མཚོ་སྔོན་གྱི་རླན་ས་སྲུང་སྐྱོབ་འཆར་འགོད་ཀྱིས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་སྐྱེ་ཁམས་བདེ་འཇགས་ལ་ཁག་ཐེག་བྱེད་པ།
发布时间:2024年12月17日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་གོའི་ཁོར་ཡུག་ཚགས་པར། བཤེར་འབེབས། ཚཆ་བརྟན་བཀྲ་ཤིས།

ཉེ་ཆར། 《མཚོ་སྔོན་གྱི་རླན་ས་སྲུང་སྐྱོབ་འཆར་འགོད(2024ལོ་ནས2030ལོའི་བར)》ཅེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཏེ་ལག་བསྟར་བྱས་ཤིང་། དེ་ལ་ཁྱོན་བསྡོམས་ལེའུ་ལྔ་དང་ས་བཅད་ཉི་ཤུ་ཡོད་ལ། གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོ། མཚོ་སྔོན་པོའི་འབབ་རྒྱུད། ཚྭ་འདམ་གཞོང་ས། རྨ་ཙོང་རོང་ས་བཅས“སྐྱེ་ཁམས་དུམ་ལེབ་ལྔ”བར་སྟོང་བཀོད་སྒྲིག་གི་རྨང་གཞིར་བྱས་ཐོག སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་གཙང་གསུམ་འབྱུང་ཡུལ་ལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོབ་བཅས་བྱེད་པ་དམིགས་འབེན་དུ་བཟུང་ནས། 2030ལོར་སླེབས་སྐབས་མཚོ་སྔོན་དུ་རྒྱལ་སྤྱིའི་རླན་ས་གལ་ཆེན5དང་། རྒྱལ་ཁབ་རླན་ས་གལ་ཆེན6 ཞིང་ཆེན་རིམ་པའི་རླན་ས་གལ་ཆེན35བཅས་ཡོད་པར་བྱ་རྒྱུ་རེད། 

图片

 པར་རིས་ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། 

图片来源:新华社 

རང་རྒྱལ་གྱི་རླན་སའི་རྒྱ་ཁྱོན་ཆེས་ཆེ་བའི་ཞིང་ཆེན་ཡིན་པའི་ཆ་ནས། མཚོ་སྔོན་ཞིང་ཆེན་དུ་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་སོགས་ཡོད་སྟབས། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་པའི་མཚན་སྙན་ཐོབ་ཡོད། རྒྱལ་ཡོངས་ཀྱི་རྒྱལ་ཁོངས་ཞིབ་བཤེར་ཐེངས་གསུམ་པ་དང2023ལོའི་རྒྱལ་ཁོངས་བསྒྱུར་བཅོས་ཞིབ་བཤེར་བྱས་འབྲས་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དུ་སྐམ་སའི་གྲམ་ཐང་དང་ན་འདམ། ན་འདམ་རྩྭ་ས། ནགས་ཚལ་ན་འདམ། བཞུར་ཆུའི་ཆུ་ངོས། མཚེའུའི་ཆུ་ངོས། ཆུ་མཛོད་ཀྱི་ཆུ་ངོས། རྫིང་བུའི་ཆུ་ངོས(གསོ་སྤེལ་རྫིང་བུའི་ཆུ་ངོས་མི་འདུས) ཆུ་ཡུར་སོགས་རླན་ས་རིགས9དང་སྤྱིའི་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར0.71ཡོད་ལ། དེས་རང་རྒྱལ་གྱི་རླན་ས་སྤྱིའི་རྒྱ་ཁྱོན་གྱི12.64%ཟིན་ཏེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ཡོད།   

ཉེ་བའི་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་སྐྱེ་ཁམས་བདེ་འཇགས་ལ་དམིགས་ཏེ། ཐབས་མང་མཉམ་སྤྱོད་སྒོས་རླན་སའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་དང་སླར་གསོ་བྱས་ཤིང་། ཚན་རིག་དང་མཐུན་པའི་ངང་མཚོ་སྔོན་གྱི་རླན་ས་སྲུང་སྐྱོབ་ཀྱི་དམིགས་འབེན་དང་། བཀོད་སྒྲིག རིགས་ལམ། བྱེད་ཐབས་བཅས་འཆར་འགོད་བྱས་ཏེ། རྒྱལ་ཡོངས་ཀྱི་སྔོན་ལ་རླན་སའི་སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པའི་ལམ་ལུགས་ལག་བསྟར་བྱས། རླན་སའི་སྤྱི་གླིང་འཆར་འགོད་འཛུགས་སྐྲུན་སོགས་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་སྤྱི་གླིང་གཙོ་བོ་དང་རླན་སའི་རིགས་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་རྨང་གཞི། རླན་སའི་སྤྱི་གླིང་ཁ་གསབ་བཅས་ཀྱི་རླན་སའི་སྲུང་སྐྱོབ་མ་ལག་གྲུབ་ཡོད། 

ད་སྐབས། མཚོ་སྔོན་ཞིང་ཆེན་གྱི་རླན་སའི་ཐོན་ཁུངས་ལ་ཁྱོན་ཡོངས་ནས་སྲུང་སྐྱོབ་ཐུབ་པ་དང་། ཉམས་ཞན་དུ་གྱུར་པའི་རླན་སར་ཚན་རིག་དང་མཐུན་ཞིང་མ་ལག་ལྡན་པའི་སྒོ་ནས་སླར་གསོ་བྱས་པ། རླན་སའི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་སྲ་བརྟན་རང་བཞིན་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། རླན་སའི་སྐྱེ་དངོས་སྣ་མང་རང་བཞིན་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་འཚོ་སྡོད་ས་ཆའི་སྤུས་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་སུ་སྲུང་སྐྱོབ་ཆུ་ཚད་མཐོ་བ་དང་སླར་གསོའི་ཕན་ནུས་མཐོ་བ། འཕེལ་རྒྱས་སྤུས་ཚད་མཐོ་བ་བཅས་ཀྱི་རྣམ་པ་གསར་བ་ཆགས་ཡོད།  

 

图片


青海保护修复湿地确保“中华水塔”生态安全 全省9类湿地占全国湿地总面积12.64%


近日,《青海湿地保护规划(2024—2030年)》印发实施,共五章二十节,以三江源、祁连山、青海湖流域、柴达木盆地、河湟谷地“五大生态板块”为空间布局基础,以维护生态安全、保护三江源、保护“中华水塔”为目标,到2030年,青海国际重要湿地将达到5处,国家重要湿地达到6处,省级重要湿地达到35处。
作为我国湿地面积最大的省份,青海省孕育了黄河、长江和澜沧江等大江大河,被誉为“中华水塔”。根据第三次全国国土调查和2023年度国土变更调查结果显示,青海省有包括内陆滩涂、沼泽地、沼泽草地、森林沼泽,以及河流水面、湖泊水面、水库水面、坑塘水面(不含养殖水面)、沟渠等9类湿地0.71亿公顷,占全国湿地总面积的12.64%,居全国前列。
近年来,青海省聚焦确保“中华水塔”生态安全,多措并举保护修复湿地生态环境,科学谋划青海湿地保护的目标、布局、思路、措施,在全国率先实施了湿地生态管护员制度,通过划建湿地公园等抢救性保护措施,初步形成了以国家公园为主体,湿地类型自然保护区为基础,湿地公园为补充的湿地保护体系。如今,青海省湿地资源得到全面保护,退化湿地得到科学、系统修复,湿地生态系统质量和稳定性显著增强,湿地生物多样性和野生动植物栖息地质量明显提升,形成了全省高水平保护、高效能修复、高质量发展的新格局。