གསར་འགྱུར་གལ་ཆེན།
发布时间:2024年04月29日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  • ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཁང་གིས་བསྒྱུར་བའི《ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”སྐོར་གླེང་བ(2023ལོའི་པར་གཞི)》ཞེས་པའི་དཔེ་དེབ་ཀྱི་དབྱིན་ཡིག་པར་གཞི་འདི། ཉེ་ཆར། ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས། རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས།

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར339ཡིPM2.5ཡི་ཆ་སྙོམས་གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ43ཡིན་པ་དང་། དུས་མཚུངས་ལས6.5%མར་ཆག་ཡོད།

01.jpg

  • ཚེས28ཉིན། ཧྲེན་ཀྲོའུ་ཨང་བཅུ་བདུན་པ་དང་ཧྲེན་ཀྲོའུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་ཚོགས་ཆུང་གཉིས་ཀྱིས་འཁོར་ལམ་ཐོག་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྤེལ། ཧྲེན་ཀྲོའུ་ཨང་བཅུ་བདུན་པ་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་ཚེས30ཉིན་ཏུང་ཧྥེང་ཐང་འབབ་གནས་ལ་ཕྱིར་ལོག་བྱ་རྒྱུ་རེད།

  • ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཟླ3པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཞིབ་བཤེར་ཐག་གཅོད་བྱས་པའི་ཕྱོགས་བསྡུས་གནས་ཚུལ་ཡོངས་བསྒྲགས་བྱས།

  • ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་འཁྱག་སྦྲེལ་ཟོག་འགྲེམས་ལས་རིགས་ཀྱི་དགོས་མཁོའི་སྡོམ་འབོར་ཏུན་དུང་ཕྱུར1.16ཡིན་པ་དང་། དུས་མཚུངས་ལས5.2%འཕར་ཡོད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་དང་། མཁོ་སྒྲུབ་དོ་དམ་པུས་ཚེས28ཉིན་ཚོགས་འདུ་འཚོགས་ནས། རྒྱལ་ཡོངས་ཀྱི་གློག་སྒུལ་རྐང་འཁོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་འབྲེལ་ཐག་ཧྲིལ་པོར་བཅོས་སྒྲིག་བྱ་སྤྱོད་སྤེལ་རྒྱུ་བཀོད་སྒྲིག་བྱས།

  • ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་ཉེ་ཆར་བརྡ་ཐོ་བཏང་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་དུས་ཡུན་ཟླ་བ2རིང་གི“ཁྲིམས་འགལ་ཆ་འཕྲིན་གྱི་ཕྱི་རོལ་སྦྲེལ་ཐག་ལ་རྡུང་རྡེག་གཏོང་བའི”ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་ཡོད།

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བསྟན་དོན། ནད་ཡམས་ཞིབ་བཤེར་གྱི་བླང་བྱ་དང་མཐུན་པའི་ཐའེ་ཝན་ཝུན་ཏན་ཡིའུ(文旦柚)སོགས་ཞིང་ལས་དང་ཉ་ལས་ཐོན་རྫས་ནང་ལོག་ཏུ་ནང་འདྲེན་བྱ་རྒྱུའི་ཆོག་མཆན་སྤྲོད་རྒྱུ།

  • ས་གནས་དེ་གའི་དུས་ཚོད་ཚེས28ཉིན། ཅ་ཧྲ(加沙)ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཁག་གིས་གསལ་བསྒྲགས་སྤེལ་ནས། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ་བར་གྱི་འགལ་བ་ལས་ཅ་ཧྲ་ས་ཁུལ་གྱི་མི34454རྐྱེན་ལམ་དུ་ཤོར་ཡོད་ཟེར།

སྤྱི་ཚོགས།

02.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཚེས28ཉིན་དྲག་ཆར་གྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས28ཉིན་གྱི་ཆུ་ཚོད20ནས་ཚེས29ཉིན་གྱི་ཆུ་ཚོད20བར། ཧུའུ་པེ་དང་ཧུའུ་ནན། ཅང་ཞི། སི་ཁྲོན། ཁྲུང་ཆིང་། ཀུའེ་ཀྲོའུ། ཀོང་ཏུང་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་རེད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། རང་རྒྱལ་གྱི་དྲ་རྒྱའི་རྩོམ་རིག་སྤྱོད་མཁན་དུང་ཕྱུར5ལས་བརྒལ་བ་དང་། བརྩམས་ཆོས་སྡོམ་འབོར་ཁྲི3000ལས་བརྒལ་ཡོད།

  • ཚེས28ཉིན། ཀྲུའུ་ཅང(珠江)གཙང་པོ་བཞུར་རྒྱུན་གྱི་ཧན་ཅང(韩江)ལ་ད་ལོའི་ཆུ་ལོག་ཨང3པ་ཐོན་པ་དང་། ཆུ་བེད་པུས་ཆུ་ལོག་འགོག་སྲུང་རིམ་པའི་འཕྲལ་སྡོམ་དང་ལེན་བྱས།

03.jpg

  • ཚེས28ཉིན། ལི་ཅ་མན(李佳蔓)དང་། ཨན་ཆི་ཞོན།(安琦轩) དབྱང་ཞའོ་ལེ(杨晓蕾)བཅས་པའི་ཀྲུང་གོའི་རུ་ཁག་གིས་རྒྱལ་སྤྱིའི་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས་ཀྱི་འཛམ་གླིང་བུམ་པའི་མདའ་འཕེན་འགྲན་བསྡུར་གྱི་བུད་མེད་ཐུན་མོང་གི་རྟིང་རྩོད་འགྲན་སྡུར་ཁྲོད་བསྡུར་གྲངས6:2ཐོག་ནས་ཧན་གོའི(韩国)རུ་ཁག་ལས་རྣམ་པར་རྒྱལ་ཏེ་གསེར་གྱི་རྟགས་མ་ཐོབ།

04.jpg

  • ཚེས28ཉིན། རང་རྒྱལ་གྱི་འདེད་ཤུགས་ཆེ་ཤོས་ཀྱི་ཏུན130གཤེར་དབྱང་སོལ་སྣུམ་སྒུལ་བྱེད་འཕྲུལ་འཁོར་གྱིས་འཕྲུལ་འཁོར་བཞི་མཉམ་འབྲེལ་མེ་སྤར་བའི་ཚོད་ལྟ་ལེགས་གྲུབ་བྱུང་བ་དང་། སྒུལ་བྱེད་འཕྲུལ་འཁོར་གྱི་སྤྱིའི་འདེད་ཤུགས་ཏུན500ལས་བརྒལ་ཡོད།

  • ཟླ་གསུམ་པ་ནས་བཟུང་། ཀན་སུའུ་ཐེན་ཧྲུའེ(天水)གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་གནས་སྐོར་བ་མི་ཐེངས་ཁྲི992ལ་སྣེ་ལེན་བྱས་པ་དང་། གནས་སྐོར་གྱི་འཛད་སྤྱོད་སྒོར་དུང་ཕྱུར57.5མངོན་འགྱུར་བྱུང་ཡོད་།

05.jpg

  • ཧྲན་ཏུང་ལའེ་དབྱང(莱阳)ནས་འབྲུག་སྒོང(恐龙)་གི་སྒོ་ང་གསར་པའི་རིགས་རྙེད་པ་དང་། གནའ་བོའི་སྐྱེ་དངོས་ཞིབ་འཇུག་མི་སྣས་དེར“དབྱིབས་འགྱུར་སྒོང་”ཞེས་མིང་བཏགས།

  • ཀྲེ་ཅང་ཉེན་རྟོག་ཕྱོགས་ཀྱིས་ཉེ་ཆར་བརྩམས་ཆོས་ཀྱི་བདག་དབང་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཚབས་ཆེན་རབ་དང་རིམ་པ་རྩད་ཆོད་པ་དང་། པར་གཞི་རྐུ་སྤྱོད་བྱས་པའི་དཔེ་དེབ་ཁྲི་180ལྷག་ཙམ་རྩད་ཆོད། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་ཙམ་ཟིན་ལ། དཔེ་དེབ་ཀྱི་ཐོན་ལས་ངན་པ་མང་པོ་ཞིག་མེད་པར་བཟོས།

སྲིད་ཇུས།

  • ཅི་ལིན་གྱིས་བྱ་ཐབས་བཏོན་ནས། མཐར་ཕྱིན་ནས་ལོ་ལྔའི་ནང་དུ་ཅི་ལིན་ནས་ལས་ཞུགས་ལས་གཏོད་བྱེད་མཁན་གྱི་སློབ་ཆེན་སློབ་མར། ཚོང་ཟོག་སྡོད་ཁང་ཐོག་མར་ཉོ་སྐབས། འབུམ་རམས་པ་དང་རབ་འབྱམས་པ། དངོས་གཞི་བཅས་ལ་སོ་སོ་སྒོར་ཁྲི8དང་། སྒོར་ཁྲི5 སྒོར་ཁྲི3བཅས་ཀྱི་ཚད་གཞི་ལྟར་ཐེངས་གཅིག་ནང་ཁང་པ་ཉོ་བའི་ཁ་གསབ་སྤྲོད་རྒྱུ།

  • ཧེ་ལུང་ཅང་གིས་བསམ་འཆར་པར་འགྲེམས་བྱས་ནས། ཁེ་ལས་ཆུང་ཕྲན་ཐོག་མར་བཙུགས་པའམ་ཡང་ན་ཁེར་རྐྱང་གཉེར་སྐྱོང་བྱེད་མཁན་དང་། ཐོ་འགོད་བྱས་པའི་ཉིན་ནས་བཟུང་རྒྱུན་གཏན་གཉེར་སྐྱོང་བྱས་ནས་ལོ1ཡན་འགོར་བའི་ལས་ཞུགས་ལ་དཀའ་ངལ་ཡོད་པའི་མི་སྣར་མི་རེར་ཐེངས་གཅིག་རང་བཞིན་གྱི་ལས་གཏོད་ཁ་གསབ་སྒོར3000ལས་མི་དམའ་བ་སྤྲོད་རྒྱུ།

  • སི་ཁྲོན་ཁྲེང་ཏུའུ་ཡིས་ས་ཁང་བདག་ཁོངས་ཁྲོམ་རའི་སྲིད་ཇུས་སྔར་བས་ལེགས་སུ་བཏང་ནས། གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་ནང་གི་སྡོད་ཁང་ཉོ་ཚོང་བྱེད་སྐབས་ཁང་པ་ཉོ་བའི་ཐོབ་ཐང་ལ་ཞིབ་བཤེར་བྱ་རྒྱུ་མིན།

དེ་རིང་གི་གནམ་གཤིས།

06.jpg

  • ཀན་སུའུ་ཡི་ལྷོ་རྒྱུད་དང་། ཧྲའན་ཞིའི་བྱང་རྒྱུད། ཧྲན་ཞིའི་བྱང་རྒྱུད། ཧོ་པེ་ཡི་བྱང་རྒྱུད། པེ་ཅིང་གི་བྱང་རྒྱུད། ཅང་ཧན་གྱི་ལྷོ་རྒྱུད། ཅང་ནན་གྱི་དབུས་ལྷོ་རྒྱུད། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཀོང་ཞི་ཡི་བྱང་ཤར་རྒྱུད། ཀོང་ཏུང་གི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་། ཧུའུ་ནན་གྱི་ཤར་ལྷོའི་རྒྱུད་དང་ནུབ་རྒྱུད། ཅང་ཞི་ཡི་ལྷོ་ནུབ་རྒྱུད། སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད། ཁྲུང་ཆིང་གི་དབུས་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་བྱང་རྒྱུད། ཀོང་ཏུང་གི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།