མཚོ་སྔོན་པོའི་ཁ་ན་གནས་སྐོར་པ་ཤིན་ཏུ་མང་བ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དབྱར་གཞུང་གི་མཚོ་སྔོན་པོ་ནི་འོད་མདངས་བཀྲ་བའི་རིན་ཆེན་སྔོན་པོ་མཐོ་སྒང་དུ་བརྒྱན་པ་དང་འདྲ་བར་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་གནས་སྐོར་པ་བསུ་བཞིན་ཡོད། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ལྷ་ཆབ་ཁུག་སྐྱེ་ཁམས་རོལ་མྱོང་ལྗོངས་ཁུལ་དུ་གནས་སྐོར་པ་ཤིན་ཏུ་མང་། ས་གནས་སློབ་མའི་སྒྲོག་འགྲེལ་བརྒྱུད་དེ་གནས་སྐོར་པ་ཚོས་ཞིབ་ཀྱིས་མཚོ་སྔོན་པོའི་གསེར་ཉ་ལ་རྒྱུས་ལོན་བྱས་པ་དང་། ཡང་འབྲོག་མི་ཚོས་ནོར་དང་རྟ་ཁྲིད་པ་དང་ལུ་གུ་པང་དུ་བཟུང་ནས་ཚོང་འགུགས་བྱས།
ད་ལོའི་ཚུན། ཏང་གི་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱས་པས། མཚོ་སྔོན་པོ་ལྗོངས་ཁུལ་ལ་གསོན་ཤུགས་གསར་བ་རྒྱས་ནས་མུ་མཐུད་དུ་གནས་སྐོར་ལས་རྣམ་ཕུན་སུམ་ཚོགས་སུ་བཏང་བས་མིང་གྲགས་ཆོད་ཚད་ཉིན་བཞིན་འཕེལ་བར་གྱུར། གནས་སྐོར་པའི་ཡིད་ཚིམ་ཚད་ཀྱང་མངོན་གསལ་གྱིས་མཐོ་རུ་ཕྱིན། ལྗོངས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་དམིགས་ས་འཛུགས་སྐྲུན་བྱེད་པ་དང་བསྟུན་པ་མ་ཟད། པེ་ཅིན་ནས་བོད་ལྗོངས་བར་གྱི་འགྲིམ་འགྲུལ་གཞུང་ལམ་དང་མཚོ་སྔོན་གྱི་ཆེད་སྤྱོད་གཞུང་ལམ་ལ་བརྟེན་ནས“མགྱོགས་བསྐྱོད་དལ་སྐོར”གྱི་ཕྱོགས་ཡོངས་ཀྱི་ཞབས་ཞུ་མ་ལག་བཙུགས་ཏེ་གནས་སྐོར་པ་རེ་རེར་གནས་སྐོར་རོལ་མྱོང་རྩེ་གྲ་མཁོ་འདོན་བྱས། ཟླ7པའི་ཚེས9ཉིན། 2024ལོའི་མཚོ་སྔོན་པོ་ལྗོངས་ཁུལ་གྱི་གནས་སྐོར་མི་ཐེངས་ཁྲི100ལས་བརྒལ་བ་དང་། མིག་སྔའི་བར་དུ་མཚོ་སྔོན་པོ་ལྗོངས་ཁུལ་གྱིས་གནས་སྐོར་པ་མི་ཐེངས་ཁྲི153.6སྣེ་ལེན་བྱས་པ་དང་གནས་སྐོར་ཡོང་འབབ་སྒོར་དུང་ཕྱུར1.58མངོན་འགྱུར་བྱུང་།
གླང་ཆེན་མཆེ་བ་ལྗོངས་ཁུལ་གྱི་གནས་སྐོར་པ།
ཁེ་རེམ་ཐང་ལྗོངས་ཁུལ།
ལྷ་ཆབ་ཁུག་ལྗོངས་ཁུལ་དུ་གནས་སྐོར་པས་གསེར་ཉར་ལྟ་བཞིན་པ།
གནས་སྐོར་པས་དྲན་རྟེན་གྱི་པར་ལེན་བཞིན་པ།
བོད་ལྭ་གྱོན་པའི་གནས་སྐོར་པ།
མཚོ་སྔོན་པོའི་གསེར་ཉ།
ལྷ་ཆབ་ཁུག་ལྗོངས་ཁུལ།