བཟའ་ཟླའི་འབྲེལ་བ་མིན་པའི་ཕོ་མོ་རང་མོས་ངང་མཉམ་སྡོད་བྱས་ན་ཁྲིམས་མཐུན་ཡིན་ནམ།
རྩོམ་་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
གལ་ཏེ་ཕྱོགས་གཉིས་ཀ་གཉེན་མ་བསྒྲིགས་པར་རང་མོས་ངང་མཉམ་སྡོད་བྱས་ན་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འགལ་མེད་དེ། འོན་ཀྱང་། ཕྱོགས་གཅིག་གམ་ཡང་ན་ཕྱོགས་གཉིས་ཀར་བཟའ་ཟླ་ཡོད་ཀྱང་སྔར་བཞིན་གཞན་དང་མཉམ་སྡོད་བྱས་ཚེ་བཅའ་ཁྲིམས་དང་འགལ་ཡོད། ཁེར་རྐྱང་ཕོ་མོ་རང་མོས་ངང་མཉམ་སྡོད་བྱེད་པ་སྟེ་ཕྱོགས་གཉིས་ཀ་ཁེར་རྐྱང(གཉེན་མ་བསྒྲིགས་པ་དང་གཉེན་འཐོར་བའམ་བཟའ་ཟླ་ཚེ་ལས་འདས་པ་སོགས་ཀྱི་རྣམ་པ)ཡིན་པའི་གནས་ཚུལ་འོག་རང་མོས་ངང་མཉམ་སྡོད་བྱས་ན་ཁྲིམས་འགལ་གྱི་བྱ་སྤྱོད་དུ་མི་གྲུབ། རང་རྒྱལ་བཅའ་ཁྲིམས་ཀྱིས་མི་དར་མ་རང་མོས་མཉམ་སྡོད་ཀྱི་བྱ་སྤྱོད་བཀག་འགོག་བྱས་མེད་པ་དེ་ནི་མི་སྒེར་གྱི་རང་དབང་གི་ཆ་ཤས་ཤིག་ཡིན། གཉེན་བསྒྲིགས་ཟིན་པའི་ཕོ་མོ་རང་མོས་ངང་མཉམ་སྡོད་བྱས་པ་སྟེ། ཕྱོགས་གཅིག་གམ་ཕྱོགས་གཉིས་ཀ་གཉེན་བསྒྲིགས་ཟིན་པ་དང་། དེ་ནས་གཞན་དང་རང་མོས་ངང་མཉམ་སྡོད་བྱས་ན།《དམངས་དོན་ཁྲིམས་གཞུང》གི་འབྲེལ་ཡོད་གཏན་འཁེལ་དང་འགལ་ཡོད།
རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1042པའི་གཏན་འཁེལ་ལྟར་ན། བཟའ་ཟླ་ཡོད་མཁན་གྱིས་གཞན་དང་མཉམ་སྡོད་བྱས་མི་ཆོག བྱ་སྤྱོད་དེའི་རིགས་གཉེན་སྒྲིག་བཅའ་ ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།་ཀྱི་བློ་དཀར་འོས་འགན་དང་འགལ་བར་མ་ཟད། ད་དུང་གཉེན་སྒྲིག་གི་འབྲེལ་བའང་ཁ་འཐོར་དུ་འགྲོ་སྲིད།