རྐང་ཚས་ཧྲན་ཏུང་གི་རོགས་སྐྱོར་རྣམ་གྲངས་བསྐྱར་ལས་བྱེད་འགོ་བརྩམས།
发布时间:2024年04月25日 消息来源:


རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད།ཡོང་ཁུངས། ཞིན་ཧྭ་དྲ་བ།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཡུལ་དངོས་སུ་ཤོག་སྦག་གི་སྒྲ་དང་ས་རྐོ་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་མཚོ་སྔོན་པོའི་མཚོ་ཆུ་བྲུགས་པའི་ས་ཁུལ་གྱི་ཞིང་འབྲོག་པའི་སྡོད་ཁང་གནས་སྤོ་བྱེད་སའི་ལས་གྲྭའི་ཚད་གཞི་སྐོར་ཞིག་དངོས་སུ་བསྐྱར་ལས་བྱེད་འགོ་བརྩམས།  

རྣམ་གྲངས་དེར་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི6310བཏང་བ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4083.68ཡོད་ལ།མང་ཚོགས་ཁྱིམ་ཚང192ལ་ཕན་ཁེ་ཐོབ་ཡོད། དེའི་ནང་དུས་ཐེངས་དང་པོར་སྒོར་ཁྲི2000ཧྲན་ཏུང་གི་རོགས་སྐྱོར་མ་དངུལབཏང་ནས་སྡོད་ཁང་ཐོག་བརྩེགས་ཁང་ཤར4(ཁང་ཤར5བ་དང6པ།7པ།8པ་བཅས)དུད་ཁྱིམ64ལ་བསྐྲུན་རྒྱུ་དང་།དུས་ཐེངས་གཉིས་པར་སྒོར་ཁྲི4310བཏང་ནས་སྡོད་ཁང་ཐོག་བརྩེགས་ཁང་ཤར6དུད་ཁྱིམ128བསྐྲུན་རྒྱུ་རེད། ཆུ་གཏོང་བཟོ་སྐྲུན་དང་དྲོད་ལེན་བཟོ་སྐྲུན།གློག་ཤུགས་བཟོ་སྐྲུན་སོགས་མ་ལག་ཚང་མ་ལག་བསྟར་བྱས་ཚེ་རྐང་ཚ་རྫོང་གི་མཚོ་སྐོར་འགྲམ་རྒྱུད་ཀྱི་ཞིང་འབྲོག་པའི་སྡོད་ཁང་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་ཞིང་འབྲོག་པའི་འཚོ་བའི་ཁོར་ཡུག་དང་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་ཐུབ།  

  རྣམ་གྲངས་དེ་ནི་རྐང་ཚའི་ཧྲན་ཏུང་གི་རོགས་སྐྱོར་རྣམ་གྲངས་ལས་སྐྲུན་དུས་ཚིགས་སུ་བསྐྱར་ལས་བྱེད་པའི་བསྡུས་རིས་ཤིག་ཡིན། དུས་མཚུངས་སུ་བསྐྱར་ལས་བྱེད་པར་ད་དུང་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་སྦི་རག་བསྙལ་རྒྱུ་དང་། སྦྲ་གུར་སྒར་སར་དུས་ཐེངས་གཉིས་པའི་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་ས་ཚིགས།གཡུ་དཀར་འོམ་ལུང་ཡུལ་ཚོའི་ཡལ་ཤུལ་སྡེ་བར་སྐྱེ་ཁམས་ཕྱུགས་ལས་གཅིག་སྡུད་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཡོད། བསྐྱར་ལས་བྱེད་པའི་རྣམ་གྲངས་གསུམ་ནི་དུས་ཡུན་ལོ་གཉིས་ཀྱི་རྣམ་གྲངས་ཡིན་པ་དང་མིག་སྔར་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་གྱི་མྱུར་ཚད་ལ་སྐུལ་འདེད་བཏང་ནས་ཡུལ་སྐོར་དུས་ཚིགས་མ་ཐོན་གོང་ལ་ཕན་འབྲས་འདོན་སྤེལ་བྱ་བར་བརྩོན་ལེན་བྱེད་ཀྱིན་ཡོད།  

 ད་ལོར་རྫོང་ཡོངས་སུ་ཧྲན་ཏུང་གི་རོགས་སྐྱོར་འཛུགས་སྐྲུན་ཁག9ལག་བསྟར་བྱས་པར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར1.24བཏང་བ་དང་།ལོ་རེའི་འཆར་གཞི་ལ་སྒོར་ཁྲི5250བཏང་བ་དེའི་ནང་ཞིང་འབྲོག་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད།སྐྱེ་ཁམས་བཅོས་སྐྱོང་ཉམས་གསོ།ཞིང་འབྲོག་པའི་མང་ཚོགས་བཀོད་སྒྲིག་སོགས་ཀྱི་ཁྱབ་ཁོངས་ཚུད་ཡོད་པས་ཤུགས་ཚད་ཆེ་བ་དང་ཁྱབ་ཁོངས་རྒྱ་ཆེ་བ།ཕན་འབྲས་བཟང་བོ་བཅས་མངོན་ཡོད། རྐང་ཚ་རྫོང་གིས་ན་ནིང་ལོ་མཇུག་ནས་བཟུང་སྔོན་ལ་བཀོད་སྒྲིག་བྱས་ཏེ་ལས་ཡུན་ལྡོག་པའི་འཆར་གཞི་བཟོས་ནས་ལས་འགོ་འཛུགས་རྒྱུའི་རྣམ་གྲངས་ཀྱི་དུས་འགོའི་འགྲོ་ལུགས་གཉེར་བར་ལྟ་སྐུལ་མཛུབ་ཁྲིད་ནན་མོ་བྱས་ཏེ་འདི་ལོའི་ལོ་འགོར་མཐུན་སྦྱོར་ཚོགས་འདུ་ཐེངས་མང་བོར་འཚོགས་ནས་ལས་འགོ་འཛུགས་རྒྱུའི་རྩ་བའི་གནད་དོན་ཐག་གཅོད་བྱས་ཏེ་མཐོ་སྒང་གི་རྩ་ཆེའི་ལས་འགོ་འཛུགས་རྒྱུའི་དུས་ཚིགས་ཉིན་གཅིག་ཀྱང་འཕྲོ་བརླག་ཏུ་མི་འགྲོ་བར་རོགས་སྐྱོར་འཛུགས་སྐྲུན་རྣམ་གྲངས་ཚང་མ་བདེ་བླག་ངང་ལས་འགོ་འཛུགས་ཐུབ་པའི་ཁག་ཐེག་བྱས། 

 ལེའོ་ཁྲིན་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ།ལེའོ་ཁྲིན་གྲོང་ཁྱེར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པའི་དོ་དམ་ཚོ་ཆུང་གི་མགོ་གཙོ་སུང་ཅན་ཏེ་ཡིས་བསྟན་དོན། ལེའོ་ཁྲིན་གྲོང་ཁྱེར་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་དོ་དམ་ཚོ་ཆུང་གིས་ཧྲན་ཏུང་དང་མཚོ་སྔོན་ས་གནས་གཉིས་ཀྱི་ཏང་ཨུའི་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་སྟེ། ས་གནས་དེ་གའི་ལས་བྱེད་མང་ཚོགས་དང་མཉམ་དུ་ལངས་ནས་མཉམ་དུ་བསམ་བློ་གཏོང་བ་དང་མཉམ་དུ་ལས་ཀ་བྱེད་པ་བཅས་བྱས་ཏེ་ལོ་རེའི་རོགས་སྐྱོར་རྣམ་གྲངས་ཚང་མ་ལས་འགོ་བཙུགས་ནས་ལོ་ཧྲིལ་བོའི་རྣམ་གྲངས་འཛུགས་སྐྲུན་ལ་རྨང་གཞི་བརྟན་པོ་གདིང་དགོས་ཞེས་བསྟན།