ཤ་བོ་སྐྱབས་ཀྱིས་དམངས་འཚོའི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྨན་བཅོས་དང་གཉོར་སྐྱོང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཏན་ཏིག་སྒོས་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།
ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་སྨན་བཅོས་འཕྲོད་བསྟེན་དང་བུ་བཅོལ་ཞབས་ཞུ་སོགས་དམངས་འཚོའི་ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་ནས་ནན་གྱིས་བསྟན་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། ཨར་ལས་རྩ་འཛུགས་དང་རྒྱུ་རྐྱེན་གཙོ་བོ་འགན་སྲུང་གཅིག་གྱུར་འཆར་འགོད་དང་ལེགས་སྒྱུར་དང་། གཙོ་གནད་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། སྤུས་འབྲས་ལེགས་གཏོང་གིས་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ། སྤུས་ལེགས་བཟོ་སྐྲུན་དང་དཔེ་སྟོན་བཟོ་སྐྲུན། དམངས་སེམས་བཟོ་སྐྲུན་བཅས་ཧུར་ཐག་སྒོས་བཏོད་དེ་ཁུལ་ཡོངས་ཀྱི་སྤྱི་པའི་བྱ་གཞག་གི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་སྟེ་བདེ་ཐང་མཚོ་བྱང་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་ཟེར།

ཤ་བོ་སྐྱབས་འཁོར་དང་བཅས་པ་སྔ་རྗེས་སུ་ཁུལ་བོད་སྨན་ཁང་གི་ཞག་སྡོད་དང་སྒོ་བསྟེན་ཐོག་ཁང་གསར་བའི་ལས་གཞི་འཛུགས་སྐྲུན་དང་ཁུལ་བུ་བཅོལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་བྱ་ཡུལ་དུ་ཕེབས་ཏེ། ཡུལ་དངོས་ནས་ལས་གཞིའི་སྤྱི་ཡོངས་ཀྱི་བཀོད་པ་དང་བཟོ་སྐྲུན་འཕེལ་རིམ་གནས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ལས་གཞིའི་ཨར་ལས་མྱུར་ཚད་དང་འཆར་འགོད་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་སྙན་ཞུར་ཞིབ་ཕྲའི་སྒོ་ནས་ཉན་ཏེ། ལས་གཞིར་བཀོལ་སྤྱོད་བྱས་པའི་འཛུགས་སྐྲུན་ཡུལ་དངོས་ར་སྐོར་གྱིས་བསྐོར་བའི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། ན་ནིང་། ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་སུ་ལུས་བཤེར་བྱེད་མཁན་མི་ཐེངས12800ལྷག་དང་། ཁུལ་བོད་སྨན་ཁང་གི་སྒོ་བསྟེན་སྨན་ཁང་དང་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་མཁན་མི་ཐེངས13000ལྷག་ཡོད། ཁུལ་བོད་སྨན་ཁང་གི་ཞག་སྡོད་དང་སྒོ་བསྟེན་ཐོག་ཁང་གསར་བ་དང་ཚབ་གཉོར་ཞབས་ཞུ་ལྟེ་གནས་ཀྱི་ལས་གཞི་འཛུགས་སྐྲུན་ནི་ཁུལ་ཡོངས་ཀྱི་སྨན་བཅོས་དང་བུ་བཅོལ་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ཞིང་། ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཚེ་ཁུལ་ཡོངས་ཀྱི་སྨན་བཅོས་དང་བུ་བཅོལ་ཞབས་ཞུའི་མཁྲེགས་ཆས་སྒྲིག་བཀོད་དང་ཞབས་ཞུའི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་རྒྱུ་ཟེར་ཞོར་ནན་གྱིས་བསྟན་དོན། ཨར་ལས་ཀྱི་ཚད་གཞི་དང་མཛེས་སྤྲས་རྒྱན་སྤྲས་ཀྱི་བརྒྱུད་རིམ་ཡོངས་ལ་ཚོད་འཛིན་ནན་མོ་བྱེད་དགོས་པ་དང་། བརྒྱུད་རིམ་ཧྲིལ་བོའི་སྤུས་ཚད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བྱེད་ནུས་ཁུལ་དབྱེ་འབྱེད་འཆར་འགོད་བཅས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བདེ་འཇགས་འགོག་སྲུང་སྒྲིག་བཀོད་དང་མེ་གསོད་བགྲོད་ལམ་སྒྲིག་འཛུགས། བྱིས་པའི་གསང་སྤྱོད་ཁང་། དྲོད་ལེན་འོད་ཁྱམས་སོགས་སྒྲིག་བཀོད་བཀོད་སྒྲིག་ཇེ་ལེགས་སུ་བཏང་སྟེ་སྨན་ཁང་གི་ནང་སྙིང་འཛུགས་སྐྲུན་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྤྱོད་གཙང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ཨར་ལས་ཀྱི་བརྒྱུད་རིམ་དོ་དམ་ཚད་ལྡན་དུ་གཏོང་བ། རྒྱུ་ཆ་ནང་དུ་འདྲེན་པ་དང་ཡིབ་པའི་བཟོ་སྐྲུན། ཞིབ་བཤེར་རྩིས་ལེན་སོགས་ཀྱི་འགག་སྒོར་དོ་དམ་ནན་མོ་བྱེད་དགོས། ལས་གཞི་འཛུགས་སྐྲུན་ལ་ཚོད་འཛིན་བྱེད་པའི་དཀའ་གནད་དང་འགག་གནད་གནད་ལ་འཁེལ་བའི་སྒོ་ནས་ཐག་གཅོད་བྱེད་པ་དང་། ལས་གཞི་བཀོལ་སྤྱོད་བྱས་རྗེས་ཕན་ནུས་ཆེ་བའི་སྒོ་ནས་ཁུལ་ཡོངས་ཀྱི་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པར་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ་ཁོངས་གཏོགས་ཀྱི་དོ་དམ་འགན་འཁྲི་དང་། སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་བཅས་ནན་དུ་བཏང་སྟེ། ལས་མི་ཡོངས་ལ་བདེ་འཇགས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ལས་གནས་ལ་མ་ཞུགས་གོང་གི་སློབ་གསོ་དང་དཔང་ཡིག་བཟུང་ནས་ལས་གནས་སུ་ཞུགས་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བ་སོ་སོ་ཞིབ་ཕྲ་དང་དོན་དངོས་ཀྱི་སྒོ་ནས་ལེགས་པར་བསྒྲུབ་སྟེ་བཟོ་སྐྲུན་འཛུགས་སྐྲུན་ལ་དོན་རྐྱེན་དང་མངོན་མེད་རྐྱེན་ངན་གཅིག་ཀྱང་མེད་པའི་འགན་ལེན་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། ཁུལ་འཕྲོད་བསྟེན་ལས་རིགས་གཙོ་གཉེར་སྡེ་ཁག་དང་བོད་སྨན་ཁང་གིས་སྡེ་ཁག་གི་འགན་ནུས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཚོ་བྱང་ཀྲུང་བོད་སྨན་དང་ཁམས་གསོ་སོགས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་བོད་ལུགས་གསོ་རིག་གི་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་དགོས་ཤིང་། བོད་ལུགས་གསོ་རིག་གི་ཆེད་ལས་འཇོན་མི་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲོལ་རྒྱུན་བཟོ་རྩལ་དང་དེང་རབས་ཚན་རྩལ་བཀོལ་སྤྱོད་བྱས་ཏེ་བོད་སྨན་གསར་གཏོད་ཐོན་རྫས་གསར་སྤེལ་བྱས་ནས་སྨན་ལུམས་དང་བཅིངས་ལུམས། རླངས་ལུམས་སོགས་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཁམས་གསོ་བདེ་སྲུང་དང་བོད་སྨན་གྱི་གསོ་ཐབས་ལག་རྩལ་ཁྱབ་གདལ་ཧུར་ཐག་གཏོང་བ་དང་། ཁམས་གསོ་ཡུལ་སྐོར་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་མི་རིགས་སྨན་བཅོས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་ཁམས་གསོ་མ་ལག་ཆ་ཚང་བའི་བདེ་ཐང་ཐོན་ལས་དུས་མཉམ་དུ་གཏོད་དགོས། ཁུལ་འཕྲོད་བསྟེན་དང་སློབ་གསོ། དམངས་སྲིད་སོགས་སྡེ་ཁག་གིས་འབྲེལ་གཏུག་མཉམ་ལས་ལ་ཤུགས་སྣོན་པ་དང་། སྔ་མོ་ནས་བུ་བཅོལ་ཞབས་ཞུ་དང་སྨན་བཅོས་ཐོན་ཁུངས་ཀྱི་སྒྲིག་བཀོད་ཇུས་གཞི་འཆར་འགོད་བྱེད་པ་དང་། “རྒན་གཅིག་ཆུང་གཅིག”གི་ཞབས་ཞུའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་དགོས། “སྨན་བཅོས་དང་གསོ་སྐྱོང་ཟུང་འབྲེལ”གྱི་རྣམ་པ་གསར་བ་གསར་གཏོད་དང་སྐུལ་འདེད་བཏང་སྟེ། སྨན་བཅོས་ཞབས་ཞུ་དང་བུ་བཅོལ་ཞབས་ཞུ་ཕན་ཚུན་མཉམ་འདྲེས་བྱེད་པ་དང་། སྨན་བཅོས་དང་བུ་བཅོལ་ཞབས་ཞུའི་ནང་སྙིང་རྒྱ་སྐྱེད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་ལ། སྤུས་ལེགས་དང་ཀུན་ཕན་ཚབ་གཉོར་ཞབས་ཞུའི་མཁོ་སྤྲོད་རྒྱ་སྐྱེད་བཏང་ནས་ཐོན་ཁུངས་མཉམ་སྤྱོད་ཀྱི་བཟང་ཆ་ཕན་ཚུན་གསབ་རེས་མངོན་འགྱུར་ཡོང་བར་བྱས་ནས་ཁུལ་ཡོངས་ཀྱི་ཀུན་ཕན་ཚབ་གཉོར་ཞབས་ཞུའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཧྲན་ཏུང་གི་སྨན་བཅོས་རོགས་སྐྱོར་བྱ་བའི་ལམ་སྲོལ་བེད་སྤྱོད་ལེགས་པོ་བྱེད་པ་དང་། ཧྲན་ཏུང་གི་སྨན་བཅོས་ཚོགས་པའི་ཆེད་ལས་སྟོབས་ཤུགས་འདོན་སྤེལ་བྱས་ཏེ། རྒྱུན་མཐུད་སྒོས་ལུའུ་ཆིང་མཐོ་སྒང་ལུས་བཤེར་ལྟེ་གནས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། ལུས་བཤེར་བྱས་འབྲས་ཆ་འཕྲིན་ཅན་གྱི་འདྲི་རྩད་ལས་སྟེགས་ཇེ་ལེགས་སུ་གཏོང་བ། ཁུལ་ཡོངས་ཀྱི་ལས་བྱེད་ལས་བཟོ་བའི་བདེ་ཐང་དོ་དམ་ནུས་པ་དང་ཆུ་ཚད་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་ཁམས་གསོ་དང་གཟུགས་པོར་བརྟག་དཔྱད། བདེ་སྲུང་སོགས་ཀྱི་ཞབས་ཞུའི་བྱེད་ནུས་རྒྱ་སྐྱེད་གཏོང་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཚོ་ཅི་ཆང་དང་དེ་བཞིན་ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་ཨུའི་སྒྲིག་ཁོངས་གཞུང་ལས་ཁང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཁག་གི་འགན་ཁུར་བློ་མཐུན་བརྟག་ཞིབ་ལ་ཞུགས།
夏吾杰在调研民生项目建设情况时强调 强化医育有机结合 切实提升公共服务水平
近日,州委书记夏吾杰实地调研医疗卫生、托幼服务等民生项目建设情况。强调要坚持以人民为中心的发展思想,强化责任担当,统筹优化施工组织与要素保障,加快重点项目建设,提质增效狠抓落实,努力打造精品工程、示范工程、民心工程,全面提升全州公共事业水平,有力推动健康海北建设。
夏吾杰一行先后到州藏医院新住院门诊楼建设项目、州托育综合服务中心建设项目现场,实地查看项目整体布局和工程进展情况,详细听取项目施工进度、规划布局等情况汇报,对项目采用的回字形建筑封闭天井模式表示肯定。指出,去年,州鲁青高原体检中心体检人数达12800余人次,州藏医院门诊和住院就诊达13000余人次。州藏医院新住院门诊楼和托育服务中心项目建设是推动全州医疗、托育服务高质量发展的重要举措,项目建成后将进一步提升全州医疗、托育服务硬件设施和服务水平。强调,要严格把控施工标准和装饰装修全流程,强化全过程质量监管,科学规划功能分区,进一步优化安全防护设施、消防通道设置、幼儿卫生间、采暖光廊等设施布局,统筹推进医院内涵建设。要加强医药卫生领域廉政建设,规范施工流程管理,严把材料进场、隐蔽工程、验收评估等关口,精准破解制约项目建设的难点堵点,确保项目投用后高效服务全州群众。要严格落实安全生产措施,压实属地管理责任、部门监管责任和企业主体责任,强化全员安全培训,严格执行岗前教育、持证上岗制度,从细从实做好安全生产各项工作,确保工程建设零事故、零隐患。
夏吾杰要求,州卫生行业主管部门和藏医院,要充分发挥部门职能作用,立足海北中藏医及康养等资源优势,传承弘扬藏医药文化,加强藏医药专业人才培养,运用传统工艺和现代科技开发藏药创新产品,积极推广药浴、敷浴、蒸浴等藏医药特色养生保健和藏医理疗技术,推进与康养旅游的深度融合,同步打造民族医药特色突出、康养体系完整的健康产业。州卫健、教育、民政等部门要加强沟通协作,提前谋划托育服务、医疗资源配套方案,强化“一老一小”服务保障,创新推进“医育结合”新模式,将医疗服务与托育服务相融合,拓展丰富医疗、托育服务内涵,扩大优质普惠托育服务供给,实现资源共享优势互补,推动全州普惠托育服务事业高质量发展。要用足用好山东医疗帮扶工作机制,发挥山东医疗团队专业力量,持续提高鲁青高原体检中心服务水平,优化体检结果信息化查询平台,提高全州干部职工健康管理的能力和水平,拓展提升康养、体检、保健等服务功能。
州领导曹际强以及州委组织部、州委编办、州卫生健康委等部门负责同志参加调研。