རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། ཟླ5པའི་ཚེས12ཉིན། ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ཡོན་ལྷན་ཁང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཁུལ་མང་ཚོགས་ལུས་རྩལ་མཛུབ་སྟོན་ཞབས་ཞུ་ལྟེ་གནས་དང་ཁུལ་གཟེབ་གྲུག་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི"མཚོBA"མཚོ་བྱང་འགྲན་ཁུལ་དང2025ལོའི"བཟོ་མི་ལུས་རྩལ་རྟགས་མའི"ལས་བཟོ་བའི་གཟེབ་གྲུག་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོ་དེ་མཚོ་ནུབ་གྲོང་རྡལ221ཐང་ཆེན་དུ་འཚོགས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུའུ་ཀྲང་སི་ཅི་ཧྲིན་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་སུའུ་བདུན་ཅུ་མཛད་སྒོར་སླེབས། ཁུལ་དཔོན་གཞོན་པ་ཧྭ་ཝུན་ཞུག་གིས་ཤིས་ཚིག་ཕུལ་བ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རུའེ་ཞིན་གྱིས་གཙོ་སྐྱོང་གནང་བ་དང་འབྲེལ་མགོ་བརྩམས་མཛད་སྒོ་ཁྱབ་བསྒྲགས་གནང་། ཐེངས་འདིས་འགྲན་སྡུར་སྤེལ་བ་ནི་མཚོ་བྱང་གི"འགྲན་སྡུར་ཆེན་པོ་བཞིའི"བཀོད་སྒྲིག་དང་ལེན་ཧུར་ཐག་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག་དང་། བཟོ་ཚོགས་རྩ་འཛུགས་ཀྱིས་ལས་བཟོ་པའི་སྟོབས་ཤུགས་གཅིག་སྒྲིལ་དང་མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་ཕུན་སུམ་ཚོགས་པའི་སྒོ་ནས་འདོན་སྤེལ་བྱེད་པ་ཞིག་ཡིན་ལ། གཟེབ་གྲུག་འགྲན་སྡུར་ལ་བརྟེན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་དབྱར་མཚོ་རྒྱས་པ་ལྟར་སྤེལ་རྒྱུར་སྐུལ་འདེད་གཏོང་བ་དང་། ལས་བཟོ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་གསར་གཏོད་ལག་ལེན་ཞིག་ཡིན་པ་དང་། གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དང་། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། མཚོ་བྱང་གི་གསར་བརྗེའི་སྙིང་སྟོབས་ཀྱི་བཙན་ས་བསྐྲུན་པ་བཅས་ཀྱི་ལག་ལེན་ནུས་ལྡན་ཞིག་ཀྱང་ཡིན་ལ། འགྲན་ཞུགས་འཐུས་ཚབ་རུ་ཁག་སོ་སོས་ཐུན་མོང་ཚོགས་པའི་སྙིང་སྟོབས་མངོན་པ་དང་ལས་བཟོ་པའི་ཉམས་འགྱུར་མངོན་པའི་གསོལ་སྟོན་གཟབ་རྒྱས་ཤིག་ཀྱང་རེད།རྒྱུས་ལོན་པ་ལྟར་ན། ཁུལ་ཡོངས་སུ་ཁྱོན་བསྡོམས་གཟེབ་གྲུག་རུ་ཁག25ཡིས་འགྲན་སྡུར་ལ་མིང་ཐོ་བཀོད་ཡོད་པ་དང་། དེའི་ནང་སྐྱེས་པའི་རུ་ཁག20དང་སྐྱེས་མའི་རུ་ཁག5ཡོད། འགྲན་ཞུགས་རུ་ཁག་དག་གིས་དུས་ཡུན་ཉིན་ལྔའི་ཁྲོད་ངོ་མཚར་ཆེ་བའི་འགྲན་སྡུར་སྤེལ་རྒྱུ་རེད།