ཤ་བོ་སྐྱབས་དང་ཅང་སུའུ་ཅིན་ཧྥིན་སྡེ་ཚོགས་ཀྱི་ལས་འཛིན་པ་ཀྲང་ཅིན་ཁྲིན་གྱིས་ཟི་ལིང་གྲོང་ཁྱེར་དུ་ཚོང་འགུག་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས།
ཟླ5པའི་ཚེས26ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཅང་སུའུ་ཅིན་ཧྥིན་སྡེ་ཚོགས་ཀྱི་ལས་འཛིན་པ་ཀྲང་ཅིན་ཁྲིན་གྱིས་ཟི་ལིང་གྲོང་ཁྱེར་གྱི་མཚོ་བྱང་འཇོན་མིའི་ལས་ཤག་ཏུ་ཚོང་འགུག་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་ལ། ཕྱོགས་གཉིས་ཀྱིས“ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་གཉེར”བཅས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱུའི་ཐད་བརྗེ་རེས་གཏིང་ཟབ་བྱས་ཤིང་། ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་མ་ལག་དང་ལས་སྣོན་ཞིབ་ཚགས། སྤུས་ལེགས་ཁེ་ལས་དོན་འཁྱོལ་ཐད་ཐོག་མའི་མཉམ་ལས་ཀྱི་ངོས་འཛིན་གཅིག་མཐུན་བྱུང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་གིས་གཙོ་སྐྱོང་གནང་།
ཀྲང་ཅིན་ཁྲིན་གྱིས་བཤད་རྒྱུར། ཅང་སུའུ་ཅིན་ཧྥིན་སྡེ་ཚོགས་ཀྱིས་མཚོ་བྱང་དུ་མ་འཇོག་ལས་གཉེར་བྱས་ནས་ལོ10ལྷག་ཙམ་སོང་བ་དང་། 2019ལོར་མ་དངུལ་སྒོར་དུང་ཕྱུར1ཙམ་བཏང་ནས་མདོ་ལ་རྫོང་དུ་སྤུས་ཚད་གཞིས་ཁུལ་བསྐྲུན་པ་དང་ཆན་ཧུའུ་ཕྱུགས་ལས་སྤྱི་གཉེར་ཁང་བཙུགས་ནས་རྩྭ་ར་མུའུ་ཁྲི2.49འཁོར་རྒྱུག་བྱས་ཏེ། ཐོན་སྐྱེད་གསོ་སྤེལ་དང་ལས་སྣོན་བྲིན་ཚོང་། རིག་གནས་ཡུལ་སྐོར་བཅས་གཉེར་སྐྱོང་ལྟེ་གནས་ཆེན་པོ་གསུམ་འཕེལ་རྒྱས་བཏང་ནས་མིག་སྔའི་བར་ལོ་རེར་ས་གནས་དེ་གའི་ནོར་ལུག་བཤས་གཏོང་ཚད8000ལྷག་ཙམ་ལ་ཁྱབ་འགྱེད་སྣེ་ཁྲིད་བྱས། མཚོ་བྱང་གི་ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་དམིགས་ཚད་ལས་འགན་ཐད་དཔེ་བསྡུར་བྱས་ཏེ་གྲངས་འཛིན་ཕྱུགས་ར་འཛུགས་སྐྲུན་གྱི་འཕེལ་རྒྱས་ལེགས་ཆར་དབྱེ་ཞིབ་བྱས་ནས་འབྲེལ་མཐུད་ལ་མུ་མཐུད་ཤུགས་སྣོན་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་བྱང་གི་ད་ཡོད་འཕེལ་རྒྱས་ཀྱི་རྨང་གཞི་དང་ཁེ་ལས་ཀྱི་དགེ་མཚན་ལ་བརྟེན་ནས་ཐོན་ཁུངས་བཀོད་སྒྲིག་གང་ལེགས་དང་ཐབས་ལམ་རྒྱ་ཆེར་གཏོང་བ། མཉམ་ལས་ཇུས་གཞི་ཞིབ་ཚགས་སུ་བཏང་ནས་ཕྱུགས་ལས་ཐོན་ལས་ཀྱི་ལས་སྣོན་ཞིབ་ཚགས། གཉེར་སྐྱོང་བྲིན་ཚོང་སོགས་འཕེལ་རྒྱས་ཀྱི་ཞན་ཆ་རྒྱུན་ཆད་མེད་པར་ཁ་གསབ་བྱས་ཏེ་མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བར་ཤུགས་སྣོན་དགོས་ཟེར།
དེའི་རིང་། ཤ་བོ་སྐྱབས་ཀྱིས་ཟི་ལིང་གི་མཚོ་བྱང་འཇོན་མིའི་ལས་ཤག་ཏུ་ཁུལ་ཐད་གཏོགས་དང་རྫོང་བཞིའི་ཡུལ་སྐོར་ལས་དོན་ཁང་ཞབས་ཞུའི་ལྟེ་གནས་སུ་གཟིགས་ཞིབ་གནང་ནས་བླང་བྱ་བཏོན་དོན། ཟི་ལིང་གི་མཚོ་བྱང་འཇོན་མིའི་ལས་ཤག་དེ་མཚོ་བྱང་གི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་བྱེད་སའི་སྐར་ཁུང་གལ་ཆེན་ཞིག་ཡིན་པས། རྒྱུན་མཐུད་སྒོས་དྲིལ་སྒྲོག་དང་ངོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་ཡུལ་སྐོར་ཁྲོམ་ར་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། ཞབས་ཞུའི་འགན་སྲུང་གི་བྱ་བ་སོ་སོ་ལེགས་པར་བསྒྲུབ་ནས་ཡུལ་སྐོར་བ་མཚོ་བྱང་དུ་ཡོང་ནས་ཡུལ་སྐོར་དང་གསར་བརྗེའི་སློབ་གསོ་དང་ལེན་བྱེད་པའི་ཡིད་དབང་འགུག་པ་དང་། རྒྱུན་མཐུད་སྒོས་མཚོ་བྱང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་མི་ཚང་མས་དགའ་མོས་བྱེད་ཚད་མཐོ་རུ་གཏོང་དགོས་ཟེར།
ཁུལ་གྱི་མགོ་ཁྲིད་ཀརྨ་ཚེ་རིང་དང་ལུང་དབྱང་ཧྲིན། ཅིན་ཧྥིན་སྡེ་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་མདོ་ལ་རྫོང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཞུགས།
夏吾杰与江苏景枫集团董事长张景春在西宁市召开招商引资洽谈会
5月26日,州委书记夏吾杰与江苏景枫集团董事长张景春,在西宁市海北人才公寓召开招商引资洽谈会议,双方就加强“农体文旅商”融合发展深入交流,落地农畜产品销售体系和精深加工企业方面达成初步合作共识,州委常委、秘书长曹际强主持。
夏吾杰对江苏景枫集团长期以来对海北产业发展的贡献表示感谢。他说,海北背靠祁连山、面朝青海湖“双国家公园”,拥有门源万亩油菜种植基地、祁连白藏羊、野牛沟牦牛等一批农牧业生态资源品牌,“祁连藏羊”直销澳门,门源蜂蜜出口日本,刚察18万只藏羊“进京”销售,素有“高原畜牧业看青海,青海畜牧业看海北”的美誉。近年来,海北州聚焦省委“三个走在全省前列”使命任务,高处着眼、大局出发,探索开展生态农牧业“九个一”配套工程和“123”A级景区创建创新做法,农牧和文旅产业融合发展优势日益凸显。
夏吾杰希望,立足海北资源禀赋和发展定位,结合企业发展所需,进一步深化企地务实合作,在海北结下更多发展硕果。一是按照企业投资发展定位,在养殖场、屠宰场、畜产品精深加工车间等“九个一”配套工程建设以及发展羔羊、小牛经济等特色产业方面开展务实合作,尽快落地农畜产品销售和精深加工企业,创新研发薄脆牛肉干、牛肉罐头等绿色产品,不断延长农牧业产业链条,推动农牧业向产业化、规模化、品牌化发展。二是发挥企业在市场营销方面的优势,推进农畜产品数字化应用,加强产品创新、质量溯源等市场需求,不断提升“祁连山下好牧场”“青海湖畔好水草”绿色有机农畜产品区域公用品牌,让更多海北优品走向江苏等省外高端市场,获得更多出口订单。三是文旅与红色研学方面,利用仟户牧业公司临近祁连机场和国道的区位和交通优势,开发特色民俗体验、露营餐饮等新业态,积极培育“青海骢”马文化和马产业体验活动,吸引青甘大环线途经峨堡的大量游客进入祁连,在八宝镇开展“西路军精神”主题红色研学,到“9号公路”畅游祁连山国家公园,助推海北文旅和农牧产业发展壮大,不断拓宽农牧民群众增收渠道。
张景春表示,江苏景枫集团已在海北投资兴业10余年,2019年投资近1亿元在祁连县打造品质小区,成立了仟户牧业公司流转草场2.49万亩,发展形成了生产养殖、加工销售、文化旅游三大运营中心,截至目前,年辐射带动当地牛羊出栏8000余头只。对标海北农牧产业发展思路及目标任务,分析了数字牧场建设的发展优势,希望继续加强对接、深化合作,依托海北现有发展基础和企业所长,充分调配资源、拓展渠道,细化合作方案,不断补齐畜牧产业精深加工、经营销售等发展短板,赋能海北农畜产品升级,着力提高海北绿色有机农畜产品附加值。
其间,夏吾杰在西宁海北人才公寓查看州直和四县旅行社服务中心,要求将西宁海北人才公寓作为宣传海北文旅的重要窗口,持续加大宣传推介力度,积极对接文旅市场,做好各项服务保障工作,吸引游客前往海北观光旅游和接受红色教育,持续为海北文旅发展增加人气和流量。
州领导尕玛才仁、龙永胜,江苏景枫集团相关负责同志,州直相关部门和祁连县相关负责同志参加。