དབྱར་རྩྭ་དགུན་འབུ་རྐུ་མཁན་ཞིག་འཛིན་བཟུང་བྱས་འདུག
发布时间:2024年06月13日 消息来源:

རྩོམ་སྒྲིག་ ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 
图片

ཟླ6པའི་ཚེས7ཉིན་གྱི་ཆུ་ཚོད23ཙམ་ལ། ཡུལ་ཤུལ་ཁུལ་རྫ་སྟོད་རྫོང་གི་ཉེས་དོན་ཉེན་རྟོག་པས་ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུས་དམངས་གཙོ་ལམ་མངགས་གཏོང་ཁང་ལ་ཁ་པར་བརྒྱབ་ནས་རྫ་སྟོད་རྫོང་གི་མངའ་ཁོངས་སུ་ཐོན་པའི་དབྱར་རྩྭ་དགུན་འབུ་རྐུ་ཁྱེར་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཞིག་སྙན་སེང་ཞུས་པ་དང་སྦྲགས། ད་ལྟ་དོགས་ཡོད་མི་སྣ་ཡུལ་ཤུལ་གྲོང་ཁྱེར་ནང་བཞའ་ཡོད་པའི་དོགས་པ་ཡོད་པའི་རྐྱེན་གྱིས། ཡུལ་ཤུལ་གྲོང་ཁྱེར་སྤྱི་བདེ་ཅུས་དམངས་གཙོ་ལམ་མངགས་གཏོང་ཁང་གིས་ཞིབ་བཤེར་རོགས་རམ་བྱ་རྒྱུའི་རེ་བ་བཏོན་ཡོད།

图片

གྱོད་སྒྲུབ་མི་དམངས་ཉེན་རྟོག་པས་བཅར་འདྲི་བརྟག་དཔྱད་བྱས་པ་བརྒྱུད་ཉེས་བསགས་དོགས་ཡོད་མི་སྣ་ཀ་ཆེ་གེ་མོ་བཞའ་ས་ཤེས་རྟོགས་བྱུང་ཞིང་། ཐོ་རེངས་ཆུ་ཚོད་བཞི་པ་ཙམ་ལ་ཡུལ་ཤུལ་གྲོང་ཁྱེར་གྱི་གློག་རྡུལ་རོལ་རྩེད་མགྲོན་ཁང་ཞིག་གི་ཉེ་འཁོར་ནས་ཀ་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། འདྲི་རྩད་བྱས་པ་བརྒྱུད། ཉེས་བསགས་དོགས་ཡོད་མི་སྣ་ཀ་ཆེ་གེ་མོས་ཉེས་གསོག་དོན་དངོས་ཇི་མ་ཇི་བཞིན་ངོས་ལེན་བྱས་པ་དང་འབྲེལ་དབྱར་རྩྭ་དགུན་འབུ་སྦ་སྐུང་བྱེད་སའི་ས་ཆ་ངོས་ལེན་བྱས་པས། རྐུ་ལ་ཤོར་བའི་དབྱར་རྩྭ་དགུན་འབུ་ཚང་མ་ཚུར་ལེན་ཐུབ་ཡོད་པ་རེད།

图片

མིག་སྔར། གྱོད་གཞི་དེ་རྫ་སྟོད་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་རྩིས་སྤྲོད་བྱས་ཡོད།