གསར་འགྱུར་གལ་ཆེན།
➤ཟླ5པའི་ཚེས29ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཕེབས་ནས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུ་ཀྲང་རིམ་པའི་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་རྒྱལ་དོན་འཚམས་འདྲི་གནང་བའི་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་དང་གྲོས་མོལ་གནང་བ་རེད།
➤ཞི་ཅིན་ཕིང་གིས“གྲོང་གསེབ་ཀྱི་ལམ་བཟང་བཞིའི”འཛུགས་སྐྲུན་སྔར་བས་ཡག་པོ་བྱ་རྒྱུའི་ཐད་མཛུབ་སྟོན་གལ་ཆེན་བྱས་ནས་རྒྱུན་མཐུད་ངང་ནུས་ཤུགས་འདོན་པ་དང་། “གྲོང་གསེབ་ཀྱི་ལམ་བཟང་བཞི”སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།
➤ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《2024ལོ་ནས2025ལོ་བར་གྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་གི་བྱ་སྤྱོད་ཇུས་གཞི》པར་འགྲེམས་བྱས་པ་རེད།
➤《ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བའི་གཙོ་གནད་བྱ་ཐབས(2024ལོའི་པར་གཞི)》ཚེས29ཉིན་ནས་བཟུང་སྤྱི་ཚོགས་ལ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་རེད།
➤ཚེས29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《2023ལོར་ཨ་རིས་འགྲོ་བ་མིའི་ཐོབ་ཐང་ལ་བཙན་གནོད་བྱས་པའི་སྙན་ཞུ》སྤེལ་བ་རེད།
➤ཚེས29ཉིན། རང་རྒྱལ་གྱིས་ཧྲན་ཏུང་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཀུའུ་ཧྲིན་སྲུང་སྐར་ཨང་དང་པོའི་མཚོ་འཕེན་རྣམ་པའི་རྒྱང་ཚོར་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་གཉིས་པ་བདེ་བླག་ངང་འཕེན་གཏོང་བྱས་པ་དང་། འཕེན་གཏོང་བྱས་པའི་ཐེན་ཆི་སྐར་ཁྱིམ(天启星座)གྱི་སྐར་མ25-28བདེ་བླག་ངང་སྔོན་བཀོད་འཁོར་ལམ་དུ་བསྐྱོད་པ་རེད།
➤འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་འཚོག་རིང་། རྒྱལ་ཁབ་མང་པོ་ཞིག་གིས་ཀྲུང་གོ་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་བྱ་རྒྱུའི་རྣམ་འགྱུར་བསྟན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གིས་དམངས་གཙོ་ཡར་སྐུལ་ཏང་གིས་ཟིང་ཆ་བཟོས་ནས་འཁྲུག་རྐྱེན་སློང་བ་རེ་བྱེད་ཚེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོ་གཅིག་གི་ཐུན་མོང་ངོས་འཛིན་སྔར་བས་སྲ་བརྟན་དུ་འགྲོ་བཞིན་འདུག་ཅེས་བཤད་པ་རེད།
➤རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་ད་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག5%བར་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།
སྤྱི་ཚོགས།
➤གཞི་གྲངས་ལས་མངོན་པ་ལྟར་ན། ཟླ1ནས4བར་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཞིང་ཆེན་དང་གྲོང་ཁྱེར11གི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་ཁྲི6.22སླེབས་ཤིང་། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་དེ་དུས་མཚུངས་ལས2.9%འཕར་ཡོད་པ་རེད།
➤ཚེས29ཉིན། རང་རྒྱལ་གྱིས་རང་བདག་ཇུས་འགོད་སྒོས་གསར་སྐྲུན་བྱས་པའི་ཨེ་ཤེ་ཡའི་སྒོར་དབྱིབས་རྣམ་པའི“མཚོ་ཐོག་སྣུམ་རླངས་ལས་སྣོན་བཟོ་གྲྭ”ཐོག་མ་སྟེ“མཚོ་ཉི་ཨང་དང་པོ(海葵一号)”ལིའུ་ཧྭ་སྣུམ་ཞིང(流花油田)གི་མཚོ་ཁོངས་སུ་འབྱོར་ཡོད་པ་རེད།
➤ཚེས29ཉིན། འཛམ་གླིང་གི་བརྒལ་ཚད་ཆེ་ཤོས་ཀྱི་གསེག་འཐེན་ཟམ་པ་ཁྲང་ཐའེ་འབྲི་ཆུའི་ཟམ་ཆེན་གྱི་གྲུ་ལམ་གཙོ་བོའི་ཟམ་པའི་མཐའ་མའི་ལྕགས་གདུང་འདེགས་སྒྲུག་ལས་དོན་ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་ན་ཟླ6པའི་ཟླ་སྟོད་དུ་འབྲེལ་མཐུད་བྱེད་ཐུབ་རྒྱུ་རེད།
➤ཉིན་ཤས་གོང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་དང་ལྐོག་ཟ། གཞུང་ཁོངས་ཀུང་སིའི་མི་སྣས་འགན་དབང་གང་བྱུང་དུ་སྤྱོད་པའི་ཉེས་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་འབྲུ་རིགས་ཚོགས་པ་ཚད་ཡོད་ཀུང་སིའི་དེ་སྔའི་ཏང་ཙུའུ་ཁོངས་མི། སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲོའུ་ཀྲེང་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།
➤ཚེས29ཉིན། རྒྱལ་ཁབ་རྡོ་ཐ་ཆེད་གཉེར་ཅུའི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི། ཅུ་ཀྲང་གཞོན་པ་ཧོ་ཙེ་ཧྭ་ཡིས་ལྐོག་རྔན་བླངས་པ་དང་ཤུགས་རྐྱེན་ལ་བརྟེན་ནས་ལྐོག་རྔན་ལེན་པའི་གྱོད་གཞི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཧོ་ཙེ་ཧྭ་ལ་སྲོག་ཁྲིམས་བཅད་པ་དང་དུས་ཡུན་ལོ་གཉིས་ཕྱིར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད།
➤ཚེས29ཉིན། ཨན་ཧུའེ་ཁྲུའུ་ཀྲོའུ(安徽滁州)ཡིས་ཁྲུའུ་ཆུའི(滁河)སྦགས་བཙོག་ཐག་གཅོད་བྱས་ཚུལ་བརྡ་ཁྱབ་བཏང་བ་དང་། ཆོན་ཅའོ་རྫོང(全椒县)ཨུའི་འགན་འཁུར་བློ་མཐུན་གཙོ་བོ་དང་རྫོང་སྐྱེ་ཁམས་ཁོར་ཡུག་ཡན་ལག་ཅུས་ཅུས་ཀྲང་སོགས་གོ་གནས་ནས་ཕྱིར་འཐེན་བྱས་པ་རེད།
➤ཚེས28ཉིན་གྱི་དགོང་མོར། མཚོ་ཁུག་རྒྱལ་ཁབ་པ་ལིན(海湾国家巴林)གྱིས་ཀྲུང་གོའི་ཧྲང་ཧའེ་བར་གྱི་དམངས་སྤྱོད་མཁའ་འགྲུལ་ཤར་གཏོང་བྱས། དེ་ནི་པ་ལིན་ནས་ཀྲུང་གོར་ཐད་ཀར་འཕུར་སྐྱོད་བྱེད་པའི་མཁའ་ལམ་ཐོག་མ་དེ་ཡིན་པ་རེད།
➤ཉེ་ཆར། ནན་ཅིང་སློབ་ཆེན་གྱི་སློབ་མ་པའེ་ཧྲུའེ(柏帅)ཡིས་ཁྲག་བཟོ་ཕྲ་ཕུང་ཧའོ་ཧྲེང136ཞལ་འདེབས་ཕུལ་ནས་ལོ5ལ་སླེབས་པའི་ཁྲག་ནད་ཡོད་པའི་བུ་མོ་ཞིག་ལ་གསོན་པའི་རེ་བ་སྦྱིན་ཡོད།
སྲིད་ཇུས།
➤པེ་ཅིང་གིས་ལས་ཀའི་ཇུས་གཞི་པར་འགྲེམས་བྱས་ནས་དྲ་ཐོག་དང་དྲ་ཕྱི་རུ་ལས་ཞུགས་གསར་པའི་ཚོགས་སྤྱིའི་མཚན་མོའི་སློབ་གྲྭ་དང་གསོ་སྦྱོང་འཛིན་གྲྭ སྤྲིན་སློབ་ཚན(云课堂)སོགས་ཀྱི་ཞབས་ཞུ་གཉེར་ནས་ལས་རིགས་འཕེལ་རྒྱས་ཀྱི་བགྲོད་ལམ་ཤར་གཏོང་བྱ་རྒྱུ་ཡིན་པ་རེད།
➤མཚོ་སྔོན་གྱིས་ཇུས་གཞི་དཔར་འགྲེམས་བྱས་ནས་ནུས་པ་ལྡན་པའི་ལས་ཁུངས་དང་ཁེ་ལས། བྱ་ལས་ཚན་པའི་ཟ་ཁང་སོགས་ཀྱིས་མཐའ་འཁོར་གྱི་རྒན་རྒོན་ལ་ཟ་མ་མངག་ཉོ་དང་། ཟ་མ་ཟ་བ། ཟ་མ་སྐྱེལ་བ་སོགས་ལས་དོན་སྤེལ་ཆོག་པ་རེད།
➤ཧའེ་ནན་གྱིས་བྱ་ཐབས་བཏོན་ནས་དུས་ཚོད་འོས་མཚམས་ཀྱི་སྐབས་སུ་གནམ་གྲུར་བསྡད་དེ་གླིང་ཕྲན་དུ་ཡོང་བའི་གནས་སྐོར་བར་དུས་ཐོག་ཏུ་མཛེས་ལྗོངས་ཀྱི་སྒོ་འཛིན་སྤྲད་ནས་གཏན་འཁེལ་བྱས་པའི་མཛེས་ལྗོངས་ཁུལ་དུ་སྤ་སེ་མི་དགོས་པར་གནས་སྐོར་བྱེད་ཆོག་གི་ཡོད་པ་རེད།
དེ་རིང་གི་གནམ་གཤིས།
➤བོད་ལྗོངས་ཤར་ལྷོའི་རྒྱུད་དང་། ནང་སོག་ཤར་ལྷོའི་རྒྱུད། ཧེ་ལུང་ཅང་ཤར་ལྷོའི་རྒྱུད། ཅི་ལིན་དབུས་བྱང་རྒྱུད། ཨན་ཧུའེ་ལྷོ་རྒྱུད། ཧུའུ་པེ་ལྷོ་རྒྱུད། ཧུའུ་ནན་ནུབ་རྒྱུད། ཀུའེ་ཀྲོའུ་དང་ཀོང་ཤིས་ཀྱི་ས་ཁུལ་མང་ཆེ་བ། ཀོང་ཏུང་ཤར་ལྷོའི་རྒྱུད་དང་ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་དྲག་ཆར་འབབ་པ་དང་། དེའི་ནང་། ཧུའུ་ནན་ནུབ་རྒྱུད་དང་ཀུའེ་ཀྲོའུ་དབུས་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཤིས་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།