ཟླ7པའི་ཚེས7ཉིན། "མཚོ་སྔོན་མཐོ་སྒང་རྐང་གྲུག་ལྷག་རིམ་འགྲན་སྡུར་ཆེན་མོའི"འགྲན་སྐོར་བདུན་པའི་འགྲན་སྡུར་གྱི་ཡུལ་དངོས་ལྟད་མོ་བའི་བྱ་དགའ་ཨང་དང་པོར་མཚོ་བྱང་ནོར་དཀར་གཅིག་སྟེར་རྒྱུ་རེད།
发布时间:2024年07月08日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ7པའི་ཚེས7ཉིན། "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོའི་འགྲན་སྐོར་བདུན་པའི་འགྲན་སྡུར་དེ་མཚོ་བྱང་འགྲན་ཁུལ་གྱི་འཇུ་ལག་ས་ཚུགས་སུ་སྤེལ་རྒྱུ་ཡིན་ལ། མི་རྣམས་ཀྱིས་དགའ་བསུ་ཐོབ་པའི་བྱ་དགའི་རྒྱན་ལེན་བྱ་འགུལ་སོགས་སྤེལ་ཏེ་ཁྱེད་རང་ཞུགས་པར་བསྒུག་ཡོད། ཡུལ་དངོས་སུ་བྱ་དགའ་གྱ་ནོམ་པ375གྲ་སྒྲིག་བྱས་ནས་ཁྱེད་རང་ཕེབས་པར་བསྒུག་ཡོད།

ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བ་དང་རྐང་གྲུག་ལ་དགའ་མཁན་ཚང་མའི་འགྲན་སྡུར་གྱི་སྤྲོ་སྣང་རྒྱས་ཆེད། ངོ་མཚར་ཆེ་བའི་བྱ་དགའི་རྒྱན་ལེན་གྱི་ལྷུ་ཚིགས་ཤིག་ཆེད་དུ་བཀོད་སྒྲིག་བྱས་ཡོད། ཁྱོད་ལ"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོའི་སྤ་སེ་ཡོད་ཚེ་སྐུ་བསོད་ཅན་གྱི་ལྟད་མོ་བའི་བྱ་དགའ་འཐོབ་པའི་གོ་སྐབས་ཡོད།

ལྟད་མོ་བའི་བྱ་དགའ་ལས་ད་དུང་། ཕྱོགས་གཉིས་ཀྱི་ཕུལ་བྱུང་རུ་མིར་ལུས་རྩལ་པ་རྩེ་གྲས་ཀྱི་བྱ་དགའ་སྟེ་མདོ་ལ་བོད་ལུག་གི་ཁྲོམ་གཅིག་གནང་ནསཁོ་ཚོའི་འགྲན་རའི་སྟེང་གི་རྩལ་ནུས་ལ་བསྟོད་བསྔགས་བྱ་རྒྱུ་རེད།

图片

ཚོགས་རའི་ལྟད་མོ་བའི་བྱ་དགའ་ནི་དེ་བས་སྣ་མང་ཕུན་སུམ་ཚོགས་ལ། བྱ་དགའ་ཨང་དང་པོ་གཅིག་ཡོད་དེ་བྱ་དགའ་ནི་མཚོ་བྱང་གི་ནོར་དཀར་གཅིག་ཡོད། བྱ་དགའ་ཨང་གཉིས་པ་གཉིས་ཡོད་དེ། བྱ་དགའ་ལ་མདོ་ལ་བོད་ལུག་གི་ཤ་ཁོག་གཅིག་ཡོད། བྱ་དགའ་ཨང་གསུམ་པ་བཅུ་ཡོད་དེ་བྱ་དགའ་ནི་རྩྭ་ཐང་སྐྱེ་ཁམས་བྱ་ཤ་གཅིག་ཡོད། བྱ་དགའ་རེ་རེར་བརྩེ་སེམས་ཀྱིས་ཁེངས་ཤིང་ལྷག་པར་དུ་སྐུ་བསོད་བྱ་དགའ360ཡོད་པ་དེས། མི་ཚོགས་ལ་འགྲན་སྡུར་གྱི་སྤྲོ་སྣང་མཉམ་སྤྱོད་ཐུབ་ངེས།

སྤྲོ་སེམས་རབ་ཏུ་འཁོལ་བའི་རྐང་རྩེད་སྤོ་ལོའི་ཚོགས་རའི་ནང་དུ་ཛ་དྲག་གི་འགྲན་སྡུར་དང་རྩལ་ནུས་ཕུལ་དུ་བྱུང་བའི་ལུས་རྩལ་པ། ད་དུང་བྱ་དགའ་གྱ་ནོམ་པ་ཡོད་པས་ཁྱེད་རང་ཕེབས་པར་བསྒུག་ཡོད། ཟླ7པའི་ཚེས7ཉིན། མཚོ་བྱང་འགྲན་ཁུལ་འཇུ་ལག་ས་ཚུགས་ནས་མཇལ་ཡོང་། ང་ཚོས་མཉམ་གཅིག་ཏུ་ངོ་མཚར་ཆེ་བའི་སྐད་ཅིག་གི་ལྟད་མོར་གཟིགས་ཏེ་རྐང་རྩེད་སྤོ་ལོའི་སྤྲོ་སྣང་འཚོལ། ད་དུང་ཕུན་སུམ་ཚོགས་པའི་བྱ་དགའ་ཡུལ་ལ་འཁྱེར་རྒྱུའི་གོ་སྐབས་ནི་དེ་བས་ལེགས། མྱུར་དུ་གནས་འདིར་ཕེབས་ཤོག