མཚོ་བྱང་ཁུལ་གྱིས2025ལོའི“རྒྱ་ལོ་བཅོ་ལྔའི”རིག་གནས་འགྲེམ་སྟོན་བྱེད་སྒོ་གྱ་ནོམ་པ་སྤེལ།
发布时间:2025年02月13日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད།ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ2པའི་ཚེས12ཉིན་ཏེ་ལུགས་རྙིང་གི་ཟླ་དང་པོའི“རྒྱ་ལོ་བཅོ་ལྔའི”དུས་ཆེན་ཉིན། མདའ་བཞི་རྫོང་མི་དམངས་སྲིད་གཞུང་དང་མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་བྱང་ཁུལ་གྱི2025ལོའི“རྒྱ་ལོ་བཅོ་ལྔའི”རིག་གནས་འགྲེམ་སྟོན་བྱེད་སྒོ་ནུབ་མཚོ་ལུས་རྩལ་ར་བར་འཚོགས། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་དང་ཁུལ་སྤྱི་བདེ་ཅུས། ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས། ཁུལ་མེ་ཟོན་རོགས་སྐྱོབ་ཡན་ལག་ཅུས། རྫོང་བཞིའི་འཁྲབ་སྟོན་པ་དང་དེ་བཞིན་མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་རྒྱ་འཆམ་འཁྲབ་སྟོན་རུ་ཁག་བཅས་མཉམ་དུ་འཛོམས་ནས་ཁུལ་ཡོངས་ཀྱི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་ཤིང་། ཤིང་མོ་སྦྲུལ་ལོའི་ལོ་གསར་དང་རྒྱ་ལོ་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུས།

图片

ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆན་གོ་ཆིན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། དེ་བཞིན་ཁུལ་དུ་སྡོད་པའི་ཁུལ་རིམ་པའི་མགོ་ཁྲིད་བཅས་སླེབས།  མདའ་བཞི་རྫོང་ཨུའི་འགན་འཁུར་བློ་མཐུན་གྱིས་བྱེད་སྒོ་མགོ་ཚུགས་པ་ཁྱབ་བསྒྲགས་བྱས་པ་དང་། མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་ཤིས་ཚིག་ཕུལ། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་བྱེད་སྒོ་གཙོ་སྐྱོང་གནང་། 

图片


图片


图片


图片


图片


图片


图片


图片


图片


图片


图片

བྱེད་སྒོའི་བརྗོད་དོན་ནི“ཤིང་མོ་སྦྲུལ་ལོའི་བཀྲ་ཤིས་རྟེན་འབྲེལ་འགྲིག དག་སྣང་མཚོ་བྱང་གཡང་གི་མཚོ་མོ་འཁྱིལ”ཞེས་པ་ཡིན་ཞིང་། ཁུལ་དང་རྫོང་བཞིའི་རྟ་རྩལ་འཁྲབ་སྟོན་རུ་ཁག་དང་། སྐྱ་དམག མཚོ་སྔོན་གྱོ་རྒྱ་རུ་ཁག རྔ་མོང་རུ་ཁག བོད་ལུག་མཚེ་རྒྱུད་རུ་ཁག དཔའ་རིས་ནོར་དཀར་རུ་ཁག རྒྱ་འཆམ་རུ་ཁག འབྲས་དཀར་རུ་ཁག མདའ་འཕེན་འཁྲབ་སྟོན་རུ་ཁག རྩེད་ཆས་འཁྲབ་སྟོན་རུ་ཁག ཁ་ཆེའི་མཛའ་གཞས་འཁྲབ་སྟོན་རུ་ཁག སྒོ་མེ་རྩེད་རིགས་འཁྲབ་སྟོན་རུ་ཁག གསེར་དངུལ་ཐང་རྡུལ་ཕྲན་མཁར་ལྕགས་རྟ་རུ་ཁག་སོགས་རུ་ཁག21དང་མི900ལྷག་ཙམ་འཁྲབ་སྟོན་ནང་ཞུགས་ཡོད། མཚོ་སྔོན་གྱོ་རྒྱ་དང་རྔ་མོང་། བོད་ལུག དཔའ་རིས་ནོར་དཀར་བཅས120ལྷག་ཙམ་དལ་གྱིས་ར་བའི་ནང་དུ་འཛུལ་ནས་ཉེ་བའི་ལོ་ཤས་རིང་གི་མཚོ་བྱང་ཁུལ་གྱི་ཕྱུགས་ལས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བའི་གཟི་བརྗིད་ལྡན་པའི་གྲུབ་འབྲས་གང་ལེགས་སྒོས་མངོན་པར་བྱས།
图片

图片


图片


图片

འགྲེམ་སྟོན་བྱེད་སྒོའི་རྗེས་སུ། མདའ་བཞི་རྫོང་གསེར་ཐང་ཡུལ་ཚོའི་རྒྱ་འཆམ་རུ་ཁག་གི“ཏེང་ཀོན”དང་། “ཡེ་ཤེས་དཔལ་མོ ” སེང་འབྲུག་ཞབས་བྲོ་རུ་ཁག “དྲང་སྲོང་བརྒྱད”སོགས་ལས་གྲུབ་པའི་རྒྱ་འཆམ་གྱི་འཐུས་ཚབ་རུ་ཁག་གིས་མདའ་བཞི་རྫོང་གི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་རྣམས་ཀྱི་སྣེ་ཁྲིད་འོག ཁུལ་གྱི་ཚན་ཁག་ཆེན་པོ་བཞི་དང་ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲི་གནང་།

图片

དེའི་རྗེས་སུ། ཁུལ་གྱི་ཚན་ཁག་ཆེན་པོ་བཞིའི་མགོ་ཁྲིད་ཀྱིས་ནུབ་མཚོ་གྲོང་རྡལ་གྱི་ལོ80ཡན་གྱི་རྒན་པ31དང་མཚོ་བྱང་གི་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་གྱི་ཕུལ་བྱུང་སློབ་མ4ལ་འཚམས་འདྲི་གནང་བ་དང་། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་སེམས་ལས་མཚོ་བྱང་ཁུལ་གྱིས་རྒན་པ་དང་བྱིས་པར་གནང་བའི་ཐུགས་ཁུར་ཟབ་མོ་དང་སློབ་གསོའི་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་པར་བྱས། 

图片


图片


图片

ཉིན་གུང་། ཐེངས་འདིའི་འཁྲབ་སྟོན་བྱེད་སྒོ་དེ་གླུ་གར་ཞབས་བྲོ《བཀྲ་ཤིས་སྦྲུལ་གྱི་ལོ་གསར་ལ་རྟེན་འབྲེལ་ཞུ》ཞེས་པའི་ཁྲོད་མཐོ་རླབས་སུ་སླེབས་པ་དང་།《ལོ་གསར་གྱི་སྨོན་འདུན》སོགས་ཀྱི་ལེ་ཚན་ཕུན་སུམ་ཚོགས་པས་ལྟད་མོ་བ་ཚོར་མིག་དང་རྣ་བའི་ལོངས་སྤྱོད་གྱ་ནོམ་པ་ཕུལ། འཁྲབ་སྟོན་མཇུག་སྒྲིལ་རྗེས། མདའ་བཞི་རྫོང་གི་རིགས་སོ་སོའི་མང་ཚོགས600ལྷག་ཙམ་ལས་གྲུབ་པའི་རྒྱ་འཆམ་རུ་ཁག་གིས་མཛེས་སྡུག་ལྡན་པའི་དུས་ཆེན་གྱི་གཟབ་ཆས་སྤྲས་ཤིང་རྔ་རྡུང་བཞིན་གར་སྟེགས་སུ་ཞུགས། 
图片


图片


图片


图片


ཕྱི་དྲོར། མཚོ་བྱང་ཁུལ་གྱི་རྫོང་བཞི་ནས་ཡོང་བའི་འཐུས་མིའི་རུ་ཁག7གྱི་བདམས་ཐོན་པ70ཡིས་ནུབ་མཚོ་མདའ་འཕེན་ཁང་དུ2025ལོའི“རྒྱ་ལོ་བཅོ་ལྔའི”མཛའ་བརྩེའི་མདའ་འཕེན་འགྲན་བསྡུར་སྤེལ་ལ། མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གང་ལེགས་སྒོས་མངོན་པ་དང་། མཚོ་བྱང་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཧུར་ཐག་བྱས།   
ཁུལ་ཐད་གཏོགས་སྡེ་ཁག་སོ་སོ་དང་། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ། མདའ་བཞི་རྫོང་ཐད་གཏོགས་སྡེ་ཁག འབྲེལ་ཡོད་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་ལས་བཟོ་པ། དེ་བཞིན་ནུབ་མཚོ་གྲོང་རྡལ་མཐའ་འཁོར་གྱི་རིགས་སོ་སོའི་མང་ཚོགས་བཅས་ཀྱིས་མཉམ་དུ་འགྲེམ་སྟོན་ལ་བལྟས།