མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་རིམ་པ3.2ཅན་གྱི་ས་ཡོམ་བྱུང་།
发布时间:2024年11月08日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོའི་ས་ཡོམ་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། ཟླ11པའི་ཚེས8ཉིན་གྱི་ཆུ་ཚོད7དང་སྐར་མ6སྟེང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གུང་ཧོ་རྫོང་དུ་རིམ་པ3.2ཅན་གྱི་ས་ཡོམ་བྱུང་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ10ཡིན་ལ། ཡོམ་ལྟེ་ནི་བྱང་གི་འཕྲེད་ཐིག་ཏུའུ36.67དང་ཤར་གྱི་གཞུང་ཐིག་ཏུའུ100.93ཡིན་པ་རེད།