2024ལོའི་མཚོ་བྱང་གི་དགུན་དུས་ཡུལ་སྐོར་བྱེད་སྒོ་སྤེལ་མགོ་ཚུགས་པ་རེད།
བྱ་དགའ་གཅིག
གཟིགས་སྐྱོང་ལྔ།
2024ལོའི་ཟླ10པའི་ཚེས1ཉིན་ནས2025ལོའི་ཟླ9པའི་ཚེས30ཉིན་བར་མཚོ་བྱང་གི་ལྗོངས་ཁུལ་ལ་སྐོར་བའི་རིན་གོང་སྒོར260ཡི་མཉམ་འབྲེལ་འཛིན་བྱང(མ་གོང་སྒོར540ཡིན།)སྤྲད་དེ་མཚོ་བྱང་གི་ཡུལ་སྐོར་གནས་མཆོག་སོ་སོར་ཡུལ་སྐོར་བྱས་ཆོག་སྟེ། འཇུ་ལག་གི་མདུན་རི་དང་ཀྱུ་ཡངས་ལུང་པ། ལེ་དབར་བརྒྱའི་ལོག་ཀར་མེ་ཏོག་གི་ལྗོངས་གཟིགས་སྟེགས་བུ། མདོ་ལའི་ཨ་མྱེས་སྟོང་སོ་དང་བཙུན་མོ་དམར་ཡག་མའི་ལྗོངས་ཁུལ། རྐང་ཚའི་གསེར་ཉའི་ཁྱིམ་གཞིས་དང་དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་སློབ་གསོའི་རྟེན་གཞི། མདའ་བཞིའི་གསེར་དངུལ་ཐང--རྡུལ་ཕྲན་མཁར--སྨོན་ལམ་མཐོན་པོའི་ལྗོངས་ཁུལ་བཅས་ཚུད་ཡོད་པ་དང་། ཡུལ་སྐོར་བས་འཛིན་བྱང་གཅིག་གིས་མཚོ་བྱང་གི་མཛེས་ལྗོངས་མི་འདྲ་བརྒྱད་ལ་མྱོང་རོལ་བྱེད་ཐུབ། བྱེད་སྒོ་སྤེལ་རིང་། ཡུལ་སྐོར་བ་ཚོར་དམིགས་ཏེ“འཛིན་བྱང་ལྟར་རིན་གོང་ཇེ་བདེར་བཏང”སྟེ། ཡུལ་སྐོར་བ་བཅུ་ཡན་གྱིས་མཉམ་དུ་ཡུལ་སྐོར་བྱེད་པར་འཇུ་ལག་གི་མདུན་རི་དང་རྐང་ཚའི་དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི། མདའ་བཞི་གསེར་དངུལ་ཐང--སྨོན་ལམ་མཐོན་པོ་ལྗོངས་ཁུལ་གྱི་ཝང་ལུའོ་པིན་རོལ་དབྱངས་སྒྱུ་རྩལ་ཁང་བཅས་ལ་ཆེད་ལས་འགྲེལ་བཤད་པས་འགྲེལ་བཤད་ཀྱི་ཞབས་ཞུ་ཐེངས་རེ་བྱེད་པ་དང་། ཡུལ་སྐོར་བས་ལྗོངས་ཁུལ་གྱི་མཉམ་འབྲེལ་འཛིན་བྱང་ཉོས་ཡོད་པར་རིན་མེད་ངང་མེ་ལྷ་གངས་དཀར་དང་ཁེ་རམ་ཐང་ལྗོངས་ཁུལ་དུ་བསྐྱོད་ཆོག་པ་དང་འབྲེལ་ལྟ་སྐོར་རླངས་འཁོར་གྱི་རིན་གོང་ཕྱེད་ཀ་གཅོག་པའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག(མི་རེར་སྒོར20)
གསུམ། མདོ་ལས“ལྷ་ཡུལ་མདོ་ལའི་ལྗོངས་ཁུལ་གྱི་འཛིན་བྱང་གིས་ཉིན་གསུམ་ནང་ཅི་དགར་རོལ་མྱོང་བྱས་ཆོག་པ”དང“སྟོན་དུས་སུ་ཡུལ་སྐོར་དུ་སྐྱོད་པར་དངུལ་ཁང་དང་སྲིད་གཞུང་གིས་ཁྱེད་ལ་གནམ་གྲུའི་འཛིན་བྱང་ཉོ་རོགས་བྱེད”ཅེས་པ། ལྗོངས་ཁུལ་ཁག་ཅིག་གི་འཛིན་བྱང་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་ཞག་སྡོད་རིན་གོང་ཕྱེད་ཀ་ཕབ་པའི་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད།
ཨ་མྱེས་སྟོང་སོ་ལྗོངས་ཁུལ་དུ(5A)2024ལོའི་ཟླ10པའི་ཚེས10ཉིན་ནས་ཟླ11པའི་ཚེས1ཉིན་བར་འཛིན་བྱང་ཆ་ཚང་སྒོར60.00ཡིན་པ་དང་རླངས་འཁོར་གྱི་འཛིན་བྱང་མི་དགོས་པ་མ་ཟད། འགན་མེད་གྲོས་མཐུན་བཞག་རྗེས་རང་གིས་རླངས་འཁོར་བཏང་ནས་ཡུལ་སྐོར་དུ་བསྐྱོད་ཆོག 2024ལོའི་ཟླ11པའི་ཚེས1ཉིན་ནས2025ལོའི་ཟླ5པའི་ཚེས1ཉིན་བར་འཛིན་བྱང་རིན་གོང་ཕྱེད་ཀ་ཕབ་ནས་སྒོར30.00ཡི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག རླངས་འཁོར་གྱི་འཛིན་བྱང་མི་དགོས་ལ། འགན་མེད་གྲོས་ཡིག་བཞག་ནས་སྒེར་འཁོར་བཏང་ཏེ་ཡུལ་སྐོར་དུ་བསྐྱོད་ཆོག
བཙུན་མོ་དམར་ཡག་མའི་ལྗོངས་ཁུལ་དུ(4A)ཟླ10པའི་ཚེས10ཉིན་ནས2025ལོའི་ཟླ4པའི་ཚེས10ཉིན་བར་ལྗོངས་ཁུལ་གྱི་འཛིན་བྱང་རིན་གོང་ཕྱེད་ཀ་ཕབ་ནས་མི་རེར་སྒོར30ཡིན་པ་དང་། བར་སྐྱེལ་རླངས་འཁོར་ལ་རིན་མི་དགོས་པ་དང་སྒེར་འཁོར་བཏང་ནས་སྟེགས་བུ་གཉིས་པར་སྐྱོད་ཆོག
མདོ་ལའི་གངས་ལྗོངས་ཆུ་ཁོལ་སྤྲོ་གསེང་ཁུལ་དུ(2A)2024ལོའི་ཟླ10པའི་ཚེས20ནས2025ལོའི་ཟླ་4པའི་ཚེས20ཉིན་བར་འཛིན་བྱང་རིན་གོང་སྔོན་གྱི་སྒོར90ནས་སྒོར38.00བར་ཕབ་ཡོད།
བློན་པོ་བྱ་རྒོད་ལྗོངས་ཁུལ་དུ2024ལོའི་ཟླ10པའི་ཚེས10ཉིན་ནས2025ལོའི་ཟླ4པའི་ཚེས10ཉིན་བར་འཛིན་བྱང་རིན་གོང་མི་རེར་སྒོར70ཡིན་པ་དང་། རླངས་འཁོར་ལ་འཛིན་བྱང་མི་དགོས་ལ། འགན་མེད་གྲོས་ཡིག་བཞག་ནས་སྒེར་འཁོར་བཏང་སྟེ་ཡུལ་སྐོར་དུ་བསྐྱོད་ཆོག
བཞི། རྐང་ཚས་འབྲེལ་ཡོད་ལྗོངས་ཁུལ་གྱི་འཛིན་བྱང་རིན་གོང་ཕབ་པའི་གཟིགས་སྐྱོང་དང་སྐར་མ་རིམ་པའི་གསོལ་མགྲོན་ཁང་གི་གཟིགས་སྐྱོང་བྱེད་སྒོ་བཏོན་ཡོད།
གསེར་ཉའི་ཁྱིམ་གཞིས་ལྗོངས་ཁུལ་དུ(4A)2024ལོའི་ཟླ11པའི་ཚེས1ཉིན་ནས2025ལོའི་ཟླ3པའི་ཚེས31ཉིན་བར་ལྗོངས་ཁུལ་གྱི་འཛིན་བྱང་ཉོ་མི་དགོས་པ་དང་བར་སྐྱེལ་རླངས་འཁོར་མེད་ལ། འཛད་སྤྱོད་རྣམ་གྲངས་ཐེངས་གཉིས་པར་རྒྱུན་གཏན་ངང་རིན་བསྡུ་རྒྱུ་རེད།
ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་དུ2024ལོའི་ཟླ11པའི་ཚེས1ཉིན་ནས2025ལོའི་ཟླ3པའི་ཚེས31ཉིན་བར་ལྟ་སྐོར་རླངས་འཁོར་གྱི་འཛིན་བྱང་སྲིད་ཇུས་ནི། 1.སློབ་མ་དང་། ལོ60(ཚུད་པ)ཡན་གྱི་རྒན་རྒོན་གྱིས་ནུས་ལྡན་གྱི་ཐོབ་ཐང་་ལག་ཁྱེར་ལ་བརྟེན་ནས་ལྟ་སྐོར་རླངས་འཁོར་གྱི་འཛིན་བྱང་རིན་གོང་ཕྱེད་ཀ་འབེབས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། 2. སྨི1.2མན་གྱི་བྱིས་པར་ལྟ་སྐོར་འཛིན་བྱང་ཉོ་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག 3.དངོས་ཞབས་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིས་ལྟ་སྐོར་རླངས་འཁོར་གྱི་འཛིན་བྱང་ཉོ་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག 4.ཉེན་རྟོག་པ་དང་། སྨན་པ། མེ་ཟོན་ལས་དོན་པ་བཅས་ཀྱིས་ལྟ་སྐོར་འཛིན་བྱང་ཉོ་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག། 5.ཧྲན་ཏུང་ནས་ཡིན་པའི་ཡུལ་སྐོར་བས་ལྗོངས་གཟིགས་རླངས་འཁོར་འཛིན་བྱང་མི་དགོས་པའི་སྲིད་ཇུས་ལོངས་སུ་སྤྱོད་ཆོག
དགོ་དམར་ཚན་རིག་ཁྱབ་གདལ་དང་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར2024ལོའི་ཟླ11པའི་ཚེས1ཉིན་ནས2025ལོའི་ཟླ3པའི་ཚེས31ཉིན་བར་རྟེན་གཞིའི་འཛིན་བྱང་ཉོ་མི་དགོས་ལ། ལྟ་སྐོར་རླངས་འཁོར་ཚོང་གཉེར་བྱེད་མཚམས་བཞག་ཡོད།
ཚངས་དབྱངས་རྒྱ་མཚོའི་རིག་གནས་ཐང་ཆེན(2A)གྱི་ལྗོངས་ཁུལ་ལ་དུས་ཡུན་རིང་པོའི་ནང་རིན་མེད་རེད། ནུབ་རིའི་གནའ་ཤུལ་སྤྱི་གླིང(2A)གི་ལྗོངས་ཁུལ་ལ་དུས་ཡུན་རིང་པོའི་ནང་རིན་མེད་རེད།
ལྔ། མདའ་བཞིས་ཡུལ་སྐོར་ལྗོངས་ཁུལ་ཁག་ཅིག་ལ་འཛིན་བྱང་ཉོ་མི་དགོས་པ་དང་། ངས་ཁུལ་ཁག་ཅིག་གི་འཛིན་བྱང་རིན་གོང་ཕྱེད་ཀ་མ་གཏོགས་མི་ལེན་པ། སྐར་མ་རིམ་པའི་མགྲོན་ཁང་དང་། མདའ་བཞིའི་ཆུ་ཁོལ་མགྲོན་ཁང་། མདའ་བཞི་རྒྱལ་སྤྱིའི་མགྲོན་ཁང་བཅས་ལ་རིན་གོང་འབེབས་པའི་གཟིགས་སྐྱོང་བཏོན་ཡོད།
གསེར་དངུལ་ཐང་རྡུལ་ཕྲན་མཁར་ལྗོངས་ཁུལ་དུ(4A)2024ལོའི་ཟླ10པའི་ཚེས15ཉིན་ནས2025ལོའི་ཟླ4པའི་ཚེས15ཉིན་བར་རིན་གོང་འཛིན་བྱང་རིན་གོང་ཕྱེད་ཀ་ལས་སྤྲོད་མི་དགོས།
སྨོན་ལམ་མཐོན་པོ་རུ(2A)2024ལོའི་ཟླ10པའི་ཚེས15ཉིན་ནས2025ལོའི་ཟླ6པའི་ཚེས20ཉིན་བར་སྒར་འདེབས་རྟེན་གཞིའི་སྒུལ་ཤུགས་མེད་པའི་རོལ་རྩེད་སྒྲིག་ཆས་རིན་མེད་ངང་རྩེད་ཆོག་པ་དང་། གསར་བརྗེའི་ཞིབ་འཇུག་དང་སློབ་སྦྱོང་འགྲེམས་ཁང་དུ་ལྟ་སྐོར་དང་འགྲེལ་བཤད་རིན་མེད་ཡིན་ལ། རླངས་འཁོར་རིན་མེད་ངང་བཞག་ཆོག་པ་དང་ཚོགས་པའི་བྱེད་སྒོ་སྤེལ་ཡུལ་དུ་རིན་གོང་ཕབ་ཆ་ལྔ་གཅོག་པ། KTVརིན་མེད་ངང་མཁོ་སྤྲོད་བྱེད་པ། མཚོ་བྱང་རང་ས་གནས་ཀྱི་འགྲུལ་པར་ཁང་གླ་ཕབ་ཆ་ལྔ་གཅོག་པ། འཚིག་ཇ་དང་འོ་ཇ། ཇ་ནག དཔེ་ཁང་སོགས་རིན་མེད་ཡིན་པ། གློག་བརྙན་རིན་མེད་ངང་ལྟ་བ། འབྲོག་རའི་སྲོག་ཆགས་ཆུང་གྲས་ལ་རིན་མེད་ངང་ལྟ་བ། བསྲེགས་ཟས་མཁོ་ཆས་དང་རྐུབ་སྟེགས། གུར་དང་ཕྱི་རོལ་གྱི་ཉི་གདུགས་རིན་མེད་ངང་སྤྲོད་པ། དགུན་དུས་ཀྱི་མཁའ་དབྱིངས་སྡོད་ཁང་དུ་མཁའ་རླུང་སྙོམས་ཆས་དང་གློག་གི་དྲོད་ཆས། ས་འོག་དྲོད་ཆས། གློག་གདན་སོགས་རིན་མེད་ངང་མཁོ་འདོན་བྱེད་པ་བཅས་གཟིགས་སྐྱོང་མང་པོ་ཡོད།
རིན་མེད་བཅུ།