མཚོ་སྔོན་གྱིCརིམ་པའི་རེ་འདུན་གནས་ཚུལ་སྤྱི་བསྒྲགས་བྱས།
发布时间:2024年07月12日 消息来源:

图片


1 


    

图片

ཚེས11ཉིན། ༼  ཀྲུང་གོའི་རྒྱ་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང༽ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་ཤིང་། རྒྱབ་ཤ་དཀར་པོའི་དེབ་ལས་ཀྲུང་གོ་ནི་རྒྱ་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་མཁན་དང་བྱ་སྤྱོད་སྤེལ་མཁན་ཡིན་པ་བསྟན་ཡོད་པ་རེད།

图片


2

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ6པའི་ཟླ་མཇུག་བར་རང་རྒྱལ་གྱིས་ན་ནིང་གི་དུས་ཚིགས་བཞི་པར་རྒྱལ་བུན་སྒོར་དུང་ཕྱུར་ཁྲི་བཏང་བའི་རྣམ་གྲངས་ཚང་མ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་པ་རེད།

图片
 

3

སྡོད་ཁང་དང་་གྲོང་གསེབ་པུའུ་ཡིས་བསྡོམས་རྩིས་བྱས་པལྟར་ན། ད་ལོའི་ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་ཁང་རྙིང་ཁྲི2.26གསར་དུ་ལས་འགོ་བཙུགས་ནས་སྒྱུར་བཀོད་བྱས་ཡོད་པ་རེད།

图片


4 

图片

ཚེས11ཉིན་གྱི་ཆུ་ཚོད24སྟེང་རྒྱལ་ནང་གི་རེས་སྐོར་གསར་བའི་སྣུམ་གོང་ལེགས་སྒྲིག་གི་འགོ་ཚུགས་ཡོད་པ་དང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར110དང་སྒོར105ཡིས་ཇེ་མཐོ་རུ་བཏང་ཡོད་པ་རེད།
图片


5

图片

ཟླ7པའི་ཚེས11ཉིན། སྐབས25པའི་ཀྲུང་གོ· མཚོ་སྔོན་ལྷད་མེད་འཕེལ་རྒྱས་དངུལ་གཏོང་ཉོ་ཚོང་ཚོང་ཚོགས་དེ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་ཡོད་པ་རེད།

图片


6

图片

རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ངལ་རྩོལ་དང་དཔལ་འབྱོར་ལས་དོན་པུའུ། མཚོ་སྔོན་ཞིང་ཆེན་ཨུ་ལྷན་ཤེས་ལྡན་མི་སྣའི་ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་དོན་ཁང་། མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་ཐུན་མོང་གིས་གཙོ་གཉེར་བྱས་པའི“རྒྱལ་ཁབ་ཆེན་པོའི་ལག་ཤེས་པ་མཚོ་སྔོན་དུ་བསྐྱོད་པ”ཞེས་པའི་བྱེད་སྒོ་ཟླ7པའི་ཚེས10ནས་ཚེས11ཉིན་བར་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྤེལ་ཡོད་པ་རེད།

图片


7

图片

ཟླཔའི7ཚེས10ཉིན་གྱི་ཆུ་ཚོད23དང་སྐར་མ07ཡི་སྟེང་། “གནམ་ལམ་སྐལ་བཟང་མེ་ཏོག· ཞིན་ཅང་ལྷོ་བྱང་དུ་ཡུལ་སྐོར་བྱེད་པ”རྟགས་ཅན་གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཐེངསY459ཟི་ལིང་ས་ཚིགས་ནས་ཤར་གཏོང་བྱེད་འགོ་ཚུགས་པ་དང་།  དེ་ནི་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སིས་ད་ལོ་ཞིན་ཅང་ལ་རོགས་སྐྱོར་བྱེད་པའི་ཆེད་སྤྱོད་མེ་འཁོར་ཐོག་མ་ཡིན་པ་རེད།

图片


8

 

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱིས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ཏེ་ཡུལ་སྐོར་བ་མང་བའི་དུས་ཚིགས་ཀྱི་ཞབས་ཞུ་འགན་ལེན་ལས་དོན་གྱི་སྤུས་ཚད་མཐོའདེགས་བཏང་ཡོད་པ་རེད།

图片


9

 

2024ལོའི་མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་བསྡུའི་དངོས་གཞིའི་ཚན་ཁག་གི་སྐོར་ཐེངསCརིམ་པའི་སློབ་བསྡུའི་རེ་འདུན་གནས་ཚུལ་སྤྱི་བསྒྲགས་བྱས།

图片




10

图片

ཉེ་ཆར། མདེལ་གཉིས་སྐར་གཅིགགི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་ཀྲུང་གོའི་གཞོན་ནུའི་ཤེས་ལྡན་མི་སྣའི་གླེང་སྟེགས་དང་སྐབས་ལྔ་པའིཤེས་རབ་ཀྱི་གཙང་གསུམ་འབྱུང་ཡུལ· མཚོ་སྔོན་གསར་པར་རམ་འདེགས་བྱེདཅེས་པའི་ཤེས་ལྡན་མི་སྣའི་ལས་གཞིའི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྤེལ་འགོ་ཚུགས་ཡོད་པ་རེད།

图片


11

 

图片

 

ཚེས12ཉིན་གྱི་ཆུ་ཚོད20ནས་ཚེས་13ཉིན་གྱི་ཆུ་ཚོད20བར་ཞིང་ཆེན་ཡོངས་ཀྱི་ས་ཆ་མང་ཆེ་བར་ཆར་ཆུང་ངམ་ཡང་ན་ཆར་ཆེནའབབ་པ་དང་། དེའི་ནང་མཚོ་བྱང་བྱང་རྒྱུད་དང་། ཡུས་ཧྲུའུ་ཡི་ས་ཆ་མང་ཆེ་བ། མགོ་ལོག་གི་ས་ཆ་མང་ཆེ་བ། ཐུན་ཏེ་དང་། ཀོས་ནན། ཐུན་རིན། ཞུན་ཧྭ། མིན་ཧོ་བཅས་ཀྱི་ཞང་དང་གྲོང་རྡལ་ཁ་ཤས་སུ་ཆར་འབྲིང་ཙམ་འབབ་རྒྱུ་ཡིན་པ་རེད།




རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཉིནརེའི་གངས་ལྗོངས།   བཤེར་འབེབས། ཚེ་བརྟན་བཀྲ་ཤིས།