རྒྱལ་ཁབ་བདེ་འཇགས་ཀྱི་གཙོ་གནད་མངའ་ཁོངས20འདི་དག་ཡིན།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་ནས་ལོ་10འཁོར་བའི་ལོ་ཡིན་ལ། ཟླ4པའི་ཚེས15ཉིན་ནི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཉིན་མོ་ཐེངས་བཅུ་པ་ཡིན། ད་ལོའི་དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོའི་བྱེད་སྒོའི་བརྗོད་བྱ་གཙོ་བོ་ནི“དམངས་ཡོངས་སུ་རྒྱལ་ཁབ་བདེ་འཇགས་སློབ་གསོ་ལས་དོན་གཏིང་ཟབ་ཏུ་སྤེལ་བའི་ལོ་ངོ་བཅུ”ཞེས་པ་དེ་ཡིན།
རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་བྱེད་པར་མི་ཚང་མར་འགན་འཁྲི་ཡོད། གཤམ་གྱི་བརྡ་ཁྱབ་སྐོར་ཞིག་ལ་བརྟེན་ནས་ང་ཚོས་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བའི་གཙོ་གནད་མངའ་ཁོངས20ཤེས་རྟོགས་བྱེད།
1.ཆབ་སྲིད་ཀྱི་བདེ་འཇགས།
2.དམག་དོན་གྱི་བདེ་འཇགས།
3.རྒྱལ་ཁོངས་ས་ཁོངས་ཀྱི་བདེ་འཇགས།
4.དཔལ་འབྱོར་གྱི་བདེ་འཇགས།
5.དངུལ་རྩའི་བདེ་འཇགས།
6.རིག་གནས་ཀྱི་བདེ་འཇགས།
7.སྤྱི་ཚོགས་ཀྱི་བདེ་འཇགས།
8.ཚན་རྩལ་གྱི་བདེ་འཇགས།
9.དྲ་རྒྱའི་བདེ་འཇགས།
10.འབྲུ་རིགས་ཀྱི་བདེ་འཇགས།
11.སྐྱེ་ཁམས་བདེ་འཇགས།
12.ཐོན་ཁུངས་ཀྱི་བདེ་འཇགས།
13.ཉིང་རྡུལ་གྱི་བདེ་འཇགས།
14.རྒྱལ་ཁོངས་ཕྱི་རོལ་ཁེ་ཕན་གྱི་བདེ་འཇགས།
15.མཁའ་དབྱིངས་ཀྱི་བདེ་འཇགས།
16.རྒྱ་མཚོའི་གཏིང་རིམ་གྱི་བདེ་འཇགས།
17.སའི་གོ་ལའི་མཐའ་སྣེའི་བདེ་འཇགས།
18.སྐྱེ་དངོས་ཀྱི་བདེ་འཇགས།
19.མི་ཐབས་རིག་ནུས་ཀྱི་བདེ་འཇགས།
20.གྲངས་གཞིའི་བདེ་འཇགས།