ཤ་བོ་སྐྱབས་ཀྱིས2025ལོའི་ལོ་སར་བཅོ་ལྔའི་དུས་ཆེན་གྱི་རིག་གནས་འགྲེམས་འཁྲབ་བྱེད་སྒོའི་གྲ་སྒྲིག་གནས་ཚུལ་ལ་བརྟག་ཞིབ་གནང་།
发布时间:2025年02月12日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ2པའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ནུབ་མཚོ་ལུས་རྩལ་ར་བར་བསྐྱོད་དེ་ཡུལ་དངོས་ནས་ལྟ་ཞིབ་དང་སྙན་ཞུ་ལ་ཉན་པ་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ལོ་སར་བཅོ་ལྔའི་དུས་ཆེན་གྱི་བྱེད་སྒོའི་གྲ་སྒྲིག་ཇུས་གཞི་དང་ཚོགས་ར་བཀོད་སྒྲིག ལེ་ཚན་བཀོད་སྒྲིག ཁོར་ཡུག་འཕྲོད་བསྟེན། བདེ་འཇགས་འགན་ལེན་སོགས་ཐད་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཤིང་། གྲ་སྒྲིག་བྱ་བར་ཁས་ལེན་གང་ལེགས་གནང་བར་མ་ཟད་བཀོད་སྒྲིག་ཞིབ་ཕྲ་བྱས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ལོ་སར་བཅོ་ལྔའི་དུས་ཆེན་གྱི་རིག་གནས་འགྲེམས་འཁྲབ་བྱེད་སྒོ་ནི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ས་གནས་ཀྱི་ཁྱད་ཆོས་མངོན་པར་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པས་མི་རིགས་སོ་སོ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྒྲིག་འཛུགས་དང་ཇུས་འགོད་ཞིབ་ཚགས་བྱེད་པ་དང་གྲོན་ཆུང་བསྲི་ཚགས་ནན་ཏན་བྱས་ཏེ། ཧུར་ཐག་སྒོས་ཐེངས་འདིའི་བྱེད་སྒོ་དེ་ཁྱད་ཆོས་ལྡན་པ་དང་ཆུ་ཚད་ལྡན་པ་ཞིག་ཏུ་གཉེར་ནས་རྒྱ་ཆེའི་མང་ཚོགས་ལ་རིག་གནས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཏེ། གཅིག་ནས་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་དགོས། བྱེད་སྒོའི་གྲ་སྒྲིག་ཇུས་གཞི་སྔར་ལས་ཞིབ་ཚགས་སུ་བཏང་ནས་བྱེད་སྒོ་སོ་སོའི་དུས་ཚོད་བཀོད་སྒྲིག་དང་བརྒྱུད་རིམ་ཇུས་འགོད། མི་སྣའི་ལས་བགོས་སོགས་ལ་ཡང་བསྐྱར་གསེད་བཀྲོལ་དང་འཐུས་ཚང་དུ་བཏང་སྟེ་ལྷུ་ཚིགས་ཚང་མར་བསམ་གཞིགས་ཞིབ་ཚགས་དང་ལས་འགན་ཚང་མར་ཆེད་མིས་འགན་འཁུར་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་དགོས། བརྗོད་དོན་འབུར་དུ་ཐོན་པར་བྱས་ཏེ། མཚོ་བྱང་གིས་གསོ་སྐྱོང་བྱས་པའི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དང་ལོ་རྒྱུས་ཡུན་རིང་ལྡན་པའི་ཁུ་ནུ་རིག་གནས་འགྲེམས་སྟོན་བྱེད་དགོས་པ་དང་། ལས་ཡུལ་བཀོད་སྒྲིག་བྱེད་སྐབས་སྟབས་བདེ་ཞིང་རྒྱ་ཆེ་བ། ལེ་ཚན་སྒྲིག་སྟངས་མང་ཚོགས་ཀྱི་འཚོ་བ་དང་ཐག་ཉེ་བར་བྱས་ཏེ། མཚོ་བྱང་གི་རིག་གནས་ཀྱི་ནང་དོན་ཞིབ་ཆ་དང་དུས་རབས་ཀྱི་རྣམ་པ་གང་ལེགས་སྒོས་མངོན་པར་བྱེད་དགོས། གཉིས་ནས་བདེ་འཇགས་ལ་དོ་སྣང་བྱེད་དགོས། “བདེ་འཇགས་ཨང་དང་པོར་འཇོག་པའི”འདུ་ཤེས་བརྟན་པོ་བཙུགས་ནས་གཅིག་གྱུར་འཆར་འགོད་དང་ཐོན་ཁུངས་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་བདེ་དང་འཕྲིན་གཏོང་། མཁོ་བསྟུན་རོགས་སྐྱོབ། སྨན་བཅོས་སོགས་ཆེད་ལས་སྟོབས་ཤུགས་སྒྲིག་འཛུགས་ཡག་པོ་བྱས་ཏེ་རང་རང་གི་འགན་འཁྲི་དང་བྱེད་ཐབས། མི་སྣ། འོས་འགན། དོན་འཁྱོལ་བཅས་ཀྱི་འགན་ལེན་བྱེད་དགོས། སྔོན་ལ་ཞིབ་འཇུག་དང་བརྡར་གཅོད་བྱས་ཏེ་འགྲིམ་འགྲུལ་དོ་དམ་དང་བདེ་འཇགས་དོ་དམ། མེ་ཟོན་མེ་འགོག་བཅས་ཀྱི་ས་ཁོངས་ཚན་རིག་དང་མཐུན་པའི་སྒོ་ནས་འཛུགས་དགོས་པ་དང་མཁོ་བསྟུན་སྔོན་ཇུས་འཐུས་ཚང་བཟོ་དགོས། བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་ཞིབ་བཤེར་བཅོས་སྒྲིག་ལ་ཤུགས་བསྣན་ནས་མཁོ་བསྟུན་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་དགོས། གསུམ་ནས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས། སྨྱན་སྦྱོར་སྟེགས་བུ་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ཏེ་སྔོན་ལ་བྱེད་སྒོ་དྲིལ་སྒྲོག་ཡག་པོ་བྱས་ཏེ་བྱེད་སྒོ་ཤེས་རྟོགས་བྱེད་ཚད་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས། བྱེད་སྒོའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་ནས་མང་ཚོགས་གོ་རིམ་ལྡན་པའི་ངང་ལྟད་མོར་ཞུགས་རྒྱུར་ཁྲིད་སྟོན་བྱས་ཏེ་བྱེད་སྒོའི་རྣམ་པ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཏེ་མཚོ་བྱང་གི་གཏམ་རྒྱུད་ཡག་པོར་བཤད་དེ་རྡུལ་ཕྲན་མཁར་གྱི་སྣང་བརྙན་མཐོར་འདེགས་བཏང་ནས་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བར་སྣ་མང་ཕུན་སུམ་ཚོགས་པའི་དུས་ཆེན་གྱི་གསོལ་སྟོན་ཆེན་པོ་ཞིག་མངོན་དགོས་ཟེར།
དེའི་རིང་། ཤ་བོ་སྐྱབས་ནུབ་མཚོ་མདའ་འཕེན་ར་བར་བསྐྱོད་ནས་དུས་མགོའི་ལྟ་སྐུལ་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་པ་དང་། མདའ་འཕེན་ལ་དགའ་མཁན་ཚོ་དང་ཡུལ་དངོས་སུ་བརྗེ་རེས་བྱས་ནས་ཁོ་ཚོར་མདའ་འཕེན་བྱེད་སྒོར་ཧུར་ཐག་སྒོས་ཞུགས་རྒྱུར་སྐུལ་མ་བྱས། རིག་གནས་ཡུལ་སྐོར་སྡེ་ཁག་གིས་མཚོ་བྱང་མདའ་འཕེན་འགྲན་སྡུར་འཕེལ་རྒྱས་གཏོང་རྒྱུར་ཆེད་ལས་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་མ་ཟད་རྐང་བགྲོད་དང་ལྕགས་རྟ། མདའ་འཕེན། རྟ་ཞོན“འགྲན་སྡུར་ཆེ་གྲས་བཞི”མུ་མཐུད་ཆེ་རུ་དང་སྟོབས་ཆེར་བཏང་སྟེ་མཚོ་བྱང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མུ་མཐུད་དུ་ལས་རིགས་དང་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའི་བླང་བྱ་བཏོན།
ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་དང་ཚོ་ཅི་ཆང་གིས་ཕེབས་རོགས་གནང་།
夏吾杰调研2025年元宵节文化展演活动筹备情况
2月10日,州委书记夏吾杰赴西海体育场,通过实地查看、听取汇报等方式,详细了解元宵节活动筹备方案、场地布置、节目安排、环境卫生、安全保障等方面情况,对筹备工作给予肯定,并作了具体部署。
夏吾杰指出,元宵节文化展演活动是丰富群众文化生活、展示地方特色的重要载体,对于促进各民族共同团结奋斗、共同繁荣发展具有重要意义。海晏县和州直各相关部门要提高政治站位,精心组织策划,厉行勤俭节约,努力将此次活动办出特色、办出水平,让广大群众共享文化发展成果。一要科学谋划。进一步细化活动筹备方案,对各项活动的时间安排、流程设计、人员分工等进行再梳理、再完善,确保每一个环节都考虑周全,每一项任务都有专人负责。要突出主题,展示海北孕育的“两弹一星”精神和悠久的昆仑文化,场地布置要简洁大气,节目编排要贴近群众、贴近生活,充分展现海北的文化底蕴和时代风貌。二要注重安全。牢固树立“安全第一”理念,强化统筹调度和资源调配,组织好公安、通信、应急救援、医疗等专业力量,各司其职、各负其责,确保措施到位、人员到位、责任到位、落实到位。要提前研判,科学设置交通管制、安全管控、消防防火区域,制定完善的应急预案,加强安全隐患排查整治,提高应急处置能力。三要强化宣传。充分利用各类媒体平台,提前做好活动宣传,扩大活动知晓度和影响力。及时发布活动信息,引导群众有序参与,全方位展示活动盛况,讲好海北故事,提升原子城形象,为广大群众和游客呈现一场丰富多彩的节日盛宴。
期间,夏吾杰赴西海射箭馆,检查前期督办任务落实情况,与射箭爱好者现场交流,鼓励他们积极参与射箭活动。要求文旅部门为海北射箭赛事发展提供专业支持,并继续做大做强徒步、自行车、射箭、骑马“四大赛事”,持续为海北文化旅游产业发展增添业态、丰富内涵。
州领导孙绣宗、曹际强陪同。