སློབ་གསོ་པུའུ་ཡིས་སློབ་མའི་མིག་སྲུང་བའི་ཐད་འདི་ལྟར་བཤད།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ3པའི་ཚེས25ཉིན། རྒྱལ་ཡོངས་ཀྱི་རྒྱང་འགྲིབ་སྔོན་འགོག་ཚོད་འཛིན་དྲིལ་སྒྲོག་སློབ་གསོའི་ཟླ་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་ཅི་ནན་དུ་སྤེལ་བ་དང་། སློབ་གསོ་པུའུ་ཡིས་ས་གནས་ཁག་གི་སློབ་གྲྭ་ཆུང་འབྲིང་གིས་སློབ་མའི་སློབ་གསེང་བྱེད་སྒོར་འགན་ལེན་བྱ་དགོས་པ་དང་། ཉིན་ལྟར་སློབ་གསེང་གི་སྐབས་སུ། སྐར་མ30ཡི་ལུས་རྩལ་བྱེད་སྒོ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། སློབ་མ་ཚོར་སློབ་ཕྱིའི་བྱེད་སྒོ་སྤེལ་བ་དང་མིག་གིས་རྒྱང་རིང་སར་བལྟས་ཏེ་མིག་ཤེད་སྲུང་བའི་དུས་ཚོད་མང་ཙམ་སྤྲད་དགོས་ཞེས་བསྟན།
སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་ཚོད་ལྟའི་རྫོང་དང་གྲོང་ཁྱེར། ཆུའུ་བཅས200དང་། བསྒྱུར་བཅོས་ཚོད་ལྟའི་ཁུལ63བཀོད་སྒྲིག་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་སློབ་མས་སྔ་དྲོ་དང་ཕྱི་དྲོ་མིག་སྲུང་གི་ལུས་སྦྱོང་ཐེངས་རེ་བྱ་དགོས་པ་དང་། འཛིན་གྲྭ་རེས་ཟླ་བ་རེར་མིག་ཤེད་ཐེངས་རེ་འཇལ་བ་སོགས་ཀྱི་བྱ་ཐབས་བཟུང་ནས། གཞོན་ནུ་ལོ་ཆུང་གི་རྒྱང་སྒྲིབ་སྔོན་འགོག་ཚོད་འཛིན་གྱི་འདུ་ཤེས་ཇེ་མཐོར་གཏང་རྒྱུར་ཁྲིད་སྟོན་བྱས་ཏེ། མིག་བེད་སྤྱོད་ལུགས་མཐུན་བྱེད་པའི་གོམས་གཤིས་ཆགས་པར་བྱ་དགོས་ཞེས་བསྟན། །