མཚོ་བྱང་དུ་མཚོ་སྔོནBAདང་གཞོན་ནུ་ལོ་ཆུང་གཟེབ་གྲུག་འགྲན་སྡུར་སྤེལ།
རྩོམ་སྒྲིག ཚེ་བརྟན་བཀྲ་ཤིས། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་དུས་ཀྱི་མཚོ་སྔོནBAམང་ཚོགས་གཟེབ་གྲུག་མཉམ་འགྲན་གྱི་མཚོ་བྱང་འགྲན་ཁུལ་དང་མཚོ་བྱང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་གཟེབ་གྲུག་འགྲན་སྡུར་སྐབས་གསུམ་པ་སྤེལ་མགོ་བརྩམས།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གཟེབ་གྲུག་འགྲན་སྡུར་ནི་སློབ་གྲྭའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སློབ་མ་ལུས་རྩལ་སྦྱོང་བརྡར་ནང་ཧུར་ཐག་སྒོས་ཞུགས་རྒྱུར་སྐུལ་མ་གཏོང་བ། སློབ་མའི་ལུས་ཕུང་སྟོབས་ཆེར་གཏོང་བ། གཞོན་ནུ་ལོ་ཆུང་སློབ་མའི་ལུས་སེམས་བདེ་ཐང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་བ། བྱང་ཚད་སློབ་གསོ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། མཚོ་བྱང་ཁུལ་གྱི་གཞོན་ནུ་ལོ་ཆུང་ཚོགས་པའི་སྙིང་སྟོབས་དང་ཕྱོགས་བསྡུས་བྱང་ཚད་ལ་ཞིབ་བཤེར་ཆེན་པོ་ཞིག་ཀྱང་ཡིན། དེ་དང་ཆབས་ཅིག ཐེངས་འདིའི་འགྲན་སྡུར་ནི་འགྲན་སྡུར་གྱི་གར་སྟེགས་ཤིག་ཡིན་པར་མ་ཟད། མཚོ་བྱང་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན་པས། གཞོན་ནུ་ལོ་ཆུང་རྣམས་སྔར་ལས་གཟེབ་གྲུག་ལ་དགའ་ཞེན་བྱེད་པར་སྐུལ་སློང་བྱས་ཏེ་དམངས་ཡོངས་ཀྱི་ལུས་སྦྱོང་འགུལ་སྐྱོད་ལ་གསོན་ཤུགས་གསར་བ་སྣོན་རྒྱུ་རེད།