2024ལོའི་དངོས་ལུཊ་ནོ་པེར་བྱ་དགའ་ཐོབ་མཁན་བསྒྲགས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཉིན་རེའི་གངས་ལྗོངས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

1
ཟླ10བའི་ཚེས8 ཉིན། ཀྲུང་གུང་ཀྲུང་དབྱང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཆུ་བཅོས་སྐྱོང་སྐོར་གྱི་རྒྱས་བཤད་བཤུས་བཏུས》ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས།

2
ཟླ10ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གི《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གི་གསུང་བཤད》ཀྱི་དེབ་རྐྱང་མ་དེ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་ཀྱི་ཞིན་ཧྭ་དཔེ་ཚོང་ཁང་ནས་འགྲེམ་སྤེལ་བྱ་རྒྱུ་རེད།

3
2024ལོའི་རྒྱལ་སྟོན་དུས་ཆེན་རིང་། རྒྱལ་ནང་དུ་ཡུལ་སྐོར་ལ་སྐྱོད་མཁན་མི་ཐེངས་དུང་ཕྱུར7.65ཟིན།

4
2024ལོའི་རྒྱལ་སྟོན་དུས་ཆེན་སྐབས་གློག་བརྙན་སྤ་སེ་བཙོངས་པའི་དངུལ་གྲངས་སྒོར་དུང་ཕྱུར21.04ཟིན་ཡོད་པ་རེད།

5
རྒྱལ་ཁབ་སྦྲག་སྲིད་ཅུས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྟོན་གུང་གསེང་རིང་རྒྱལ་ཡོངས་སུ་མྱུར་སྐྱེལ་བསྐུར་མ་ཁྱོན་དུང་ཕྱུར63ཙམ་སྐྱེལ་སྤྲོད་བྱས་ཡོད་པ་རེད།

6
2025ལོའི་རྒྱལ་ཡོངས་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་སྡུད་རྒྱུགས་ལེན་ལ་དེ་རིང་ནས་བཟུང་མིང་ཐོ་སྔོན་འགོད་བྱེད་པའི་མགོ་བརྩམས་ཡོད་པ་རེད།

7
ཚེས8ཉིན། སུའེ་ཏེན་གོང་མ་ཚང་ཚན་རིག་གླིང་གིས2024ལོའི་དངོས་ལུགས་རིག་པའི་ནོ་པེར་བྱ་དགའ་དེ་ཡོའེ་ཧན་ཧོ་ཕུའུ་ཧྥེར་ཏེ་དང་ཅེ་ཧྥུ་ལིས་ཞིན་ཏོན་གཉིས་ལ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས།

8
ཉེ་ལམ། མཚོ་བྱང་ཁུལ་མདོ་ལ་རྫོང་གསོན་ཕྱུགས་ཉོ་འཚོང་ཁྲོམ་ར་དངོས་སུ་གཉེར་མགོ་བརྩམས། གཉེར་མགོ་བརྩམས་པའི་ཉིན་མོར་བོད་ལུག1780དང་། ནོར་ནག224བཤས་གཏོང་བྱས། ཡུལ་དངོས་ཉོ་འཚོང་དང་དྲ་ལམ་ཐད་གཏོང་དངོས་ཚོང་ཡོང་འབབ་སྒོར་ཁྲི239.058ལ་སླེབས།

9
ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་སུ། ཚྭ་ཁ་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས132016ལ་སྣེ་ལེན་བྱས་པ་དང་། ཉིན་རེའི་ཆ་སྙོམས་ཡུལ་སྐོར་བ་མི་ཐེངས18859ལ་སླེབས་ཡོད་པ་རེད།

10
ད་ལོའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ཉིན་བདུན་རིང་། དཀར་མཛེས་ཁུལ་གྱིས་ཁྱོན་བསྡོམས་ཡུལ་སྐོར་བ་ཁྲི312.72ལ་སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར34.44ཟིན་ནས། རྒྱལ་སྟོན་ཡུལ་སྐོར་སྣེ་ལེན་ལ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

11
ཚེས9ཉིན་གྱི་ཆུ་ཚོད08ནས་ཚེས10ཡི་ཆུ་ཚོདི20ཡི་བར་དུ། ཟི་ལིང་དང་མཚོ་ཤར། མཚོ་བྱང་། ཡུས་ཧྲུའུ། མགོ་ལོག རྨ་ལྷོ། དེ་བཞིན་ན་གོར་མོ་གྲོང་ཁྱེར། ཐེམ་ཆེན། ཏུའུ་ལན་བཅས་ལ་ཧའོ་སྨིད0.1ནས8བར་གྱི་ཆར་ཆུང་ཆུང་དང་ཁངས་ཆར་འདྲེས་མ་འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་པ་མང་བའི་གནམ་གཤིས་ཡོད་པ་རེད།