མཚོ་བྱང་རུ་ཁག་ཟི་ལིང་དུ་བསྐྱོད་དེ་འགྲན་བསྡུར་བྱས་པའི་མཐོང་ཐོས།" /> མཚོ་བྱང་རུ་ཁག་ཟི་ལིང་དུ་བསྐྱོད་དེ་འགྲན་བསྡུར་བྱས་པའི་མཐོང་ཐོས།" /> "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་སྐབས་གཉིས་པ།མཚོ་བྱང་རུ་ཁག་ཟི་ལིང་དུ་བསྐྱོད་དེ་འགྲན་བསྡུར་བྱས་པའི་མཐོང་ཐོས།
"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་སྐབས་གཉིས་པ།
མཚོ་བྱང་རུ་ཁག་ཟི་ལིང་དུ་བསྐྱོད་དེ་འགྲན་བསྡུར་བྱས་པའི་མཐོང་ཐོས།
发布时间:2025年05月20日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ5པའི་ཚེས18ཉིན། ཟི་ལིང་གྲོང་ཁྱེར་ལུས་རྩལ་ར་བ་རུ"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་སྐབས་གཉིས་པ་སྟེ། མཚོ་བྱང་མདོ་ལ་བོད་ལུག་རུ་ཁག་གིས་ཟི་ལིང་གསའ་རུ་ཁག་དང་འགྲན་སྡུར་བྱས།

图片

འགྲན་སྡུར་མགོ་མ་བརྩམས་སྔོན། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་རྩལ་འཁྲབ་སྟོན་མང་པོས་སྐད་ཅིག་ཉིད་དུ་ཚོགས་ར་ཡོངས་ཀྱི་རྣམ་པ་སྤྲོ་སྐྱིད་ཀྱིས་བཀང་ནས་ཡུལ་དངོས་ཀྱི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་བསུའི་ཀི་སྒྲ་རྒྱུན་ཆད་མེད་པར་གྲགས་བྱུང་ཡོད།

图片
图片
ཆུ་ཚོད15ཙམ་གྱི་སྟེང་དུ་འགྲན་སྡུར་དངོས་སུ་མགོ་བརྩམས། རང་སའི་དགེ་མཚན་ལ་བརྟེན་པའི་ཟི་ལིང་རུ་ཁག་གི་ཨང་རྟགས20པས་སྤོ་ལོ་རྒྱག་ཐེངས་གཅིག་གིས་མཚོ་བྱང་རུ་ཁག་གི་སྒོ་ནང་ལ་བརྫངས་ནས1:0གི་གྲུབ་འབྲས་བླངས། མཚོ་བྱང་རུ་ཁག་གིས་ཀྱང་ཕར་རྒོལ་རྒྱུན་ཆད་མེད་པར་བྱས་པས་མཇུག་མཐར་ཟི་ལིང་རུ་ཁག་གི་སྒོ་ནང་ལ་སྤོ་ལོ2བརྫངས་ནས1:2གི་གྲུབ་འབྲས་ལ་བརྟེན་ནས་མཚོ་བྱང་རུ་ཁག་གིས་རྒྱལ་ཁ་བླངས།
图片
图片
图片
图片
图片
图片
图片

འགྲན་རའི་ནང་རྐང་གྲུག་གི་ཡོ་ལང་དང་སྡོང་ནས་ཛ་དྲག་གི་འགྲན་སྡུར་བྱེད་བཞིན་ཡོད་པ་དང་འགྲན་རའི་ཕྱི་རོལ་གྱི་མཚོ་བྱང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་བྱེད་སྒོ་ཡང་དེ་དང་འདྲ་བར་ཚ་ཚ་འུར་འུར་གྱིས་མི་ཚོགས་ཀྱི་དང་བ་འདྲེན་པར་བྱེད། ཐེངས་འདིའི་འགྲེམས་ཚོང་སྟེང་མཚོ་བྱང་ཁུལ་གྱིས་ཁེ་ལས31གི་ཁྱད་ལྡན་ཐོན་རྫས169གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དེའི་ནང་རིག་གནས་གསར་གཏོད་ཐོན་རྫས9ཚུད་ཡོད། ཡུལ་དངོས་སུ་ཤ་མོ་སེར་པོ་དང་ལོག་དཀར་སྣུམ། རྩྭ་ཕག་གི་ཤ་སོགས་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་པོ་གྲལ་འགྲིག་པའི་ནང་བཤམས་ཡོད། དེའི་ནང་ནོར་གནག་གི་ཤ་སྐམ་ལས་མཆེད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་བརྟེན་ནས་མི་ཚོགས་བཀུག་དང་འགུག་བཞིན་འདུག ལས་སྒྲིབ་མི་སྣ་སྙིང་སྐྱིད་ཀྱིས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་བཤད་རྒྱུར། ང་ཚོའི་ནོར་གནག་གི་ཤ་སྐམ་ནི་སྲོལ་རྒྱུན་གྱི་བཟོ་རྩལ་སྤྱད་དེ་རླུང་སྐམ་བྱེད་པ་ལས་སྦྱོར་རྟ་གང་ཡང་བསྣན་མེད་པར་མཚོ་བྱང་རྩྭ་ཐང་གི་མིང་དོན་མཚུངས་པའི་ཟས་མཆོག་ཅིག་ཏུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས། ཡུལ་དངོས་སུ་ད་དུང་འཛད་སྤྱོད་གཟིགས་སྐྱོང་འཛིན་ཤོག500གྲ་སྒྲིག་བྱས་པ་དེས། སྐུ་མགྲོན་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།

图片
图片

རྟ་ཐང་རྫོང་ནས་ཡོང་བའི་ལྕམ་མོ་ཝུའུ་ལགས་ཀྱིས་འཇུ་ལག་སྦྲང་རྩིའི་འགྲེམས་གནས་སུ་སྦྲང་རྩི་དམ་བེ་གང་བདམས་པ་དང་ཁོ་མོ་དགོད་བཞིན་དུ་གསར་འགོད་པར་བཤད་རྒྱུར་ངས་ནམ་རྒྱུན་འཇུ་ལག་སྦྲང་རྩི་འཐུང་གི་ཡོད་པས། བྲོ་བ་ལྡན་ཞིང་ཞིམ་མངར་འཛོམས། ཐེངས་འདིར་འགྲེམས་ཚོང་ཡོད་པ་གོ་ཐོས་བྱུང་བས་ང་ཆེད་དུ་སྦྲང་རྩི་ཉོ་གི་ཡོང་བ་ཡིན"ཟེར། སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་བ་ཀའོ་ཧུའེ་ལིན་བཟའ་ཟླ་གཉིས་ཀྱིས་མ་གཞི་མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་ལ་ལྟ་སྐོར་དང་རྒྱུས་ལོན་བྱེད་འདོད་པ་ཙམ་ཡིན་པ་དང་གཟིགས་སྐྱོང་འཛིན་ཤོག་གི་བྱེད་སྒོ་ཡོད་པ་ཤེས་རྗེས། རྩྭ་ཕག་གི་ཤ་སྒམ་གཅིག་ཉོས་ཏེ་མཚོ་སྔོན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་འཁྱེར་ནས་ནང་མི་ལ་བྲོ་བ་མྱོང་དུ་འཇུག་རྒྱུ་ཡིན། གཟིགས་སྐྱོང་རྗེས་ཀྱི་རིན་གོང་ཧ་ཅང་བདེ་ཟེར།

图片
ཡུལ་དངོས་ནས་བསྡོམས་རྩིས་བྱས་པར་གཞིགས་ན། ཉིན་དེར་མཚོ་བྱང་གི་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱེད་ཚད་སྒོར32470ཟིན་པ་དང་བཟོ་ལས་དང་ཆ་འཕྲིན་ཅན་སྡེ་ཁག་གིས་འཛད་སྤྱོད་འཛིན་ཤོག400ལྷག་ཙམ་སྤྲད་པ་དང་འཛད་སྤྱོད་བྱེད་ཚད་སྒོར་ཁྲི1ལྷག་ཙམ་བྱུང་། 

མཚོ་བྱང་ཁུལ་གྱིས་རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག་གི་གར་སྟེགས་ལ་བརྟེན་ནས་མཚོ་བྱང་གི་མདོ་ལ་རི་འདབས་ཀྱི་ཕྱུགས་ར་ཡག་པོའི་མངའ་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་སྙན་གྲགས་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་ཁྱད་ལྡན་སྤུས་ལེགས་ཐོན་རྫས་དམ་འཛིན་བྱ་གཞིར་བྱས་ཏེ། མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་ལས་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་མཉམ་འདྲེས་གཏིང་ཟབ་དང་འཕེལ་རྒྱས་འགྲོ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་ཐེབས་ཡོད་ཟེར།