མཚོ་སྔོན་པོའི་རྒྱ་ཁྱོན་མུ་མཐུད་ནས་ཆེ་རུ་ཕྱིན།
1 ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི༼ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས༽དེབ་གསུམ་པའི་སྟོད་ཆ་དེ་ཀྲུང་གུང་ཏང་གི་ལོ་རྒྱུས་དཔེ་སྐྲུན་ཁང་གིས་དངོས་སུ་པར་སྐྲུན་བྱས་ཡོད་ པ་དང་། པར་སྐྲུན་བྱས་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས། 2 རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། 2024ལོའི“བཟོ་ཚོགས་ཀྱིས་ལས་ཞུགས་ལ་རོགས་སྐྱོར”བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱིས་རིམ་རྩིས་བྱས་ན་མི་ཐེངས་ཁྲི1618ལ་ལས་ཞུགས་ཞབས་ཞུ་དང་། མི་ཐེངས་ཁྲི109ལ་ལས་ཞུགས་རྩལ་ནུས་གསོ་སྦྱོང་། མི་ཁྲི6.06ལ་ལས་གཏོད་བྱེད་རོགས་བཅས་བྱས་ཡོད་པ་རེད། 3 ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་པའི་བར། རང་རྒྱལ་གྱི་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས8.2%འཕར་ཏེ། མ་འཇོག་བྱེད་ཚད་ཡོངས་ལས་བརྒྱ་ཆའི་གྲངས4.9ཡིས་མཐོ་ཡོད་པ་རེད། 4 2024ལོའི་ཟླ9པའི་ཟླ་མཇུག་བར་དུ། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་འཆར་གཞིའི་ཆེད་དོན་མ་དངུལ་རྩིས་བཤེར་ཐད་གནད་དོན་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་དུང་ཕྱུར40.39བཅོས་སྒྲིག་བྱས་ལ། ལམ་ལུགས་ཁག248འཐུས་ཚང་དུ་བཏང་བ་དང་། མི1200ལ་ཆད་པ་བཅད་པ་རེད། 5 ཉེ་ཆར། གོ་ལ་ཧྲིལ་པོའི་གསར་གཏོད་ཁྱབ་ཁོངས་ཁྲོད་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པའི་རྒྱལ་སྤྱིའི་ཨེ་ཆི་བྱ་དགའི(ECI Awards)2024ལོའི་ལོ་འཁོར་གྱི་བྱ་དགའི་མིང་ཐོ་ཡོངས་བསྒྲགས་བྱས་ཡོད་པ་དང་། དཀར་མཛེས་ཁུལ་རྒྱང་སྒྲོག་བརྙན་འཕྲིན་རིག་གནས་ཡུལ་སྐོར་ཅུས་ཀྱིས་བཏོན་པའི་རྒྱལ་ལམ317གྱི་མཐོ་སྒང་དར་གོས་ལམ་བུའི་རིག་གནས་བར་ཁྱམས་ཏེ། “དར་གོས་ལམ་བུའི་སྟེང་གི་དཀར་མཛེས། སི་ཁྲོན་ནུབ་རྒྱུད་ཀྱི་སྦས་ཡུལ”ཞེས་པའི་སྤུས་རྟགས་དཔེ་གཞི་དེར་གྲངས་འཛིན་རིག་གནས་ཡུལ་སྐོར་གྱི་གསར་གཏོད་ཐད་ཀྱི་གསེར་གྱི་རྟགས་མ་ཐོབ། 6 ཉེ་ཆར། རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱིས་དོ་དམ་སྐོར་གྱི་གསལ་འདེབས་ཁྱབ་བསྒྲགས་བྱས་ཏེ། འཁྲབ་ཚན་ཐུང་གྲས་དང་བརྙན་ཐུང་ཐུང་གྲས་ཀྱི་མིང་འདོགས་སྟངས་ཐད་ཞིབ་དཔྱད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན། 7 མཚོ་སྔོན་གྱི༼མཐོ་སྒང་བྱེ་ཁུལ་དུ་བྱེ་འགོག་བཀོད་སྒྲིག་བྱེད་པའི་ལག་རྩལ་ཚད་གཞི༽ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ1ཚེས10ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་བསྒྲགས། 8 འབྲེལ་ཡོད་སྡེ་ཁག་བཅུས་མཉམ་འབྲེལ་བྱས་ཏེ། མཚོ་སྔོན་གྱིས་སྤྱི་ཚོགས་ཀྱི་དར་མའི་སློབ་གསོའི་གསོ་སྦྱོང་སྒྲིག་གཞི་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་། 9 མཚོ་སྔོན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བདེ་འཇགས་ཐོན་སྐྱེད་དང་། རང་བྱུང་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་གི་ཆེད་དོན་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 10 མཚོ་སྔོན་པོའི་རྒྱ་ཁྱོན་ན་ནིང་གི་དུས་མཚུངས་ལས་སྤྱི་ལེ་ངོས་གྲུ་བཞི་མ28.1འཕར་ཏེ། མུ་མཐུད་དུ་རྒྱ་བསྐྱེད། 11 ཚེས23ཉིན་གྱི་ཆུ་ཚོད20ནས་ཚེས24ཉིན་གྱི་ཆུ་ཚོད20ཡི་བར་དུ། གདང་ལ་རི་བོ་དང་། འབྲི་སྟོད་ཀྱི་ཞང་གྲོང་ཁ་ཤས་སུ་ཁ་ཐོར་རང་བཞིན་གྱི་ཁངས་ཆུང་ཆུང་འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ལ་གནམ་ཐང་བའམ་སྤྲིན་མང་ཞིང་། ཚེས24ཉིན་གྱི་ཉིན་དཀར། ཡུས་ཧྲུའུ་ཡི་ཁུལ་མང་ཆེ་བ་དང་། མགོ་ལོག་གི་དབུས་ལྷོ་རྒྱུད་དུ་ཚད་རིམ6ནས7བར་གྱི་ནུབ་རླུང་གཡུག་པའི་གནམ་གཤིས་ཡོད་པ་དང་། ཐོལ་རླུང་རིམ་པ8ཡན་ལ་བསླེབ་རྒྱུ་རེད། རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཉིན་རེའི་གངས་ལྗོངས།