གསེར་གྱི་རིན་གོང་བསྟུད་མར་ཆག་འདུག
发布时间:2025年05月07日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

གཟའ་འཁོར་སྔོན་མར་ཨ་རི་སྲིད་གཞུང་གིས་ཚོང་དོན་རོགས་ཟླ་ཁག་གཅིག་དང་གྲོས་མོལ་ལ་སྐུལ་འདེད་གཏོང་བའི་བརྡ་རྟགས་ཡང་ཡང་བཏང་བ་དང་ཆབས་ཅིག་ཨ་རིའི་ཟླ4པའི་ཞིང་ལས་མིན་པའི་ལས་ཞུགས་གྲངས་གཞི་སྔོན་དཔག་ལས་བཟང་བར་བརྟེན། ཁྲོམ་རས་དཔལ་འབྱོར་ཉམས་རྒུད་དུ་འགྲོ་བར་སེམས་ཁྲལ་བྱེད་པ་དེ་གནས་སྐབས་རིང་ཆུང་དུ་ཕྱིན་ཡོད། ཨ་རིའི་རྐང་འཛིན་སྟོན་གྲངས་ཆེན་པོ་གསུམ་བསྟུད་མར་གཟའ་འཁོར་གཉིས་པར་མཐོ་རུ་ཕྱིན་པ་དེའི་ནང་ཏའོ་ཆུང་སིའི་སྟོན་གྲངས3%འཕར་བ་དང་། ཚད་ལྡན་ཕུའུ་ཨེར500ཡི་སྟོན་གྲངས2.92%འཕར་བ། ནཱ་སི་ཏ་ཁེའི་ཕྱོགས་བསྡུས་སྟོན་གྲངས3.42%འཕར་ཡོད་པ་རེད། གཟའ་འཁོར་གོང་མར་ཚོང་མཇུག་སྒྲིལ་བའི་བར་ཚད་ལྡན་ཕུའུ་ཨེར500ཡི་སྟོན་གྲངས་དང་ནཱ་སི་ཏ་ཁེའི་ཕྱོགས་བསྡུས་སྟོན་གྲངས་ཀྱིས་ད་ལོའི་ཟླ4པའི་ཚེས2ཉིན་ཐེ་རོན་ཕུའུ་ཡིས“འདྲ་མཚུངས་སྒོ་ཁྲལ”ཟེར་བ་ཁྱབ་བསྒྲགས་བྱས་ཚུན་གྱི་ཆག་ཚད་མེད་པར་བཟོས་ཡོད་པ་རེད། 

图片
གཟའ་འཁོར་གོང་མར་རྒྱལ་སྤྱིའི་གསེར་གྱི་རིན་གོང་རིམ་རྩིས་བརྒྱབ་ན་ཆག་ཚད1%ལས་བརྒལ་བ། 

ལྕགས་རིགས་རྩ་ཆེན་དུས་བཅད་ཚོང་ཟོག་ཐད་གོ་ལ་ཧྲིལ་པོའི་ཚོང་དོན་ཛ་དྲག་གི་དུས་བབ་ཞི་ལྷོད་དུ་སོང་བ་དང་མ་འཇོག་མཁན་གྱི་ཉེན་གཡོལ་བསམ་ཚུལ་ཇེ་ཉུང་དུ་ཕྱིན་པ་མ་ཟད། ཨ་སྒོར་གྱི་སྟོན་གྲངས་ཅུང་ཟད་འཕར་བས། གཟའ་འཁོར་གོང་མའི་གཟའ་ཕུར་བུའི་རྒྱལ་སྤྱིའི་གསེར་གྱི་རིན་གོང་གཟའ་འཁོར་གཉིས་རིང་གི་དམའ་ཤོས་སུ་ཆག་པ་དང་། གཟའ་འཁོར་སྔོན་མར་རིམ་རྩིས་བྱས་ན1.67%ཆག་པ་དང་། བསྟུད་མར་གཟའ་འཁོར་གཉིས་རིང་ཆག་ཡོད་པ་རེད།