རྐང་ཚས་ཡུལ་སྐོར་ལ་གསོན་ཤུགས་བསྩལ་ཏེ་གྲོང་གསེབ་དར་སྤེལ་གྱི་ལེའུ་གསར་བ་བྲིས།

རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་བསྣན་ནས་འགན་འཁྲི་དོན་འཁྱོལ་དམ་འཛིན་བྱས་པ། མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་སྐྲུན་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། སྐུལ་སློང་ཚོགས་འདུ་དང་ཆེད་དོན་ཚོགས་འདུ་སོགས་ཐེངས10ལྷག་འཚོགས། ལས་ཀའི་ཆེད་དོན་འཛིན་གྲྭ་དང་བཀོད་གཏོང་བརྡ་ཁྱབ། ལྟ་ཞིབ་ལམ་སྲོལ་སོགས་གསར་དུ་བཙུགས་ནས་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ལས་ཀའི་ཆེད་དོན་འཛིན་གྲྭར་སྣེ་ཁྲིད་ཅིང་། ཡུལ་ཚོ་དང་གྲོང་རྡལ་གྱིས་གཅིག་གྱུར་འཆར་འགོད་སྒོས་སྡེ་བའི(གཞིས་ཁུལ)ཐུན་མོང་དོ་དམ་གྱི་ལས་ཀའི་རྣམ་པ་ཞིག་ཆགས་སུ་བཅུག་ཡོད། དེ་དང་ཆབས་ཅིག་སྡེ་བའི་ཨུ་ལྷན་གྱི་འགན་འཁུར་བ་ཚན་གཙོ་བྱས་ཏེ་རྒྱལ་གཅེས་འཕྲོད་བསྟེན་ལས་དོན་འགོ་ཁྲིད་ཚན་ཆུང་བཙུགས་ནས་ཞིང་ཆེན་རིམ་པའི་འཕྲོད་བསྟེན་གྲོང་ཚོ་དང་བདེ་ཐང་གྲོང་ཚོ་གསར་སྐྲུན་བྱས་ཏེ། སྡེ་བ31གིས“སྲོག་ཤིང་གཅིག་དང་རུ་ཁག་ལྔ”ཡི་ལས་དོན་དང་ཟུང་འབྲེལ་གྱིས་མཚོ་སྐོར་ལམ་རྒྱུད་ཀྱི་གྲོང་ཚོའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་སྤེལ་ནས་འཕྲོད་བསྟེན་ལ་དགའ་བའི་བྱེད་སྒོ་སྤེལ་ནས། ཁོར་ཡུག་བཅོས་སྐྱོང་བྱ་བ་དོན་འཁྱོལ་དང་ཕན་འབྲས་དངོས་ཐོབ་ལ་བརྩོན་ལེན་བྱས།
འགན་འཁྲིའི་འགན་ལེན་ལ་ཤུགས་བསྣན་ནས་ཁོར་ཡུག་བཅོས་སྐྱོང་དམ་འཛིན་བྱས་པ། རྫོང་དང་ཡུལ་ཚོ། སྡེ་བ་དང་གཞིས་ཁུལ་བཅས་ཀྱིས་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་རིམ་པ་ལྔའི་མཉམ་འགུལ་སྒྲིག་གཞི་བཙུགས་ཏེ། མཁར་གྲོང་དོ་དམ་ཞབས་ཞུ་སྣུར་སྲིང་བྱས་ནས། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཞིང་སྡེ་ཁོར་ཡུག་གཙང་སྦྲ་བྱ་ཡུལ་ཁྱོན་ཡོངས་ནས་བཅོས་སྐྱོང་བྱས་ལ། འགྱིག་འགོག་དང་གད་སྙིགས་སོགས་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དྲ་མིག་ཅན་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་ཁུལ31གསར་དུ་བཙུགས་པ་མ་ཟད། ཡུལ་ཚོ་དང་གྲོང་རྡལ་གྱི་གཙང་སྦྲ་རུ་ཁག་ལྔ་དང་སྡེ་བ་རིམ་པའི་རུ་ཁག31གིས་མི་རེར་ལམ་དུམ་རེར་ཁག་བགོས་དང་ལས་གནས་རེར་འགན་འཁྲི་རེར་ནན་འབེབས་སྒོས། གཙང་སེལ་གསུམ་དང་བཅོས་སྒྲིག་གསུམ་གྱི་བྱ་བར་ཟུང་འབྲེལ་གྱིས་ཁྱོན་ཡོངས་གད་སྙིགས་མེད་ཅིང་། གཙང་བོ་དང་མཚོའུ་འགན་སྲུང་སྒོས་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་སྒྲིག་བཅོས་སོགས་ཀྱི་བྱེད་སྒོ་སྤེལ་ཏེ། རྒྱལ་ལམ་གྱི་ལམ་རྒྱུད་དང་གཙང་བོའི་བཞུར་རྒྱུན། མཚོ་འཁོར་ལམ་ཐིག ལྗོངས་ཁུལ་མཁའ་འཁོར། མི་མང་འདུ་ས་སོགས་གནད་ཆེ་སར་དོ་དམ་ནུས་ཤུགས་རྒྱ་སྐྱེད་དང་ཁོར་ཡུག་བཅོས་སྐྱོང་ནན་མོ་བྱས་པ་རེད། སྡོམ་རྩིས་ལྟར་ན། ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱེད་སྒོ་ཐེངས200ལྷག་སྤེལ་ནས་འཚོ་བའི་གད་སྙིགས་ཏུན350ལྷག་དང་འཛུགས་སྐྲུན་གད་སྙིགས་ཏུན128གཙང་སེལ་བྱས་པ་དང་། ལུགས་འགལ་སྲོལ་འགལ་གྱི་ལྕགས་དྲ་སྨི་ཁྲི5ལྷག་བཤིག་པ་དང་། ལྕགས་དྲ་སྨི2500བརྗེ་སོར་བྱས་ཏེ་ཁྱོན་ཡོངས་ནས་རྫོང་ཁོངས་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཆུ་ཚད་མཐོ་རུ་བཏང་།
མ་དངུལ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་བྱས་པ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་མཚོ་སྐོར་གྱི་ཡུལ་ཚོ་དང་གྲོང་རྡལ་གྱི་ཁོར་ཡུག་བཅོས་སྒྲིག་གི་བྱ་བའི་གནད་དུ་བཟུང་སྟེ། སྒོར་དུང་ཕྱུར1.27བཏང་ནས་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་བའི་ལས་གྲྭའི་ལས་འགན་ཁྱིམ་ཚང800དང་། ཡོམ་འགོག་སྒྱུར་བཀོད་དང་ཉེན་ཁང་སྒྱུར་བཀོད་ལས་གྲྭའི་ཁྱིམ་ཚང43 དཔལ་དགེའི་ཆུ་འགོ་གཉིས་པ་དང་ས་འོག་སྦུག་ལམ་ལས་གྲྭ། ཡུལ་ཚོ་དང་གྲོང་རྡལ་བཞི་ཡི་སྲ་འགྱུར་ཟེག་ལམ་སོགས་ཇེ་ལེགས་སུ་བཏང་བ། མཚོ་སྐོར་གྱི་ཡུལ་ཚོ་དང་གྲོང་རྡལ་བཅས་ཀྱི་བཙོག་ཆུའི་སྦུག་ལམ་སྤྱི་ལེ18དང་བཙོག་ཆུ་གཙང་སེལ་ས་ཚིགས3གསར་སྐྲུན་བྱས་ལ། ཁྱོན་མ་དངུལ་སྒོར་ཁྲི2895.5བཏང་སྟེ་མཐོ་སྒང་གི་མཛེས་པའི་གྲོང་རྡལ3འཛུགས་སྐྲུན་བྱས་ཤིང་། གྲོང་གསེབ་དར་སྤེལ་ཚོད་ལྟའི་གྲོང་ཚོ3སོགས་གྲོང་ཚོ་འཛུགས་སྐྲུན་གྱི་ལས་འགན་ལག་བསྟར་བྱས་པ་རེད། དེ་དང་ཆབས་ཅིག་གསང་སྤྱོད་གསར་བརྗེར་སྐུལ་འདེད་གཏིང་ཟབ་བཏང་ནས་མ་དངུལ་སྒོར་ཁྲི107.4བཏང་སྟེ་ཁྱིམ་ཚང100ཡི་གསང་སྤྱོད་གསར་སྐྲུན་དང་གནད་དོན་བསྒྱུར་བཅོས་བྱས་པའི་གསང་སྤྱོད470བཅོས་སྒྲིག་བྱས་པས་རྨང་གཞིའི་སྒྲིག་བཀོད་ཀྱི་སྤྱིའི་ཆུ་ཚད་འཕེལ་རྒྱས་སུ་ཕྱིན་འདུག