྱོད་གཅིག་སྡུད་དཔེ་སྟོན་ཁུལ་དང་གནས་སྐོར་སྤྲོ་གསེང་ཁྲོམ་གཞུང་ཡོད་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་ལ་ནོར་སྲིད་མཐོ་ཤོས་ཀྱི་མ་དངུལ་བྱ་དགའ་སྒོར་ཁྲི50སྤྲོད་རྒྱུ་ཡིན་པ་རེད།
➤ཀུའེ་ཀྲོའུ་ཡིས་ཇུས་གཞི་བཏོན་ནས་ད་ལོའི་ཟླ3པའི་ཚེས19ཉིན་ནས་ཟླ12པའི་ཚེས31ཉིན་བར། ཞིང་ཆེན་ཡོངས་ཀྱི་གཞུང་ཁོངསAརིམ་པའི་ལྗོངས་ཁུལ་དུ“སྤ་སེ་གཅིག་ཉིན་མང་སྤྱོད་པའི་ལམ་ལུགས”ཁྱབ་གདལ་བཏང་བ་རེད།
དེ་རིང་གི་གནམ་གཤིས།
➤བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་བྱང་རྒྱུད་དང་ལྷོ་རྒྱུད། ཀན་སུའུ་ཡི་རྨ་ནུབ་དང་ནུབ་རྒྱུད། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོ། ནང་སོག་གི་ཤར་བྱང་རྒྱུད། ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ནས་འབྲིང་ཙམ་མམ་ཁ་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ནང་། བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་། སི་ཁྲོན་ནུབ་རྒྱུད་ཀྱི་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་དང་ཁྲུང་ཆིང་དབུས་ཤར་རྒྱུད། ཀུའེ་ཀྲོའུ་ཤར་རྒྱུད། ཧུའུ་ནན་བྱང་རྒྱུད། ཧུའུ་པེའི་ལྷོ་རྒྱུད་དང་ཤར་རྒྱུད། ཅང་ཤིས་བྱང་རྒྱུད། ཨན་ཧུའེ་ནུབ་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་རེད། དེའི་ནང་། ཧུའུ་ནན་གྱི་ནུབ་བྱང་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།