རྒྱལ་སྤྱིའི་འགྲན་རའི་ཐོག་ཏུ་མཚོ་སྔོན་བུ་མོས་འབྲས་བཟང་བླངས།
ཆོས་དབྱིངས་སྐྱིད་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཐོབ་ཐང་བླངས།
发布时间:2024年04月24日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས།  མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཞིང་ཆེན་ལུས་རྩལ་ཅུས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ4པའི་ཚེས21ཉིན། ཐུར་ཁེའི་ཨན་ཐ་ལི་ཡ་ནས་འཚོགས་པའི2024ལོའི་འཛམ་གླིང་འདུར་རྒྱུག་འགྲན་སྡུར་གྱི་ཚོགས་པའི་གཟེངས་རྟགས་འགྲན་སྡུར་ཁྲོད་མཚོ་སྔོན་རུ་ཁག་གི་ལུས་རྩལ་པ་ཅི་ཧའེ་དབྱིན་གྱིས་ཆུ་ཚོད1དང་སྐར་མ30སྐར་ཆ08ཀྱི་གྲུབ་འབྲས་ཐོག་ནས་མི་སྒེར་གྱི་ཨང་དྲུག་པ་བླངས་ཤིང་། རྒྱུག་རོགས་མ་ཀྲིན་ཞ(མི་སྒེར་གྱི་ཨང་གཉིས་པ)དང་། ཧྲི་ཡུས་ཞ(མི་སྒེར་གྱི་ཨང་བདུན་པ)དབྱིན་ལ་མེ། ཕེང་ལི་བཅས་དང་མཉམ་དུ་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ནས་རྣམ་གྲངས་དེའི་ཚོགས་པའི་ཨང་དང་པོ་བླངས།  

图片

འགྲན་སྡུར་ཁྲོད་ཀྱི་ཅི་ཧའེ་དབྱིན།

图片

འགྲན་བསྡུར་དེ་ནི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་སྔོན་གྱི་འཛམ་གླིང་གི་ཚད་གཞི་མཐོ་ཤོས་ཀྱི་འགྲན་སྡུར་ཞིག་ཡིན་ཞིང་། ཅི་ཧའེ་དབྱིན་དང་རུ་མི་ཚོས་འགྲན་རའི་ཐོག་མཐུན་སྒྲིལ་ཡར་བརྩོན་བྱས་ཏེ་འཛམ་གླིང་གི་འགྲན་སྡུར་ཆེན་མོའི་ཁྲོད་ཕུལ་དུ་བྱུང་བའི་གྲུབ་འབྲས་བླངས་ནས་མེས་རྒྱལ་ལ་གཟི་བརྗིད་བརྩོན་ལེན་དང་མཚོ་སྔོན་ལ་གཟི་བརྗིད་བསྩལ་ཡོད།