མདོ་དབུས་མཐོ་སྒང་དུ་མཚོ་འཕགས་ཆེས་མཐོ་བའི་ས་དྲོད་གློག་འདོན་ས་ཚིགས་ཡོད།
发布时间:2025年01月02日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

རང་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཐོག་ཏུ། མཚར་སྡུག་གི་མུ་ཏིག་རྡོག་གཅིག་མཚོ་འཕགས་ལ་སྨི4306ཡོད་པའི་མདོ་དབུས་མཐོ་སྒང་དུ་འོད་ཆེམ་ཆེམ་གྱིས་འགྲེངས་ཤིང་། དམིགས་བསལ་གྱི་ས་ཁམས་གནས་ཡུལ་དང་ཕུན་སུམ་ཚོགས་པའི་ས་དྲོད་ཐོན་ཁུངས་ལ་བརྟེན་ནས་སྐད་གྲགས་ཆོད་ཡོད་དེ། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ཡངས་པ་ཅན་ཞེས་པ་དེའོ། ། གནས་འདི་ནི་ས་ཁམས་ཀྱི་གནས་ཚད་ཁོ་ན་ཙམ་མ་ཡིན་པར། དེ་བས་ཀྱང་ཚན་རིག་རྟོག་ཞིབ་དང་རང་བྱུང་གི་ངོ་མཚར་གཞི་གཅིག་ཏུ་འབྲེལ་བའི་ས་ཆ་ཞིག་ཡིན། འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་ས་དྲོད་གློག་འདོན་ས་ཚིགས་ཡིན་པའི་ཆ་ནས། དེ་ནི་ནུས་ཁུངས་ཐོན་སྐྱེད་ཀྱི་རྟགས་མཚན་ཞིག་ཡིན་པར་མ་ཟད། སའི་གོ་ལའི་གཏིང་རིམ་གྱི་ནུས་ཚད་འཁོར་རྒྱུག་གི་གསང་བའང་གསལ་སྟོན་བྱས་ཡོད། ང་ཚོས་མཉམ་དུ་ཡངས་པ་ཅན་ས་དྲོད་གློག་འདོན་ས་ཚིགས་ཀྱི་རྒྱབ་ལོག་གི་གཏམ་རྒྱུད་འཚོལ་ཞིབ་བྱས་ཏེ། སའི་གོ་ལའི་གཏིང་རིམ་གྱི་དྲོད་ཁོལ་དང་ནུས་ཚད་ལ་མྱོང་རོལ་བྱེད།

图片

ཡངས་པ་ཅན་ས་དྲོད་གློག་འདོན་ས་ཚིགས།
羊八井地热发电站

ས་གཤིས་ཆ་རྐྱེན། 

ཡངས་པ་ཅན་གཞོང་ས་ནི་ཧིན་རྡུ་དུམ་ལེབ་དང་ཡ་ཡོབ་དུམ་ལེབ་ཀྱི་གདོང་གཏུག་ས་རྒྱུད་དུ་ཡོད་ཅིང་། ས་རིམ་འགུལ་སྐྱོད་དྲགས་ཤིང་ས་ཤུན་ཅུང་སྲབ་ལ། ས་དྲོད་མངོན་གསལ་དོད་པོ་ཡོད། ས་འོག་གི་ཚ་ཆུ་ས་ཤུན་གྱི་སྲུབས་ཀ་བརྒྱུད་དེ་ཡར་འཕགས་པས། ཕུན་སུམ་ཚོགས་པའི་ས་དྲོད་ཐོན་ཁུངས་གྲུབ་ཡོད་ཅིང་། ས་དྲོད་ཐོན་ཁུངས་འདི་དག་དྲོད་ཚད་དང་གནོན་ཤུགས་མཐོན་པོའི་རྣམ་པར་གནས་པས། གསར་སྤེལ་དང་བེད་སྤྱོད་ཀྱི་རིན་ཐང་ཆེན་པོ་ལྡན།

ས་དྲོད་ཐོན་ཁུངས་ཀྱི་རིགས་དབྱེ། 

ཡངས་པ་ཅན་ལ་གྱེན་འཕྱུར་ཆུ་མིག་དང་མཚམས་འཕྱུར་ཆུ་མིག ཆུ་ཚན་དྲོན་མོ། ཆུ་ཚན་ཚ་མོ། ཆུ་ཚན་གདུས་མ། ཆུ་ཚན་མཚེའུ་སོགས་ཕུན་སུམ་ཚོགས་པའི་ས་དྲོད་ཀྱི་ཐོན་ཁུངས་ཡོད་ཅིང་། རིགས་གཙོ་བོ་ནི་དྲོད་རླན་མཐོ་བའི་རླངས་གཟུགས་ས་དྲོད་ཐོན་ཁུངས་ཡིན། དེ་ནི་ས་འོག་གི་ཆུ་དྲོད་ཚད་དང་རླུང་གནོན་མཐོན་པོའི་ཆ་རྐྱེན་འོག་རླངས་པར་གྱུར་ཏེ། ས་ཤུན་གྱི་སྲུབས་ཀ་བརྒྱུད་ནས་ས་ངོས་སུ་འཕགས་པ་ཡིན་ལ། དྲོད་ཚད་མཐོ་ཞིང་རླངས་པའི་འདུས་ཚད་མང་བས། ཐད་ཀར་གློག་འདོན་ལ་སྤྱོད་པར་འཚམ། ཚ་གསོག་ཐོན་ཁུངས་ནི་གཏིང་རིམ་ཐུང་བའི་ཚ་གསོག་དང་གཏིང་རིམ་ཟབ་པའི་ཚ་གསོག་གཉིས་སུ་དབྱེ་ཆོག་པ་དང་། མིག་སྔར་གློག་ཤུགས་ཐོན་སྐྱེད་ལ་སྤྱོད་པ་ནི་གཏིང་རིམ་ཐུང་བའི་ཚ་གསོག་ཡིན། དེའི་ཟབ་ཚད་ལ་སྨི20ནས250ཡི་བར་ཡོད་ཅིང་གཏེར་སྤྱིན་བྱེ་མའི་བྲག་རྡོ་ཡིས་གྲུབ་ཡོད་ལ། ཐོག་ཏུ་གཏེར་སྤྱིན་བྱེ་མའི་བྲག་རྡོ་དང་འཁྱགས་ཆུའི་དིམ་བསགས་དངོས་པོས་ཁེབས་ཡོད། ས་དྲོད་ཁྲོན་པ་ནི་སྤྱིར་བཏང་དུ་ཟབ་ཚད་སྨི1500ནས2000གི་བར་དུ་བརྐོ་དགོས་ཤིང་། ཁྲོན་ཁའི་དྲོད་ཚད150℃ནས200℃ཙམ་ལ་ཐོན། 


图片
 ཡངས་པ་ཅན་གྱི་གྱེན་འཕྱུར་ཆུ་ཚན་མང་པོ། 
羊八井热田群孔放喷

གློག་འདོན་གྱི་རྩ་བའི་རིགས་པ་དང་ལག་རྩལ། 

ཡངས་པ་ཅན་ས་དྲོད་གློག་འདོན་ས་ཚིགས་ལ་རླངས་པ་མྱུར་ཁོལ་གྱི་ལག་རྩལ་སྤྱད་ཡོད་ཅིང་། ས་འོག་གི་དྲོད་ཚད་དང་རླུང་གནོན་མཐོ་བའི་རླངས་པས་རླངས་ཤུགས་འཁོར་ལོ་བསྐོར་བ་ལ་བརྟེན་ནས་གློག་འདོན་པ་ཡིན། བྱེ་བྲག་གི་གོ་རིམ་ནི་གཤམ་གསལ་ལྟར། 

1.རླངས་པ་ཡར་འདྲེན་པ། ས་དྲོད་ཁྲོན་པ་བརྒྱུད་དེ་ས་འོག་གི་དྲོད་ཚད་མཐོ་བའི་རླངས་པ་ས་ངོས་སུ་འདྲེན་པ། 

2.རླངས་པ་དབྱེ་འབྱེད། རླངས་པ་དང་དེར་འགྲོགས་པའི་ཚ་ཆུ་གཉིས་སོ་སོར་དབྱེ་སྟེ། དྲོད་ཚད་མཐོ་བའི་རླངས་པ་སྤྱད་ནས་རླངས་ཤུགས་འཁོར་ལོ་སྐོར་བ། 

3.གློག་འདོན་གོ་རིམ། རླངས་སྒུལ་འཕྲུལ་འཁོར་གྱིས་གློག་འདོན་འཕྲུལ་འཁོར་ལ་གློག་བཏང་སྟེ། འཕྲུལ་ཆས་ཀྱི་ནུས་པ་དེ་གློག་ནུས་སུ་སྒྱུར་བ། 

4.གྲང་བཟོ་དང་བསྐྱར་ལྡུག བེད་སྤྱོད་བྱས་ཟིན་པའི་ས་དྲོད་བཞུར་དངོས་དེ་གྲང་མོར་བཟོས་རྗེས་ཡང་བསྐྱར་ས་འོག་ཏུ་བླུགས་ནས། འཁོར་རྒྱུག་དམ་པོ་གྲུབ་པར་བྱས་ཏེ། ཐོན་ཁུངས་འཕྲོ་བརླག་མི་བྱེད་པ་དང་ཁོར་ཡུག་ལ་སྦགས་བཙོག་མི་བཟོ་བར་བྱེད་པ་བཅས་སོ། ། 

གྲུབ་འབྲས་དང་འགྲན་སློང་། 

ཡངས་པ་ཅན་ས་དྲོད་གློག་འདོན་ས་ཚིགས་བསྐྲུན་པ་ཡིས་ས་གནས་དེ་ལ་ནུས་ཁུངས་གཙང་མ་འབོར་ཆེན་འདོན་སྤྲོད་བྱས་པར་མ་ཟད། དེ་ནི་རང་རྒྱལ་གྱི་ས་དྲོད་ནུས་ཁུངས་གསར་སྤེལ་དང་བེད་སྤྱོད་ཐད་ཀྱི་ལམ་ཚད་རྡོ་རིང་ཞིག་ཀྱང་ཡིན། སྲོལ་རྒྱུན་གྱི་འགྱུར་རྡོའི་འབར་རྫས་ཀྱིས་གློག་འདོན་པ་དང་བསྡུར་ན། ས་དྲོད་གློག་འདོན་གྱིས་དྲོད་ཁང་རླངས་གཟུགས་ཕལ་ཆེར་མི་བསྐྱེད་པས། ནམ་ཟླའི་འགྱུར་ལྡོག་ཇེ་དལ་དུ་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན། ཡངས་པ་ཅན་ས་དྲོད་གློག་འདོན་ས་ཚིགས་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ནའང་། དེའི་མཚོ་འཕགས་མཐོ་བའི་ཁོར་ཡུག་གིས་འགྲན་སློང་ཁ་ཤས་ཀྱང་བཟོས་ཡོད་དེ། ཐོག་མར་མཚོ་འཕགས་ལ་རྐྱེན་བྱས་པའི་དབྱང་རླུང་དཀོན་པའི་ཁོར་ཡུག་ནི་སྒྲིག་ཆས་དང་ལས་སྒྲུབ་པ་གང་ལ་མཚོན་ནའང་ཚོད་བགམ་ཆེན་པོ་ཞིག་རེད། གཞན་རྙོག་འཛིང་ཆེ་བའི་ས་གཤིས་ཆ་རྐྱེན་གྱིས་ཀྱང་ས་དྲོད་ཁྲོན་པ་བརྐོ་བ་དང་སྲུང་སྐྱོབ་བྱེད་པར་དཀའ་ངལ་བཟོས་ཡོད། མ་འོངས་པར། ཚན་རིག་ལག་རྩལ་གྱི་འཕེལ་རྒྱས་དང་ཉམས་མྱོང་གསོག་འཇོག་བྱས་པ་དང་བསྟུན་ནས། འགྲན་སློང་འདི་དག་ལས་རྣམ་པར་རྒྱལ་ཐུབ་ངེས་སོ། །


图片


青藏高原:拥有最高的地热发电站


在中国广袤的大地上,有一颗璀璨的明珠,闪耀在海拔4306米的青藏高原上,她以独特的地理位置和丰富的地热资源而闻名,这就是西藏的羊八井。这里,不仅仅是地理上的一个坐标点,更是科学探索与自然奇迹交汇的地方。作为世界上海拔最高的地热发电站,不仅仅是一个能源生产的象征,还揭示了地球深处能量流动的奥秘,让我们一起探索羊八井背后的故事,感受地球深处的温暖与力量。

地质条件

羊八井盆地位于印度板块和欧亚板块的碰撞带上,构造运动剧烈,地壳较薄,地热异常显著。地下热水通过地壳裂缝上升,形成了丰富的地热资源。这些地热资源以高温高压的形式存在,具有极高的开发利用价值。

地热资源类型

羊八井拥有丰富的地热资源,包括喷泉、间歇喷泉、温泉、热泉、沸泉和热水湖等,主要类型为高温湿蒸汽型地热资源,即地下水在高温高压条件下变成蒸汽,通过地壳裂隙上升到地表,温度高,蒸汽含量大,适合直接用于发电。热储资源可分为浅层热储和深层热储,目前主要用于电力生产的是浅层热储,深度在20到250米之间,由数层泉胶砂砾岩构成,上面覆盖着泉胶砂岩和冰水沉积物。地热井钻探深度一般在1500米至2000米之间,井口温度可达150℃至200℃。

发电原理与技术

羊八井地热发电站采用蒸汽闪蒸技术,利用地下高温高压蒸汽驱动汽轮机发电。具体过程如下:

1.地热井抽取:通过地热井将地下高温蒸气引至地面。

2.蒸汽分离:将蒸汽与伴生的热水分离,利用高温蒸汽驱动汽轮机。

3.发电过程:汽轮机带动发电机组发电,将机械能转换为电能。

4.冷却与再注入:使用后的地热流体经冷却后重新注入地下,形成闭环系统,避免资源浪费和环境污染。

成就与挑战

羊八井地热电站的建立,不仅为当地提供了可观的清洁能源,也标志着我国在地热能开发利用方面的重要里程碑。与传统的化石燃料发电相比,地热发电几乎不产生温室气体排放,有助于减缓气候变化,对环境保护具有重要意义。尽管羊八井地热发电站取得了显著成就,但其高海拔环境也带来了一些挑战。首先,高海拔带来的低氧环境对设备和人员都是一大考验,此外,复杂的地质条件也增加了地热井钻探和维护的难度。未来,随着科技的进步和经验的积累,这些挑战终将被克服。