མཚོ་བྱང་ཁུལ་གྱི་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བའི་ཚོགས་འདུ་འཚོགས།
发布时间:2025年05月15日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5པའི་ཚེས12ཉིན། མཚོ་བྱང་ཁུལ་གྱི་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བའི་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བའི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བའི་གནས་ཚུལ་ཕྱོགས་སྡོམ་དང་གཙོ་གནད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་སྤྱི་ཁྱབ་ཆུ་མཚེའུ་དཔོན་ཤ་བོ་སྐྱབས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གནང་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཨའེ་ཧུང་ཚོགས་འདུར་ཞུགས་པ། ཁུལ་དཔོན་གཞོན་པའམ་ཁུལ་སྤྱི་ཁྱབ་ཆུ་མཚེའུ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།
ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ནི་མདོ་ལ་རིང་མོ་དང་མཚོ་སྔོན་པོ"རྒྱལ་ཁབ་སྤྱི་གླིང་གཉིས"ཀྱི་ཉིང་ལྟེ་ཁུལ་དུ་གནས་པ་དང་ཆུ་རྒྱུད་འཛོམས་ཞིང་ཆུ་དང་མཚེའུ་གྲངས་མང་བ། མཚོ་སྔོན་པོ་དང་ཙོང་ཆུ། མུ་རིའི་ཆུ། བར་དམ་ཆུ། གནའ་ཆུ་བཅས་ཀྱི་ཆུ་མགོ་དང་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ལ། མཚོ་སྔོན་པོའི་ནང་བཞུར་བའི85%ཆུའི་འབྱུང་ཁུངས་ནི་མཚོ་བྱང་ཡིན། ཁུལ་ཡོངས་སུ་ཁྱོན་བསྡོམས་ཆུ་རྒྱུན་ཆེ་ཆུང265ཡོད་པ་དང་། ལོ་རེར་སྨད་རྒྱུད་ལ་ཆུ་མགོའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར43.82སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་སྐྱེ་ཁམས་ཀྱི་གནས་བབ་དམིགས་བསལ་གལ་ཆེན་ཡིན། བསམ་བློའི་ངོས་འཛིན་མཐོ་རུ་ཏན་ཏིག་གཏོང་དགོས་པ་དང་རིམ་པ་སོ་སོའི་ཆུ་མཚེའུ་དཔོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་འཆར་འགོད་དང་དེ་བཞིན་རྫོང་སོ་སོའི་ཆུ་མཚེའུ་བཅོས་སྐྱོང་གི་ད་ལྟའི་གནས་ཚུལ་དང་འཛུགས་སྐྲུན་གྱི་དགོས་མཁོར་དམིགས་ནས། ཆུ་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་སྟེ་མང་ཚོགས་སྔར་ལས་མང་བོར་བདེ་སྐྱིད་དང་ཕན་བདེ་བསྐྲུན་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། བདེ་སྐྱིད་ཆུ་མཚེའུ་གཏོད་རྒྱུ་ནི་རྒྱལ་ཁབ་ཀྱི"གཙང་ཆུའི་འཐབ་ཇུས"ཀྱི་མགོ་རྩོམ་ས་དང་དོན་ལ་འབབ་ས་ཡིན་ལ། ད་ལྟ་དང་མ་འོངས་པའི་དུས་སྐབས་ཤིག་རིང་གི་གཙང་བོ་མཚེའུ་སྲུང་སྐྱོབ་དང་བཅོས་སྐྱོང་གི་སྤྱིའི་དམ་འཛིན་བྱ་གཞི་དང་ཆུ་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན་ཏེ། གཅིག་ནས་མུ་རིའི་ཆུ་དང་ཙོང་ཆུ། སྟོང་སོ་ཆུ་བཅས་ཀྱི་བདེ་སྐྱིད་ཆུ་མཚེའུ་འཛུགས་སྐྲུན་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབ་སྟེ། ཆུའི་ཐོན་ཁུངས་དམངས་ཡོངས་ཀྱིས་སྲུང་སྐྱོབ་དང་དམངས་ཡོངས་ཀྱིས་བཅོས་སྐྱོང་། དམངས་ཡོངས་ཀྱིས་མཉམ་སྤྱོད་བཅས་མངོན་འགྱུར་ཡོང་བར་བརྩོན་ལེན་བྱེད་དགོས་པ་དང་། 2035ལོར་ཁོངས་གཏོགས་ཀྱི་ཆུ་མཚེའུ་སྲུང་སྐྱོབ་དང་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་མངོན་གསལ་མཐོ་རུ་འགྲོ་བར་འགན་ལེན་ཏན་ཏིག་བྱེད་པ་དང་། ཆུ་མཚེའུ་ཡི་ཕྱིའི་བཀོད་པ་ཕྱོགས་ཡོངས་ནས་གདང་བསྒྱུར་རིམ་སྤར་བྱས་ཏེ། བདེ་སྐྱིད་ཆུ་མཚེའུ་གསར་སྐྲུན་གྱི་མཚོ་བྱང་གི་ཉམས་མྱོང་ཆགས་པར་བྱེད་དགོས། གཉིས་ནས་སྲུང་སྐྱོབ་དང་བེད་སྤྱོད་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་དང་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། རྨ་ཆུའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་འཁྱགས་རོམ་ཉམས་ཞིབ། ཆུ་ཚན་གསར་སྤེལ་བེད་སྤྱོད། མཚོ་སྔོན་པོའི་གྲུ་ལམ་གསར་གཏོད། ཝ་མགྱོགས་ཆུ་བོའི་གསེར་ཉ་ཡར་འགྲོ་ལྟ་ཞིབ་ཚད་ལེན་ས་ཚིགས་སོགས་ཀྱི་ལས་གཞི་ཇུས་འགོད་ཧུར་ཐག་བྱེད་པ་དང་། མཚོ་སྔོན་པོའི་བྱ་གཟིགས་ས་ཚིགས་དང་ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ས་ཚིགས། མེ་ལྷ་གངས་དཀར་འདབས་ཀྱི་མཚེའུ། ཤྭ་ལུང་ཆུ་ཚན་སོགས་གཙོ་བོར་བྱས་པའི་ཆུ་མཚེའུ་དང་འབྲེལ་བ་ཡོད་པའི་ལྗོངས་ཁུལ་ལྗོངས་གནས་ཁྱབ་གདལ་དང་འོས་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། གསུམ་ནས་འབབ་རྒྱུད་ཀྱི་སྣ་མང་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་གསར་བ་འཚོལ་ཞིབ་བྱས་ཏེ། མཚོ་སྔོན་པོ་དང་གསེར་མཚེའུ། དགོན་ལུང་ཆུ། སྟག་སྣ་དགོན་པའི་ཆུ་མཛོད། སྟོང་མདའ་ཆུ་མཛོད་སོགས་ཆུ་མཚེའུ་ཡི་ཐོན་ཁུངས་ཀྱི་ལྷན་སྐྱེས་ལེགས་ཆ་བེད་སྤྱོད་གང་ལེགས་བྱེད་པ་དང་། ཆུ་གྲང་ཉ་གསོ་སྤེལ་དང་ཆུ་ངོས་ཡུལ་སྐོར། དཔལ་འབྱོར་ནགས་ཚལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་འཚོལ་ཞིབ་བྱེད་པ། ཆུ་དང་མཚེའུ། ཆུ་མཛོད་བཅས་ཕྱོགས་བསྡུས་བེད་སྤྱོད་བྱ་རྒྱུ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱས་ཏེ། མཚོ་བྱང་གི་སྐྱེ་ཁམས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་ངེས་བ་དོན་གྱིས་འགྱུར་བར་བྱེད་དགོས། བཞི་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས"སྐྱ་དམག་ཉེན་རྟོག་པའི"ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ཏེ། ཆུ་མཚེའུ་སྐོར་ཞིབ་བྱེད་རོགས་བྱས་ནས་ཁྲིམས་འགལ་ངང་ཉ་འཛིན་དང་ཁྲིམས་འགལ་ངང་བྱེ་མ་སྔོག་འདོན་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་དགོས། ཆུ་མཚེའུ་དཔོན་དང་ནགས་རྩྭ་དཔོན། ཞིབ་དཔྱོད་དཔོན། དོ་དམ་སྲུང་སྐྱོབ་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་སྡེབ་ཀྱིས་ལས་དོན་སྒྲུབ་ནས། བདེ་སྐྱིད་ཆུ་མཚེའུ་འཛུགས་སྐྲུན་བྱ་རྒྱུ་དེ་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་དང་། མི་སྡོད་ཁོར་ཡུག་ལེགས་བཅོས། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི་ཆུ་མཚེའུ་སྐྱེ་ཁམས་ཁོར་ཡུག་གིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས་ཟེར།
ཚོགས་འདུའི་ཐོག <<བདེ་སྐྱིད་ཆུ་མཚེའུ་ཡིས་བདེ་སྐྱིད་འཚོ་བར་གཟི་མདངས་བསྣན>>ཞེས་པའི་ཆེད་སྒྲིག་བརྙན་ཐུང་ལ་བལྟས་ནས་ཁུལ་ཡོངས་ཀྱི་ཆུ་མཚེའུ་དཔོན་ལམ་ལུགས་དང་དེ་བཞིན་ཆུ་མཚེའུ་དོ་དམ་བྱས་པའི་གནས་ཚུལ་ཁྱབ་བརྡ་བཏང་བ་དང་། རྫོང་སོ་སོའི་བྱ་བ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུར་ཉན།
ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་སུའུ་བདུན་ཅུ། ཧན་ཧྲི། ཁྲང་ལིན། མ་ཝུན་ཆོན། ཁྲིན་ཡུང་ཅེ་བཅས་ཞུགས།
海北州河长制湖长制工作会议召开
5月12日,海北州河长制湖长制工作会议召开,深入贯彻习近平生态文明思想,全面落实全省河长制湖长制工作会议精神,总结河湖长制工作情况,研究部署重点工作。州委书记、州总河湖长夏吾杰出席并讲话,州委副书记、政法委书记张爱红参加,副州长、副总河湖长尕玛才仁主持。
夏吾杰指出,海北地处祁连山、青海湖“双国家公园”核心区域,水系发达、河湖众多,是青海湖和湟水河、大通河、黑河、石羊河的重要水源涵养地和发源地,青海湖入湖水量的85%源自海北,全州共有大小河流265条,每年向下游输送源头活水43.82亿立方米,生态地位特殊重要。要切实提高思想认识,充分发挥各级河湖长作用,围绕国家、省级相关规划以及各县河湖治理现状和建设需求,持续改善河湖生态环境,尽最大努力造福和惠及更多群众。
夏吾杰强调,打造幸福河湖是国家“江河战略”的出发点和落脚点,是今后一个时期江河湖泊保护治理的总抓手和强化河湖长制落实的重要着力点。一要重点做好大通河、湟水河、八宝河幸福河湖建设,力争实现水资源全民保护全民治理全民共享,确保到2035年所辖河湖保护治理能力和水平显著提升,河湖面貌全面提档升级,形成创建幸福河湖海北经验。二要坚持保护与利用并进,充分利用资源优势,积极谋划黄河国家公园建设、冰川研学、温泉开发利用、青海湖航道开辟、甘子河湟鱼洄游观测点等项目,加大以青海湖观鸟点、圣泉湾生态体验点、岗什卡连心湖、包忽图温泉等为主的涉河湖景区景点推广推介力度。三要探索流域多元融合发展新模式,充分利用青海湖、金湖、寺沟河、黄藏寺水库、东大滩水库等河湖资源禀赋,探索发展冷水鱼养殖、水面旅游、经济林等产业,持续抓好河、湖、库综合利用,切实将海北生态优势转化为经济优势。四要强化责任担当,加强执法监管,积极发挥“骑警”优势,助力河湖巡查,严厉打击非法捕捞、非法采砂等违法违规行为。要充分发挥河湖长、林草长、检察长、管护员作用,加强统筹,协同作战,推动幸福河湖建设与产业“四地”建设、改善人居环境、增进民生福祉有机结合,以高品质河湖生态环境支撑海北经济社会高质量发展。
会上,观看《幸福河湖滋润幸福生活》专题片,通报全州河长制湖长制及河湖管理情况,听取各县工作情况汇报。
会议以视频形式召开,州领导曹际强、苏东曲、韩石、常林、马文全、陈永洁参加。