གསར་འགྱུར་གལ་ཆེན།
发布时间:2024年10月10日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།  ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་ཉེར་ཡོད་པའི་སྐབས་སུ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་འཕྲིན་ཡིག་སྤྲིངས་ནས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་པ་དང་ཚོགས་མི། དང་བླངས་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་འབྲེལ་རྒྱ་གྲམ་དམར་པོ་ཚོགས་པའི་ལས་དོན་ཡག་པོར་བསྒྲུབ་རྒྱུའི་ཐད་རེ་བ་གནང་བ་རེད། 

ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར《སྤྱི་པའི་གྲངས་གཞིའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས། 

རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་ལྕགས་ལམ་སྐྱེལ་འདྲེན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དང་། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར1.77སྐྱེལ་འདྲེན་བྱས་ཡོད་པ་རེད། 

བཟོ་ལས་དང་ཆ་འཕྲིན་ཅན་པུའི་གྲངས་གཞིའི་ཐོག་ནས་མངོན་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་ཞིབ་རྩིས་དྲ་བ་དང་འབྲེལ་བ་ཡོད་པའི་དྲ་སྦྲེལ་གྲངས་གཞིའི་ལྟེ་གནས་དང་གྲངས་གཞི་ཆེན་མོ། སྤྲིན་རྩིས་སོགས་གསར་དར་ལས་སྒོ་ལེགས་སྒྲུབ་བྱས་པའི་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར2870ཡིན་པ་དེ་དུས་མཚུངས་ལས10.5%འཕར་ཡོད་པ་རེད། 

ཟླ10པར་རང་རྒྱལ་གྱི་སིལ་ཚོང་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས51.4%ཡིན་པ་དང་། ཟླ་བ་གཉིས་རིང་བསྟུད་མར་ཆེས་ཆེར་འཕར་བའི་རྣམ་པ་མངོན་ཡོད། 

སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་བཅུ་བཞིའི”ཚུན་དུ་རྒྱལ་ཡོངས་ཀྱི་སྲིད་འཛིན་སྡེ་བའི་ཁོར་ཡུག་བཅོས་སྒྲིག་བྱེད་ཚད་ཁྲི6.7ཡིན་པ་དང་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱེད་ཚད45%ཡན་ཟིན་ནས། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ལེགས་སུ་ཕྱིན་ཡོད་པ་རེད། 

ནོར་སྲིད་པུས་བརྡ་ཐོ་བཏང་བ་ལྟར་ན། 2024ལོར་ཧ་ཅང་ཡུན་རིང་བའི་དམིགས་བསལ་རྒྱལ་བུན(དུས་ཐེངས་དྲུག་པ)(ལོ30)མུ་མཐུད་འགྲེམ་སྤེལ་བྱ་རྩིས་ཡོད་པ་རེད། 

ཚེས9ཉིན་ཁྲའོ་ཞན་མི་དམངས་དམག་གི་སྤྱི་ཁྱབ་ཇུས་འདོན་པུས་གསལ་བསྒྲགས་སྤེལ་ནས། དེ་ཉིན་ནས་བཟུང་ཧན་གོ་དང་སྦྲེལ་བའི་ལྕགས་ལམ་དང་གཞུང་ལམ་རྦད་དེ་གཅོད་རྒྱུ་དང་འབྲེལ་འགོག་སྲུང་སྒྲིག་བཀོད་འགག་སར་ཅན་དང་བརྟན་དུ་གཏོང་བའི་ལས་གྲྭ་ལག་བསྟར་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད།图片

ཚེས9ཉིན་སུའེ་ཏེན་གོང་མ་ཚང་ཚན་རིག་ཁང་གིས2024ལོའི་ནོ་པེར་རྫས་འགྱུར་རིག་པའི་བྱ་དགའ་ཚན་རིག་མཁས་ཅན་གསུམ་ལ་སྤྲད་ནས། ཁོང་ཚོས་སྤྲི་དཀར་རྫས་ཇུས་འགོད་དང་སྤྲི་དཀར་རྫས་གྲུབ་ཆ་སྔོན་དཔག་བྱེད་པའི་ཁྱབ་ཁོངས་ནང་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་རེད། 

སྤྱི་ཚོགས། 

གཟའ་མཇུག་གི་སྔ་རྗེས་སུ་རང་རྒྱལ་གྱི་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བའི་དྲོད་ཚད་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད། བྱང་ཤར་གྱི་ས་ཆ་མང་པོ་ཞིག་གི་དྲོད་ཚད་རྒྱུན་གཏན་གྱི་དུས་མཚུངས་ལས10℃ཙམ་གྱིས་མཐོ་བ་ཡོད་པ་དང་། རྨ་ཆུ་དང་ཧོའེ་ཧོ་ཆུ་བོ། འབྲི་ཆུའི་དབུས་སྨད་རྒྱུད་སོགས་ཀྱི་དྲོད་ཚད་མཐོ་ཤོས30℃ཙམ་ཡོད་པ་རེད། 

ཀྲུང་དབྱང་དྲ་འཕྲིན་གཞུང་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། “2024ལོའི་དབྱར་ཁའི་གུང་གསེང་རིང་ནར་མ་སོན་པའི་མིའི་དྲ་རྒྱའི་ཁོར་ཡུག་བཅོས་སྒྲིག”གི་ཆེད་དོན་འགུལ་སྐྱོད་སྤེལ་རིང་། རིམ་རྩིས་བྱས་ན་ནར་མ་སོན་པའི་མི་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཆ་འཕྲིན་མི་ལེགས་པ་ཁྲི430ལྷག་ཙམ་གཙང་བཤེར་དང་བཀག་འགོག་བྱས་ལ། དྲ་ཚིགས2000ལྷག་གི་སྒོ་བརྒྱབ་པ་རེད། 

ཀྲུང་གོ་ཟོག་འགྲེམ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ9པར་རྒྱལ་ཡོངས་སུ་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་མཁའ་ལམ20གསར་དུ་བཏོད་ནས་གཟའ་འཁོར་རེར་འགྲོ་འོང་བྱེད་པའི་དུས་གཏན་གནམ་གྲུ60ལྷག་ཙམ་མང་དུ་བཏང་ཡོད་པ་རེད། 

2024ལོའི་དུས་ཚིགས་གསུམ་ནང་རྒྱལ་ཡོངས་ཀྱི་ཚོང་གཉེར་རང་བཞིན་གྱི་འཁྲབ་སྟོན(རོལ་རྩེད་བྱ་ཡུལ་གྱི་འཁྲབ་སྟོན་ཚུད་མེད་པ)ཐེངས་ཁྲི17.33བྱས་པ་དེ་དུས་མཚུངས་ལས16.27%འཕར་ཡོད་པ་རེད། 图片

ཚེས9ཉིན་གྱི་དགོང་མོ། ཀྲུང་གོའི་བདམས་ཐོན་པ་ཀྲེན་ཆིན་ཝུན2024ལོའི་ཝུའུ་ཧན་ཝང་ཆིའུ་སྤོ་ལོའི་ཡོངས་བསྒྲགས་འགྲན་བསྡུར་གྱི་རེས་སྐོར་གཉིས་པའི་འགྲན་བསྡུར་ནང་འགྲན་ཡ་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད། 

ཚེས10ཉིན་གྱི་ཆུ་ཚོད20ནས་བཟུངG217ལམ་ཐིག་གི་ཁེར་མཛོད་གཞུང་ལམ་དུ་དགུན་དུས་བཀག་སྡོམ་བྱས་ནས་འཁོར་རིགས་ཤར་བགྲོད་གཏོང་མཚམས་འཇོག་རྒྱུ་ཡིན་པ་རེད། 

སྐྱེས་པ་ཀྲང་ཆེ་གེ་མོས་དོམ་ཁྲའི་རྟེན་གཞིའི་ས་ཁོངས་སུ་མི་མེད་གནམ་གྲུ་བཏང་བར་བརྟེན་སྤྱི་བདེ་ལས་ཁུངས་ཀྱིས་ཀྲང་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་དང་། དོམ་ཁྲའི་རྟེན་གཞིས་དོམ་ཁྲའི་ཁུལ་དུ(དོམ་ཁྲའི་གྲོག་རོང་ཚུད་པ)ཚེ་གང་བོར་ལྟ་སྐོར་དུ་འགྲོ་མི་ཆོག་པའི་གཏན་འབེབས་བྱས་པ་རེད། 图片

ཚེས9ཉིན་པའོ་ཐོའུ་ནས་ཡིང་ཁྲོན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་སྟེ་ཝུའུ་ཧའེ་རྨ་ཆུའི་ཟམ་ཆེན(乌海黄河特大桥)མཉམ་བསྲེས་བྱས་པ་དེས་ལམ་ཐིག་ཧྲིལ་པོའི་ཟམ་པའི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་པ་མཚོན་ཡོད་པ་རེད། 

སྲིད་ཇུས།

རྒྱལ་ཁབ་སྨན་བཅོས་གུན་སྐྱོབ་ཅུས་ཡིག་ཆ་བཀྲམ་ནས་སྨན་བཅོས་གུན་སྐྱོབ་ཐེབས་རྩའི་སྤྱི་ཚོགས་ལྟ་སྐུལ་པའི་དོ་དམ་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ལྟ་སྐུལ་པ་ཡོངས་བསྒྲགས་གདན་ཞུ་དང་དམིགས་བསལ་གདན་ཞུ། མི་སྒེར་གྱིས་ངོ་སྤྲོད། ཚན་པས་འོས་སྦྱོར་སོགས་ཀྱི་བྱ་ཐབས་ཐོག་ནས་གཏན་འཁེལ་བྱེད་པ་དང་། གདམ་གསེས་གདན་ཞུའི་བརྡ་ཐོ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

ཧེ་ལུང་ཅང་གིས་ཡིག་ཆ་བཀྲམ་ནས་ཆ་རྐྱེན་འཛོམས་པའི་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པར་བཅད་གྲངས་ཁ་གསབ་བྱེད་དགོས་ལ། ཁྱིམ་ཚང་རྐྱང་པའི་ཞིང་རར་ཁ་གསབ་སྒོར་ཁྲི2སྤྲོད་པ་དང་། ཞིང་པ་རྐྱང་པའི་མཉམ་ལས་ཁང་ལ་ཁ་གསབ་སྒོར་ཁྲི20སྤྲོད་རྒྱུ་ཡིན་པ་རེད། 

ཀྲེ་ཅང་ཧང་ཀྲོའུ་ཡིས་ས་ཁང་བདག་ཁོངས་ཀྱི་འབྲེལ་ཡོད་སྲིད་ཇུས་ལེགས་སྒྱུར་དང་ལེགས་སྒྲིག་བྱས་ནས། གསར་དུ་བཤུག་པའི་སྡོད་ཁང་གི་སྤྱོད་སར་ཚོང་སྒྱུར་ཁང་པ་གསར་རྒྱག་གི་རིན་གོང་ཚད་བཀག་གི་བླང་བྱ་སླར་ཡང་མི་བཟོ་བ་དང་། བཤུག་ཟིན་པའི་ས་ཆ་དེ་སྔའི་གན་རྒྱའི་ཁ་ཆད་ལྟར་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 

དེ་རིང་གི་གནམ་གཤིས། 

图片

བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་། སི་ཁྲོན་ནུབ་རྒྱུད་དང་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་ནུབ་རྒྱུད་དང་དབུས་བྱང་རྒྱུད། ནང་སོག་གི་བྱང་ཤར་རྒྱུད། ཧེ་ལུང་ཅང་གི་བྱང་ཤར་རྒྱུད། ཅི་ལིན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་ཀྱི་ཡོད་པ་དང་། དེའི་ནང་བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད་དང་སི་ཁྲོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་ཀྱི་ཡོད་ཅིང་། ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད། མཚོ་སྔོན་གྱི་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁ་བ་ཆུང་ཆུང་ནས་འབྲིང་ཙམ་དང་། ཡང་ན་ཁ་ཆར་འདྲེས་མ་འབབ་རྒྱུ་རེད།