མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་འཕེལ་རྒྱས་ལ་སྣེ་ཁྲིད་དགོས།
发布时间:2024年06月26日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།   བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

རར

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་འཆར་གཞི་ལྟར་ནུས་ཤུགས་ཡོད་རྒུས་མདུན་དུ་བསྐྱོད་དགོས།

མཚོ་སྔོན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཏེ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་དགོས།

ལོ་རེའི་ལྔ་པའི་ཚེས་ལྔ་ཡི་སྔ་གཞུག་ཏུ། མཚོ་སྔོན་པོའི་གསེར་ཉ་རྣམས་ཀྱིས་མཚོ་སྔོན་པོར་འབབ་པའི་ཆུ་ཕྲན་རེ་རེ་དེད་ནས་སྒོ་ང་གཏོང་བས། “ཆུ་བོའི་ཕྱེད་ཀ་གསེར་ཉ་ཡིན་པ”ཡི་ངོ་མཚར་བའི་སྐྱེ་ཁམས་ཀྱི་མཚར་སྣང་ཞིག་གྲུབ་པ་རེད། མཚོ་སྔོན་གྱིས་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ་དྲིན་གཟོ་མདུན་སྐྱོད་བྱེད་པར་མ་ཟད། “ཀྲུང་ཧྭའི་ཆུ་ལྕོག”གི་སྲུང་སྐྱོབ་པའི་འགན་འཁྲི་ལྕི་མོ་ཁུར་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་པའི་འཆར་གཞི་ལྟར་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས།

མཚོ་སྔོན་ལ་གཙང་གསུམ་འབྱུང་ཡུལ་དང“ཀྲུང་ཧྭའི་ཆུ་ལྕོག”གི་མཚན་སྙན་ལྡན་པས། སྐྱེ་ཁམས་ཀྱི་གོ་གནས་གལ་ཆེ་ཞིང་དམིགས་བསལ་ལྡན་པ་ཞིག་ཡིན། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲོད། མཚོ་སྔོན་གྱིས་ལམ་ལུགས་རང་བཞིན་གྱི་གསར་གཏོད་འབུར་དུ་དོད་ཡོད། རང་བྱུང་སྐྱེ་ཁམས་མ་ལག་གི་བདེན་པའི་རང་བཞིན་དང་འཐུས་ཚང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པ་དང་། རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ལམ་ལུགས་ཚད་གཞིའི་མ་ལག་སྔོན་དུ་འཛུགས་པ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པའི་ཐད་ནམ་ཡང་རྒྱལ་ཡོངས་ཀྱི་སྔོན་དུ་སྐྱོད་པ་བཅས་བྱས་ཏེ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་འཛུགས་སྐྲུན་བྱེད་ཀྱིན་པའི་ཞིང་ཆེན་གཅིག་པུར་གྱུར་ཡོད། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་དང་ཁུལ། རྫོང་། ཞང་། སྡེ་བ་བཅས་རིམ་པ་ལྔ་པའི་རྒྱལ་ཁབ་སྤྱི་གླིང་གི་དོ་དམ་ལམ་ལུགས་སྔོན་དུ་མངོན་འགྱུར་བྱས་ཏེ། རང་རྒྱལ་གྱི་ཐོག་དང་པོར་ཆོག་མཆན་ཐོབ་པའི་སྤྱི་གླིང་ཇུས་འགོད་དང་གཞི་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་ཡོད། མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གིས་སྐྱེ་ཁམས་སྲུང་སྐྱོབ་དང་དྲིལ་སྒྲོག་སློབ་གསོ། དམངས་འཚོའི་འཕེལ་རྒྱས། མི་རིགས་མཐུན་སྒྲིལ་བཅས་གཞི་གཅིག་ཏུ་བསྲེས་ནས། “སྡེ་བའི་ཨུ་ལྷན་གཉིས+”སྡེ་ཁུལ་མཉམ་སྐྲུན་མཉམ་རོལ་གྱི་མ་དཔེ་ཐོག་དང་པོར་བསྐྲུན། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དུ་མཐོ་སྒང་གི་ཐུན་མོང་མ་ཡིན་པའི“ཆུ་དང་རྩྭ། ཉ་མོ། འདབ་ཆགས། གཅན་གཟན”བཅས་མཉམ་གནས་བྱེད་པའི་སྐྱེ་ཁམས་མ་ལག་གྲུབ་སྟེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་གོམ་པ་བརྟན་པོ་སྤོས།

མཚོ་སྔོན་གྱིས་མ་ལག་རང་བཞིན་གྱི་བཅོས་སྐྱོང་འབུར་དུ་དོད་ཡོད་དེ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ས། བྱེ་ཐང་། འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་པས། སྐྱེ་ཁམས་མ་ལག་གི་སྤུས་ཀ་དང་བརྟན་བརླིང་རང་བཞིན་རྒྱུན་མཐུད་སྒོས་ཇེ་མཐོར་སོང་ལ། “ལྗང་མདོག་ཁྱིམ་གཞིས”རྒྱུན་ཆད་མེད་པར་སྔོ་ལྗང་དུ་གྱུར་ཅིང་། རྩྭ་ཐང་གི་སྔོ་ཁེབས་ཚད58.12%ལ་སླེབས་ཏེ། བྱེ་ཐང་ཅན་དང་བྱེ་འགྱུར་ཅན་གྱི་ས་ཞིང་གི་གཞི་ཁྱོན་རྒྱུན་མཐུད་ངང“ཇེ་ཆུང”དུ་སོང་བ་དང་། རླུང་ཁམས་ཆེན་མོ་དང་ཆུ། ས་རྒྱུ་ཁོར་ཡུག་གི་སྤུས་ཀ་རྒྱུན་མཐུད་ངང་ཇེ་ལེགས་སུ་སོང་བའི་ཁར། ཞིང་ཆེན་ཡོངས་ཀྱི་མཁའ་དབུགས་ཀྱི་སྤུས་ཀ་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་ལོ་མང་པོར96%ཡན་དུ་སྲུང་འཛིན་བྱས་ཤིང་། འབྲི་ཆུ་དང་རྨ་ཆུའི་བཞུར་རྒྱུན། རྫ་ཆུ་བཅས་ཞིང་ཆེན་ཕྱི་རུ་འབབ་པའི་ཆུའི་སྤུས་ཚད་རིགས་གཉིས་པ་ཡན་དུ་སྲུང་འཛིན་བྱས་ཏེ། “གཙང་ཆུ་དྭངས་མོ་ཤར་དུ་བཞུར་བར”འགན་སྲུང་བྱས། དུས་མཚུངས་སུ་ཚན་རིག་རང་བཞིན་དུ་བསྒྱུར་བ་འབུར་དུ་དོད་པ་སྟེ། སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་དུ་འགྱུར་བར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ། “འོད་ཧྥུ་ལུག”གིས་སྐྱེ་ཁམས་སྲུང་སྐྱོབ་དང་ནུས་ཁུངས་གཙང་མའི་འཕེལ་རྒྱས། དེ་མིན་རོང་འབྲོག་པའི་ཡོང་འཕར་བཅས་ནུས་ལྡན་སྒོས་ཟུང་འབྲེལ་བྱས། སྐྱེ་ཁམས་དཔལ་ཡོན་མཉམ་སྐྲུན་དང་མཉམ་སྐྱོང་དང་མཉམ་རོལ་བཅས་བྱེད་པ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་རྒྱུན་ཆད་མེད་པར་མི་སེམས་སུ་འཇགས་པར་བྱས་ལ། གསར་སྐྲུན་རང་བཞིན་གྱི་སྐྱེ་ཁམས་བདག་སྲུང་པའི་སྤྱི་ཕན་ལས་རྐང་བཙུགས་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲོག་པ་ཁྲི14.6གིས་འུར་ཆ་བསྐྱུར་ནས“སྐྱེ་ཁམས་ཀྱི་ཟ་མ”ཟོས་ཏེ་བདག་སྲུང་པར་གྱུར་པ་དང་། བདག་སྲུང་པ་མང་པོ་པར་ཆས་ཐོགས་པའི་པར་ལེན་པར་གྱུར་པར་མ་ཟད། བརྩམས་ཆོས་མང་པོར་རྒྱལ་སྤྱི་དང་རྒྱལ་ནང་གི་འགྲན་སྡུར་ཁ་ཤས་སྟེང་བྱ་དགའ་ཆེན་པོ་ཐོབ། །