དབུས་རྒྱུད་ས་ཁུལ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས།
1 དཔྱ་ཁྲལ་འཛིན་ཤོག་གི་གཞི་གྲངས་ལས་མངོན་པ་ལྟར་ན། 2024ལོའི་དུས་ཚིགས་བཞི་པར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་ཕྱིན་པ་དང་། ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས3.8%འཕར་ཏེ། དུས་ཚིགས་གསུམ་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས2.4ཡི་མཐོ་རུ་ཕྱིན་ཡོད་པ་རེད། 2 ཚེས12ཉིན། ཀྲུང་གོའི་ཁེ་ལས་ཆུང་འབྲིང་མཐུན་ཚོགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། 2024ལོའི་དུས་ཚིགས་བཞི་པར། ཀྲུང་གོའི་ཁེ་ལས་ཆུང་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས89.0ཡིན་པ་དང་། དེ་དུས་ཚིགས་གསུམ་དང་བསྡུར་ན0.1འཕར་ཡོད་པ་རེད། 3 རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཚེས12ཉིན་གྱི་ཆུ་ཚོད16བར་དུ། རྒྱལ་ཡོངས་ལྕགས་ལམ་གྱིས་བསྡོམས་པས2025ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་སྤ་སེ་ཁྲི7574ཕྱིར་ཚོང་བྱས་ཡོད་པ་རེད། 4 ཚོང་དོན་པུའུ་ཡིས་འཛད་སྤྱོད་སྐུལ་སྤེལ་སོགས2025ལོའི་གཙོ་གནད་ལས་དོན་ཁག་བརྒྱད་བཀོད་སྒྲིག་བྱས། 5 ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཡོམ་འགོག་གནོད་སེལ་བཀོད་འདོམས་པུའུ་ལས་དོན་ཚན་ཆུང་གིས་མཐུན་སྦྱོར་བཀོད་སྒྲིག་བྱས་པའི་ཁང་པ་གསར་པ1100ཚང་མ་བོད་ལྗོངས་དིང་རི་རྫོང་གི་ས་ཡོམ་ཁྲོད་ཀྱི་གནོད་འཚེ་ཚབས་ཆེ་ཤོས་ཀྱི་ཞང་གསུམ་དུ་དབོར་འདྲེན་བྱས་ཡོད་པ་རེད། 6 ཚེས12ཉིན། འགག་སྒོའི་སྤྱི་ཁྱབ་ཧྲུའུ་ཡིས་གཙོ་གནད་བྱེད་ཐབས་ཁག16བཏོན་ཏེ། དུས་རབས་གསར་པའི་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས། 7 རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། མིག་སྔར་རང་རྒྱལ་དུ་ཁྱབ་པའི་དབུགས་ལམ་གྱི་ནད་གཞི་ཡོད་ཚད་ནི་ཤེས་རྟོགས་བྱུང་ཟིན་པའི་ནད་གཞི་ཡིན་པ་དང་། སྔོན་དཔག་བྱས་ན་ཟླ་འདིའི་ཟླ་དཀྱིལ་དང་ཟླ་མཇུག་ཏུ་ཆམ་རིམས་འགུལ་སྐྱོད་བྱེད་པའི་ཆུ་ཚད་རིམ་བཞིན་ཇེ་དམའ་རུ་འགྲོ་རྒྱུ་ཡིན་པ་རེད། 8 ཉེ་ཆར། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས༼དྲ་རྒྱའི་བཟའ་བཏུང་གྲོན་ཆུང་ནན་པོ་ལག་བསྟར་བྱེད་པའི་ཕྱོགས་སྟོན༽གྱི་ས་གནས་ཚད་གཞི་ཁྱབ་བསྒྲགས་བྱས་ཏེ། ཚད་ལྡན་ཅན་གྱི་འབྲུ་རིགས་གྲོན་ཆུང་དང་ཟས་རིགས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཐད་ནུས་པ་འདོན་སྤྲོད་བྱས་པ་དང་། 《ཕྱོགས་སྟོན》དེ2025ལོའི་ཟླ2པའི་ཚེས1ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད། 9 2025ལོའི་དཔྱིད་གསར་དུས་ཆེན་སྐབས་སུ་མཚོ་སྔོན་གྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་སྐྱོད་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི4645ཟིན་རྒྱུ་ཡིན་པ་རེད། 10 ཡུས་ཧྲུའུ་ཁུལ་གྱིས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་ལ་དངོས་ཟོག་སྒོར་ཁྲི200ཞལ་འདེབས་ཕུལ། 11 ཚེས13ཉིན་གྱི་ཆུ་ཚོད20ནས་ཚེས14ཉིན་གྱི་ཆུ་ཚོད20ཡི་བར་དུ། ཡུས་ཧྲུའུ་གྲོང་ཁྱེར་དང་། ནང་ཆེན། རྫ་སྟོད། པདྨ། དར་ལག་བཅས་ཀྱི་ཞང་གྲོང་ཁ་ཤས་སུ་ཁངས་ཆུང་ཆུང་འབབ་པ་དང་། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་གཞན་དག་ཏུ་གནམ་ཐང་བའམ་སྤྲིན་མང་བའི་གནམ་གཤིས་ཡོད་པ་རེད། ཡོང་ཁུངས། ཉིན་རེའི་གངས་ལྗོངས། རྩོམ་སྒྲིག ཚེ་གཟུངས།