རྐང་ཚ་རྫོང་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་སྡེ་ཁག་གིས་ལས་བྱེད་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།
发布时间:2024年04月08日
消息来源:
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དགོན་སྡེར་བཅའ་སྡོད་ལས་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་གི་ཧྲུའུ་ཅི་ཁྲེན་ཀང་གི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་དང་འོས་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་ལས་བྱེད་པ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ཕྱོགས་བསྡུས་ལས་སྒོའི་ནུས་པ་ཤུགས་ཆེར་བཏང་སྟེ་ཆོས་ལུགས་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་སྔར་བས་འོས་མཐུན་དུ་གཏོང་ཆེད། 2024ལོའི་ཟླ་4བའི་ཚེས་2ཉིན་རྐང་ཚ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་།རྐང་ཚ་རྫོང་ཨུ་རྩ་འཛུགས་པུའུ། རྐང་ཚ་རྫོང་ཨུ་ཏང་གི་སློབ་གྲྭ་བཅས་ཀྱིས་མཉམ་འབྲེལ་སྒོས་རྐང་ཚ་རྫོང་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་སྡེ་ཁག་གི་ལས་བྱེད་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་སློབ་མ་45ཡོད་པ་དང་དུས་ཡུན་ཉིན་གཉིས་རིང་ཡིན།

ཆེད་དོན་འཆད་ཁྲིད་དང་གཅིག་སྡུད་གྲོས་བསྡུར་སོགས་ཀྱི་བྱེད་ཐབས་བརྒྱུད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང《ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོར་བཏང་ནས་རྐང་ཚའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་པ》དང་།《གསང་སྲུང་བཅའ་ཁྲིམས》།《འོས་འགན་སློབ་གསོའི་བཅའ་ཁྲིམས》།《ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས》སོགས་བརྗོད་དོན་དུ་བཟུང་ནས་སློབ་སྦྱོང་དང་སློབ་ཁྲིད་བྱས་ཏེ་དུས་སྐབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་ལས་བྱེད་པའི་བསམ་བློའི་འདུ་ཤེས་སྔར་བས་ཇེ་ཟབ་ཏུ་གཏོང་བ་དང་། དགོན་སྡེའི་དོ་དམ་ལས་དོན་ལ་ཤུགས་རྒྱག་པ། ཆོས་ལུགས་ལས་དོན་འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་ལས་བྱེད་པ་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་སྲིད་ཇུས་རིགས་པའི་གཞུང་ལུགས་ཆུ་ཚད་མཐོ་རུ་བཏང་ནས་ཕྱོགས་བསྡུས་ལས་སྒོའི་ནུས་པ་དང་རྙོག་འཛིང་ཆེ་བའི་རྣམ་པར་ཁ་གཏད་གཅོག་པའི་ནུས་པ་མཐོ་རུ་བཏང་།

ཐེངས་འདིས་གསོ་སྦྱོང་འཛིན་གྲྭ་ནི་རྫོང་ཨུ་ཏང་གི་སློབ་གྲྭས་སློབ་མའི་ཉལ་ཁང་དང་སློབ་མའི་ཟ་ཁང་རིམ་སྤོར་སྒྱུར་བཀོད་བྱས་རྗེས་ཀྱི་གསོ་སྦྱོང་ཐོག་མ་ཡིན་ལ། སློབ་ཁང་གི་སྒྲིག་སྲོལ་ཚད་ལྡན་ནན་པོ་བྱ་ཆེད།སློབ་ཁང་ནང་དུ“འཛིན་གྲྭའི་ལག་ཁྱེར་ཁ་པར་ཁུག་མ”བཀལ་ཡོད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་རྫོང་ཨུ་ཏང་གི་སློབ་གྲྭས་ཁུལ་ཨུ་དང་རྫོང་ཨུ་བྱ་བའི་བླང་བྱ་གཞིར་བཟུང་ནས་སློབ་ཁྲིད་ཀྱི་དགོས་མཁོར་ཞིབ་འཇུག་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་ཅུས་སོགས་སྡེ་ཚན་དང་མཉམ་འབྲེལ་སྒོས་ཇུས་འགོད་ཞིབ་ཚགས་དང་སློབ་མའི་གསོ་སྦྱོང་དོ་དམ་གྱི་བླང་བྱ་གནད་དུ་སྨིན་པ་བཟོས་ནས་རྫོང་ཨུ་ཏང་གི་སློབ་གྲྭར་གསོ་སྦྱོང་བྱེད་རིང་བཟའ་སྡོད་བློ་བདེ་བ་དང་སློབ་སྦྱོང་ལ་ཕན་འབྲས་ཐོབ་པར་འགན་ལེན་བྱས་ཡོད།

ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་དེ་དུས་ཐེངས་དང་པོར་ཏང་གི་སློབ་གྲྭར་གཞི་གཅིག་ཅན་གྱི་དོ་དམ་བྱེད་པའི་འཛིན་གྲྭ་ཞིག་ཡིན་པའི་ངོས་ནས་ཏང་གི་སློབ་གྲྭའི་ལས་དོན་ཁག་ལ་ཚོད་ཞིབ་བྱས་ཡོད། ཐེངས་རྗེས་མར་རྫོང་ཨུ་ཏང་གི་སློབ་གྲྭས་ཐེངས་འདིའི་གསོ་སྦྱོང་གོ་སྐབས་སུ་བཟུང་ནས་ཏང་གི་སློབ་གྲྭས་ཏང་གི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་ཐབས་འདོན་ཇུས་འབུལ་བྱེད་པ། ཐོག་མའི་སེམས་འདུན་མུ་མཐུད་དུ་འདོན་སྤེལ་བྱས་ཏེ་སློབ་ཁྲིད་བྱེད་སྟངས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གསོ་སྦྱོང་གི་སྒྲིག་ཁྲིམས་ནན་དུ་གཏོང་བ། དོ་དམ་ཚད་ལྡན་ཅན་དུ་གཏོང་བ། གཞན་ཡང་ཏང་གི་སློབ་གྲྭས་སློབ་སྒྲུབ་སྤུས་ཚད་ཡར་སྐུལ་བྱས་ཏེ་སློབ་མ་ཚོར་སློབ་སྦྱོང་སྐབས་སུ་འཚོ་བའི་འགན་སྲུང་ཞིབ་ཚགས་སུ་གཏོང་རྒྱུ་རེད།