མཚོ་སྔོན་གྱི་བགྲོད་ལམ་འདི་དག་གི་བཀག་སྡོམ་གློད་འདུག
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2024ལོའི་ཟླ11པའི་ཚེས25ཉིན་གྱི་ཆུ་ཚོད13དང་སྐར་མ35སྟེང་མཚོ་སྔོན་མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་བགྲོད་ལམ་འདི་དག་གི་བཀག་སྡོམ་གློད་འདུག
①པེ་ཅིང་ནས་བོད་ལྗོངས་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་མཚོ་ཤར་ལམ་ཐིག་གཙོ་བོའི་དངུལ་བསྡུའི་ས་ཚིགས་ནས་མ་ཁྲང་ཡོན་ལམ་དུམ་གྱི་ཕྱོགས་གཉིས་ཀྱི་བཀག་སྡོམ་གློད་ཡོད། ཟི་ལིང་ནུབ་ནས་སྟོང་སྐོར་བར་གྱི་ལམ་དུམ་གྱི་ཕྱོགས་གཉིས་ཀྱི་བཀག་སྡོམ་གློད་ཡོད།
②འབྲོང་ཡུལ་ནས་ཝུན་ཁྲོན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཕིན་ཨན་ནས་ཨ་སྡེ་བར་གྱི་ལམ་དུམ་གྱི་ཕྱོགས་གཉིས་ཀྱི་བཀག་སྡོམ་གློད་ཡོད།
③ཟི་ལིང་ནས་རྟ་ཐང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྟ་ཐང་ནས་ཟི་ལིང་བར་གྱི་ལམ་དུམ་གྱི་ཕྱོགས་གཉིས་ཀྱི་བཀག་སྡོམ་གློད་ཡོད།
གཉིས། མུ་མཐུད་འགྲིམ་འགྲུལ་བཀག་སྡོམ་བྱས་པའི་ལམ་དུམ།
①ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཟི་ལིང་ནས་ཧུའུ་ཀྲུའུ་བར་གྱི་ལམ་ཐིག་ཧྲིལ་པོའི་ཕྱོགས་གཉིས་བཀག་སྡོམ་བྱས་ཡོད། གོང་གི་བཀག་སྡོམ་བྱས་པའི་ལམ་དུམ་གྱི་བཀག་སྡོམ་གློད་པའི་དུས་ཚོད་བགྲོད་ལམ་འགྲིམ་འགྲུལ་གྱི་གནས་ཚུལ་ལ་གཞིགས་ནས་བརྡ་གཏོང་རྒྱུ་ཡིན་ལ། མིག་སྔར། བདག་སྐྱོང་སྡེ་ཁག་གིས་དུས་ཚོད་དམ་འཛིན་གྱིས་འབྲེལ་ཡོད་བྱ་བ་སྒྲུབ་བཞིན་པའི་སྒང་ཡིན་ཞིང་། མྱུར་བགྲོད་གཞུང་ལམ་འགྲིམ་འགྲུལ་ཉེན་རྟོག་པས་ལམ་ངོས་སླར་གསོ་བྱས་ཏེ་སྐོར་ཞིབ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བཞིན་ཡོད་པས་རྒྱ་ཆེའི་ཁ་ལོ་བ་ཚོས་རླངས་འཁོར་དལ་མོར་བསྐོར་བ་དང་བདེ་འཇགས་ལ་དོ་སྣང་བྱ་དགོས།