མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས70ལྷག་མཚོ་བྱང་འགྲན་ཁུལ་དུ་མངོན་རྒྱུ།
发布时间:2024年05月27日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


“མཐོ་སྒང་རྐང་གྲུག་འགྲན་ཚོགས”སུ་ཞིང་ཕྱུགས་ཆས་རྟགས་ཀྱི་གཏམ་རྒྱུད་ཡག་པོ་བཤད་རྒྱུར་རོགས་རམ་བྱ་ཆེད། མཚོ་བྱང་ཁུལ་གྱིས“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོ”ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་སྣེ་ཁྲིད་དུ་བྱས་ནས་ཆས་རྟགས་འགྲེམས་སྟོན་གྱི་བཀོད་པ་དང་། འོས་སྦྱོར་བྱེད་སྟངས་ཇེ་ལེགས་སུ་བཏང་ནས་མཚོ་བྱང་ཞིང་ཕྱུགས་ཆས་རྟགས་ཀྱི་སྣ་མང་རང་བཞིན་དང་དམིགས་བསལ་རང་བཞིན། ཉམས་ལེན་རང་བཞིན་བཅས་ནུས་ཤུགས་ཡོད་རྒུས་མངོན་པར་བྱས་ཏེ་ཆས་རྟགས་ཀྱི་སྙན་པ་དང་ཡིད་དབང་འགུག་ཤུགས་ཆེ་རུ་བཏང་། ཐེངས་འདིའི་འགྲན་ར་གཙོ་བོ་མཚོ་བྱང་འགྲན་ཁུལ་དུ་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཁེ་ལས34འགྲེམས་སྟོན་ནང་ཞུགས་པ་དང་རྒྱལ་ཁབ་རིམ་པའི་སྣེ་འདྲེན་ཁེ་ལས2དང་། ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས4། ཁུལ་རིམ་པའི་སྣེ་འདྲེན་ཁེ་ལས7བཅས་ཡོད། ཐོན་རྫས་ཀྱི་ཁྱོན་སྡོམ་རིགས74དང་ཐོན་རྫས་ཁ་གྲངས356ཡོད། དེའི་ཁྲོད་སྦྲང་རྩིའི་ཐོན་རྫས་སྣ་ཁ14དང་ཁ་གྲངས70ཡོད། ནས་དང་པད་ཁའི་ལས་སྣོན་ཐོན་རྫས་རིགས5དང་ཁ་གྲངས11ཡོད། བཟའ་བྱའི་ཤ་མོའི་རིགས8དང་ཁ་གྲངས26ཡོད། ནས་ཆང་རིགས3དང་ཁ་གྲངས30ཡོད། འོ་བཟོས་ཐོན་རྫས་རིགས4དང་ཁ་གྲངས10ཡོད། ཤྭ་བའི་ཐོན་རྫས་རིགས2དང་ཁ་གྲངས2ཡོད། ཕྱུགས་ལས་ཐོན་རྫས་རིགས38དང་ཁ་གྲངས207ཡོད། ལྗང་མདོག་བཟའ་བཅའ33དང་སྐྱེ་ལྡན་ཐོན་རྫས23ཡོད། ཐོན་རྫས་ས་ཁམས་མཚོན་རྟགས5། རིག་གནས་གསར་གཏོད་རིགས5དང་ཁ་གྲངས17ཡོད། གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་རིགས8བཅས་ཡོད།