2024ལོའི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་གསར་ཤོས་ཁྱབ་བསྒྲགས་བྱས་འདུག
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀོང་མེན་ཉིན་རེའི་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཚེས26ཉིན། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་སོགས་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི《2024ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་རྒྱུའི་སྐོར་གྱི་བརྡ་སྦྱོར》ལྟར་ན། 2024ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་དང་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་ལོ་གོང་མ་ལས་སོ་སོ་སྒོར30དང20ཡིས་འཕར་ནས་མི་རེར་ལོ་རེར་སྒོར670དང400ལས་མི་ཉུང་བར་བྱས་འདུག
དེ་ནི2016ལོ་ནས་བཟུང་། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་གསར་འཕར་བྱེད་ཚད་མི་སྒེར་གྱི་གྲོན་དངུལ་གསར་འཕར་ལས་བརྒལ་ཐེངས་དང་པོ་ཡིན་པ་དང་གྲོང་མིའི་མི་སྒེར་གྱི་གྲོན་དངུལ་འཕར་ཚད་ཀྱང་འོས་འཚམ་ཆག་ཡོད་པ་རེད།