རྒྱལ་སྟོན་གྱི་ཉིན་ལྔའི་ནང་མཚོ་སྔོན་པོ་ལྗོངས་ཁུལ་གྱིས་གནས་སྐོར་བ་ཁྲི8སྣེ་ལེན་བྱས།
发布时间:2024年10月08日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།“མཐོ་སྒང་གི་ཨི་ནྡྲ་ནཱི་ལ”ཞེས་གྲགས་པའི་མཚོ་སྔོན་པོས་ཁྱད་མཚར་བའི་སྐྱེ་ཁམས་མཛེས་ལྗོངས་དང་མི་ཆོས་རིག་གནས་ལ་བརྟེན་ནས་ཞིང་ཆེན་ཕྱིའི་གནས་སྐོར་བ་མང་པོ་བསུས། མཚོ་སྔོན་ཞིང་ཆེན་མཚོ་སྔོན་པོ་གནས་སྐོར་འཕེལ་རྒྱས་སྡེ་ཤོག་ཚད་ཡོད་སྤྱི་གཉེར་གྱིས་ཟླ10ཚེས6ཉིན་སྡོམ་རྩིས་བྱས་པ་ལྟར་ན། རྒྱལ་སྟོན་གྱི་ཉིན་ལྔའི་ནང་། མཚོ་སྔོན་པོ་ལྗོངས་ཁུལ་གྱིས་གནས་སྐོར་བ་མི་ཐེངས་ཁྲི8སྣེ་ལེན་བྱས་ཡོད་པ་དང་། ཉིན་གཅིག་ནང་སྣེ་ལེན་བྱས་ཚད་མི་ཐེངས་ཁྲི2.4ལས་བརྒལ་ཡོད་པ་རེད། 

རྒྱལ་སྟོན་གྱི་རིང་ལ། མཚོ་སྔོན་པོ་ལྗོངས་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་བྱེད་སྒོ་སྣ་ཚོགས་སྤེལ་ཡོད་དེ། གནས་སྐོར་བ་དང་མཉམ་དུ་མཐོང་དཀོན་པའི“སྐྱེ་ཁམས་ཀྱི་གསོལ་སྟོན”གྱ་ནོམ་པ་བཤམས་ཤིང་། བག་ལ་ཞ་བའི་མྱོང་རོལ་གྱི་ཁྲོད་དུ་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་ཡིད་འོང་མཛེས་ལྗོངས་དང་མི་ཆོས་རིག་གནས་ཉམས་སུ་མྱངས་བཞིན་སྐྱིད་ལ་དོན་སྙིང་ལྡན་པའི་གུང་གསེང་རོལ། དེ་ལས་གླུ་གུར་འཁྲབ་སྟོན་དང་། སྐོར་ཞིབ་འཁྲབ་སྟོན་ཆེ་གྲས《རྨི་ལམ་ནང་གི་མཚོ་སྔོན་པོ》།“རྒྱལ་སྟོན་སྤྲོ་བས་རོལ”ཞེས་པའི་གཟིགས་སྐྱོང་བྱེད་སྒོ་ལ་སོགས་བྱེད་སྒོ་སྣ་ཚོགས་དང་།  ཀྲུང་གོའི་རབས་དང་པོའི་ཆུ་མདེལ་ཚོད་ལྟའི་རྟེན་གཞི་དྲན་གསོ་ཁང་། མཚོ་བོད་མཐོ་སྒང་གི་སྲོག་ཆགས་དང་སྐྱེ་དངོས་མ་དཔེ་ཁང་བཅས་རིན་མེད་ངང་སྒོ་ཕྱེས་པ། “མཚོ་ངོས་ལྗོངས་གཟིགས”དང“གླིང་ཕྲན་ཕྱེད་ཀར་གནས་སྐོར”བཅས་སྤུས་ལེགས་ལམ་ཐིག་གཉིས་དང་། མཚོ་འགྲམ་གྱི་མེ་འཁོར་ཆུང་ངུ་། དམའ་འཕུར་གྱི་དབུགས་སྒང་། མི་རིགས་གོས་འཆོར་གྱི་པར་ལེན། གཡོར་གྲུ་དང་མགྱོགས་གྲུར་སྡོད་པ། རྒྱས་སྤྲས་ཆེ་བའི་གྲུ་གཟིངས། གཡག་དང་རྟ། རྔ་མོང་ལ་བྱོན་པ། བྱེ་ཐང་གི་འཕྲུལ་རྟ་ལ་སོགས་མྱོང་རོལ་རྣམ་གྲངས་ལ་རྒྱ་ཆེའི་གནས་སྐོར་བས་དགའ་བསུ་ཐོབ།

དེ་མིན་ཁྱད་ཆོས་ལྡན་པའི་མཚོ་སྔོན་ས་གནས་ཀྱི་ཟས་རིགས་ཚོང་ཁྲོམ་དང་། ཁྱད་ལྡན་ཐོན་རྫས་ཚོང་ཁང་རིགས་སྣ་ཚོགས་ཀྱི་གོང་ཚད་མར་བཅག་པ་དང་། མཚོ་སྔོན་པོ་ལྗོངས་ཁུལ་དུ་བཅའ་སྡོད་བྱས་པའི་འགྲིམ་འགྲུལ་སྨན་ཁང་གི་སྨན་བཅོས་ཞབས་ཞུ་ས་ཚིགས་ཀྱིས་ཉིན་ཧྲིལ་བོར་སྨན་བཅོས་འགན་སྲུང་གི་ཞབས་ཞུ་བཏོན་པ་སོགས་སེམས་དྲོ་བའི་བྱེད་ཐབས་དེ་དག་བརྒྱུད། ལྗོངས་ཁུལ་གྱིས་ཀྱང་གནས་སྐོར་བར་སེམས་བདེ་ལུས་བདེ་དང་། སྤྲོ་སྣང་ཆེ་བའི་གནས་སྐོར་མྱོང་རོལ་ཕུན་སུམ་ཚོགས་པ་ཞིག་ནུས་ཤུགས་ཡོད་རྒུས་འདོན་སྤྲོད་བྱས། གཞན་མཚོ་སྔོན་པོ་ལྗོངས་ཁུལ་གྱི་དྲིལ་སྒྲོག་བརྙན་ཐུང《ང་ཚོའི་གྲོགས་པོ། མཐོ་སྒང་གི་ཨི་ནྡྲ་ནཱི་ལ 》ཞེས་པ་རྒྱལ་སྟོན་དུས་ཆེན་རིང་བསྟན་པ་མ་ཟད། ཞིང་ཆེན་ནང་ཁུལ་གྱི་སྨྱན་སྦྱོར་དང་། ཧྲན་ཏུང་དང་། ཧྲེང་ཀྲེན། ཅང་སུའུ་སོགས་གྱི་སྨྱན་སྦྱོར་སྟེགས་བུ་ནས་ཀྱང་བསྟན་ཡོད་པ་རེད།