མཚོ་བྱང་ཁུལ་གྱིས་མ་དངུལ་སྒོར་ཁྲི6000དོན་འཁྱོལ་བྱས་ནས་རོང་འབྲོག་ཁྱིམ་ཚང3000གྱི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་བཏང་།
发布时间:2025年05月26日
消息来源:
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2025ལོར་མཚོ་བྱང་ཁུལ་གྱིས་བྱེད་ཐབས་མང་པོ་སྤྱད་དེ་རྒྱུ་ཤུགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་མ་དངུལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་བསྐྲུན་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་བདེ་སྐྱིད་གསུམ་གྱི་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་།མ་དངུལ་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ལས་གཞིའི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ། རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་བསྐྲུན་གྱི་ཞིང་ཆེན་རིམ་པའི་ཁ་གསབ་མ་དངུལ་སྒོར་ཁྲི4500བརྩོན་ལེན་བྱས་པ་དང་ཁུལ་རིམ་པའི་སྒྲིག་བཀོད་ཆ་ཚང་མ་དངུལ་སྒོར་ཁྲི300དོན་འཁྱོལ་བྱས་པར་མ་ཟད། རྫོང་སོ་སོར་རྫོང་རིམ་པའི་སྒྲིག་བཀོད་ཆ་ཚང་མ་དངུལ་སྒོར་ཁྲི1200དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་རོང་འབྲོག་ཁྱིམ་ཚང3000གྱི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བར་སྤྱད། བྱེད་ནུས་དེང་རབས་དང་མ་གནས་དཔལ་འབྱོར། གྲུབ་ཚུལ་བདེ་འཇགས། ལྗང་མདོག་ཁོར་སྲུང་བཅས་ཀྱི་སྡོད་གནས་ལ་འཚམ་པའི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཁག་གཅིག་འཛུགས་སྐྲུན་བྱས་པ་བརྒྱུད་རོང་འབྲོག་པའི་འཚོ་བའི་སྤུས་ཚད་ལེགས་བཅོས་ནུས་ལྡན་ཡོང་བར་སྐུལ་འདེད་བཏང་སྟེ་སྡེ་བའི་རྣམ་པ་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་བ་དང་རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ནུས་ལྡན་བྱས།ལས་གཞིར་དོ་དམ་ནན་མོ་བྱས་ནས་ལས་གཞིའི་འཛུགས་སྐྲུན་གྱི་སྤུས་ཚད་དམ་འཛིན་ཡག་པོ་བྱས། འབྲེལ་ཡོད་སྡེ་ཁག་གིས་ཡུལ་དངོས་སུ་རོང་ཁང་ལས་གཞིའི་གཙོ་གཟུགས་དང་རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་གྱི་འཕེལ་རིམ་གནས་ཚུལ་ལ་ལྟ་ཞིབ་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ལྟ་སྐུལ་དོ་དམ་བྱས་ནས་སྤུས་ཚད་བདེ་འཇགས་འགན་འཁྲི་དང་ཨར་ལས་བདེ་འཇགས་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ་ཁྱད་ཆོས་མངོན་གསལ་དོད་པོ་དང་ནུས་པ་གསབ་སྦྱོར། བཀོད་སྒྲིག་ལུགས་མཐུན་བཅས་ཀྱི་རོང་ཁང་ལེགས་བཅོས་བཟོ་བསྐྲུན་ཧུར་ཐག་སྒོས་གཏོད་པ། འགྲུབ་ཟིན་པའི་ལས་གཞིའི་ཕན་འབྲས་ལ་གདེང་འཇོག་བྱེད་པ་དང་ཆབས་ཅིག་གཏོང་སྤྲོད་བརྒྱུད་རིམ་སྔར་བས་ཇེ་ལེགས་སུ་བཏང་ནས་མ་དངུལ་སྤྱོད་པའི་ཕན་འབྲས་འདོན་སྤེལ་ཏན་ཏིག་བྱས་ཏེ་འཛུགས་བསྐྲུན་ལུགས་མཐུན་དང་སྒྲིག་བཀོད་ཆ་ཚང་། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་བ་བཅས་ཀྱི་རོང་ཁང་ལས་གཞི་ཁག་གཅིག་བསྐྲུན།མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་། མཚོ་སྔོན་ཞིང་ཆེན་གྱི་སྔོན་རྩིས་ཕན་འབྲས་དོ་དམ་དང་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་བསྐྲུན་གྱི་ཞིང་ཆེན་རིམ་པའི་མ་དངུལ་དོ་དམ་སོགས་སྲོལ་ཡིག་ལག་བསྟར་ནན་ཏན་བྱས་ཏེ་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་ལས་གཞིའི་མ་དངུལ་ཕན་འབྲས་དོ་དམ་ལ་ཤུགས་བསྣན་ནས་མཚོ་སྔོན་གྲངས་འཛིན་ནོར་སྲིད་མ་ལག་སྤོ་སྒྱུར་གཏོང་སྤྲོད་ལྟ་སྐུལ་ཚོད་འཛིན་དཔེ་དུམ་དང་། སྔོན་རྩིས་ལག་བསྟར་ལྟ་སྐུལ་དཔེ་དུམ། ནོར་སྲིད་ལྟ་སྐུལ་ཞིབ་བཤེར་སོགས་བྱེད་ཐབས་བརྒྱུད་རོང་འབྲོག་པའི་སྡོད་གནས་ཆ་རྐྱེན་ཇེ་ལེགས་སུ་གཏོང་བའི་བཟོ་བསྐྲུན་ཁ་གསབ་མ་དངུལ་ལ་ཁྱབ་ཁོངས་ཡོངས་དང་བརྒྱུད་རིམ་ཡོངས། འབྲེལ་ཐག་ཡོངས་ལ་ལྟ་སྐུལ་དོ་དམ་བྱས་ཏེ་ཁ་གསབ་མ་དངུལ་བེད་སྤྱོད་ཚད་ལྡན་དང་བདེ་འཇགས་ཡོང་བར་ཁག་ཐེག་བྱས་ཏེ་མ་དངུལ་བེད་སྤྱོད་ཕན་འབྲས་ཏན་ཏིག་སྒོས་མཐོ་རུ་བཏང་།