“མཛེས་པའི་ཀྲུང་གོ་ང་ནི་སྔོན་བསྐྱོད་པ་ཡིན”ཞེས་པའི2025ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་མཚོ་བྱང་གི་བྱེད་སྒོ་སྤེལ།  
发布时间:2025年06月06日 消息来源:

རྩོམ་སྒྲིག་པ།ཚེ་གཟུངས་སྐྱིད། ཡོང་ཁུངས།མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཟླ6པའི་ཚེས5ཉིན། མདའ་བཞི་རྫོང་མི་དམངས་སྲིད་གཞུང་དང་མཚོ་བྱང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས། ཀྲུང་གོ་ས་གཤིས་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་། ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“མཛེས་པའི་ཀྲུང་གོ་ང་ནི་སྔོན་བསྐྱོད་པ་ཡིན”ཞེས་པའི2025ལོའི་དྲུག་ལྔ་ཁོར་ཡུག་ཉིན་མོའི་མཚོ་བྱང་གི་བྱེད་སྒོ་མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིར་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་བྱེད་སྒོར་ཞུགས་ནས་མཚོ་བྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པར་དར་ཆ་སྤྲད་པ།   ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན་དང་། ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ཧའེ་ཕིང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཚོ་ཅི་ཆང་། ཁུལ་དཔོན་གཞོན་པ་ཧན་ཧྲི། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་བཅས་བྱེད་སྒོར་ཞུགས། ཀྲའོ་ཧའེ་ཕིང་གིས་ཤིས་ཚིག་ཕུལ་ལ།ཧན་ཧྲི་ཡིས་གཙོ་སྐྱོང་གནང་།

  ཀྲའོ་ཧའེ་ཕིང་གིས་ཤིས་ཚིག་ཕུལ་སྐབས་མཚོ་བྱང་ཁུལ་ནི་མཚོ་སྔོན་པོའི་བྱང་ངོགས་དང་མདོ་ལ་རི་བོའི་ལྷོ་འདབས་སུ་གནས་ལ། “མཚེའུ་གཅིག་དང་གླིང་ཁུལ་གཉིས་གཙང་བོ་གསུམ”གྱི་གནད་འགག་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་འགོག་སྲུང་གལ་ཆེན་དང་ཆུ་ཁུངས་སྲུང་སྐྱོབ་བྱ་ཡུལ་དུ་གྱུར་ཡོད། མངའ་ཁོངས་སུ་རི་ཆུ་མང་བ་དང་ནགས་རྩྭ་ཕུན་སུམ་ཚོགས་པ། མཚོ་སྔོན་པོའི་རྦ་རླབས་དགུང་དུ་འཕྱོ་བ། འཁྱགས་རོམ་རྣམ་པར་མཐོ་བ་བཅས་ཡིན་པས་ཞིང་ཆེན་ནང་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་སོགས་སྐྱེ་ཁམས་རྒྱུ་རྐྱེན་ཆ་ཚང་ཤོས་དང་གཅིག་བསྡུས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། ནུབ་རྒྱུད་བྱེ་ཐང་ཤར་དུ་བཙན་འཛུལ་བྱེད་པར་བཀག་འགོག་བྱེད་པའི་སྐྱེ་ཁམས་འགོག་སྲུང་གལ་ཆེན་ཞིག་ཀྱང་ཡིན་པས་ས་ཁོངས་ཀྱི་སྐྱེ་ཁམས་བརྟན་ལྷིང་ལ་སྐུལ་འདེད་བྱེད་པར་རང་བྱུང་སྙོམས་སྒྲིག་གི་ནུས་པ་ཧ་ཅང་ཆེན་པོ་འདོན་སྤེལ་བྱེད་བཞིན་ཡོད། ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཁྲོད་འཐབ་ཇུས་གོ་གནས་ཧ་ཅང་གལ་ཆེ་བ་དང་། ཚབ་བྱེད་མི་ཐུབ་པའི་རང་བཞིན་དང་འདྲ་བཟོ་མི་ཐུབ་པའི་རང་བཞིན་ལྡན་ཡོད། 


  མཚོ་བྱང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བསྐྲུན་པའི་ལྟེ་བའི་དམིགས་འབེན་ལ་དམིགས་ཏེ། གཡའ་དག་པའི་ནམ་མཁའ་དང་དྭངས་ཤིང་གཙང་བའི་ཆུ་བོ། བྱིན་ཆགས་པའི་ས་གཞི་སྲུང་སྐྱོབ་བྱེད་པའི་དམག་འཐབ་ཁྱོན་ཡོངས་ནས་ཡག་པོ་རྒྱག་པ་དང་། བློ་བརྟན་འགྱུར་མེད་ཀྱིས"མཛེས་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི"བྱ་སྤྱོད་སྤེལ་མཁན་དང་ལག་བསྟར་མཁན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་བརྟེན་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།བྱེད་སྒོའི་ཁྲོད། མཚོ་བྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་འཐུས་མིས་སྤྱི་ཚོགས་ལས་རིགས་སོ་སོར"མཛེས་པའི་ཀྲུང་གོ་ང་ནི་སྔོན་བསྐྱོད་པ་ཡིན"ཞེས་པའི་གྲོས་འདོན་བཀྲམ། 
  
  མཚོ་བྱང་སྐྱེ་ཁམས་ཁོར་ཡུག་ཁྲིམས་བསྟར་དཔུང་ཁག་གི་འཐུས་མི་དང་མཚོ་བྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་འཐུས་མི། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིས་མཉམ་དུ<<ཁོར་སྲུང་པའི་གླུ>>བླངས་པ་དང་འབྲེལ་སྣ་མང་ཕུན་སུམ་ཚོགས་པའི་ཁོར་ཡུག་གི་བརྗོད་དོན་རིག་རྩལ་འཁྲབ་སྟོན་བྱས། ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་འགན་འཁུར་བ་གཙོ་བོ་དང་། ཀྲུང་གོ་ས་གཤིས་བཟོ་སྐྲུན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་དང་དེ་བཞིན་ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་གི་འཐུས་མི། ཁོར་ཡུག་སྲུང་སྐྱོབ་དང་བླངས་པའི་འཐུས་མི། མཚོ་བྱང་ཁུལ་དང་མདའ་བཞི་རྫོང་ཁོར་ཡུག་ཅུས་ཀྱི་ལས་བྱེད་ལས་བཟོ་ཡོངས་བྱེད་སྒོའི་ནང་ཞུགས་པ་དང་འབྲེལ་སྨོན་ལམ་མཐོན་པོའི་ཡུལ་སྐོར་གསར་བརྗེའི་ཉམས་ཞིབས་རྟེན་གཞིའི་མཐའ་འཁོར་དུ་ཁོར་ཡུག་བཅོས་སྒྲིག་བྱེད་སྒོ་སྤེལ་ལ། དེ་སྔའི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྒར་བཅུ་གཉིས་པའི་གནའ་ཤུལ་མཐའ་འཁོར་དུ་རྐང་ཐང་ལ་བསྐྱོད་པ་དང་གསར་བརྗེའི་སློབ་གསོའི་བྱེད་སྒོ་སྤེལ།