འདུར་རྒྱུག་མཁན་པད་མ་སྒྲོལ་མས་རྒྱལ་ཡོངས་ཀྱི་ཨང་དང་པོ་བླངས་འདུག
发布时间:2024年05月22日
消息来源:
རྩོམ་སྒྲིག ཚེ་གཟངས་སྐྱིད། ཡོང་ཁུངས། བོད་ལྗོངས་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
སྤྱི་ལོ2024ལོའི་རྒྱལ་ཡོངས་ཀྱི་འདུར་རྒྱུག་ཨང་དང་པོའི་ཐག་གཅོད་འགྲན་སྡུར་སྤྱི་ཟླ5པའི་ཚེས18ནས19བར་ཨན་ཧུས་ཧོང་ཧྲན་དུ་སྤེལ་ཞིང་། བོད་ཀྱི་ལུས་རྩལ་པ14འགྲན་སྡུར་ནང་ཞུགས།
འགྲན་སྡུར་ཚ་ཚ་འུར་འུར་ངང་སྤེལ་བ་བརྒྱུད། བོད་ཀྱི་ལུས་རྩལ་པ་པད་མ་སྒྲོལ་མས་རྒྱུགས་ཡུན་སྐར་མ47དང་སྐར་ཆ24གྱི་རྒྱུགས་འབྲས་ཡིས་བུད་མེད་གཞོན་ནུ་ཚོགས་ཆུང་གི་སྤྱི་ལེ་བཅུའི་འགྲན་སྡུར་གྱི་ཨང་དང་པོ་བླངས།