རང་བྱུང་གནོད་འཚེ་ཁྲོད་ཀྱི་བརྩེ་སེམས་དྲོན་མོ།
发布时间:2025年01月09日
消息来源:
ཟླ1པོའི་ཚེས7ཉིན་གྱི་ཆུ་ཚོད9དང་སྐར་མ5ཡི་སྟེང་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་རིམ་པ6.8ཅན་གྱི་ས་ཡོམ་བྱུང་བ་རེད། ཕྱོགས་སོ་སོས་མགྱོགས་མྱུར་སྒོས་སྟོབས་ཤུགས་སྡུད་རུབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་རྨས་མ་འཚོལ་སྐྱོབ་དང་སྐྱོབ་བཅོས་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བྱེད་པ། གནོད་འཚེ་ཕོག་པའི་རྨང་གཞིའི་སྒྲིག་ཆས་མྱུར་དུ་ཞིག་གསོ་བྱེད་པ། འཕྲོ་ཡོམ་སྔོན་འགོག་དང་དྲོད་ཚད་དམའ་བ་སོགས་ཀྱི་གནོད་འཚེ་སླར་ཡར་འབྱུང་བར་སྔོན་འགོག་ནན་མོ་བྱས་ཏེ། ཡོམ་འགོག་རྒུད་སེལ་གྱི་ལས་དོན་སོ་སོ་ཛ་དྲག་དང་གོ་རིམ་ལྡན་པའི་ངང་སྤེལ་བ་རེད། །