མཚོ་བྱང་གི་སློབ་མ2523མཐོ་རྒྱུགས་ལ་ཞུགས།
发布时间:2025年06月09日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

2025ལོའི་མཐོ་རིམ་སློབ་གྲྭ་དཀྱུས་མའི་རྒྱལ་ཡོངས་ཀྱི་གཅིག་གྱུར་སློབ་བསྡུའི་རྒྱུགས་ལེན(གཤམ་དུ“མཐོ་རྒྱུགས”ཞེས་བསྡུ་རྒྱུ)དེ་ཟླ6པའི་ཚེས7ཉིན་དངོས་སུ་མགོ་བརྩམས་ལ། ད་ལོར་མཚོ་བྱང་གི་སློབ་མ2523མཐོ་རྒྱུགས་ལ་ཞུགས་ཡོད་ཅིང་། དེའི་ནང་། བསླབ་ཚན་ལྟར་དབྱེ་ན་ལོ་རྒྱུས་རིགས་ཀྱི་རྒྱུགས་ཞུགས་སློབ་མ1110དང་དངོས་ལུགས་རིགས་ཀྱི་རྒྱུགས་ཞུགས་སློབ་མ1413ཡོད་པ་དང་། རྒྱུགས་ཀྱི་སྐད་ཡིག་གི་རིགས་ལྟར་དབྱེ་ན་སྤྱིར་བཏང་གི་རྒྱུགས་ཞུགས་སློབ་མ2223དང་བོད་ཡིག་གི་རྒྱུགས་ཞུགས་སློབ་མ300ཡོད་ཅིང་། ཕྱི་སྐད་ལྗར་པན་སྐད་ཡིག་གི་རྒྱུགས་ཞུགས་སློབ་མ5ཡོད་པ་རེད། ཁུལ་ཡོངས་ཀྱི་རྫོང་བཞིའི་རྒྱུགས་ཁུལ་ཚང་མ་སྤྱིར་བཏང་མཐོ་རྒྱུགས་ཀྱི་རྒྱུགས་ཁུལ་ཡིན་ལ། ཁྱོན་ཚད་ལྡན་ཅན་གྱི་རྒྱུགས་སྤྲོད་ས་ཚིགས4དང་རྒྱུགས་ར114བཙུགས་ཡོད།
图片
图片
图片

ཚེས7ཉིན་གྱི་སྔ་དྲོའི་ཆུ་ཚོད8ཙམ་ལ་གསར་འགོད་པས་མཚོ་བྱང་ཁུལ་མཐོ་རིམ་སློབ་འབྲིང་དང་པོའི་རྒྱུགས་སྤྲོད་ས་ཚིགས་སུ་རྒྱུགས་ཞུགས་སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་ངང་སླེབས་པ་དང་འབྲེལ་གོ་རིམ་ལྡན་པའི་ངང་རྒྱུགས་རའི་ནང་འགྲོ་བ་མཐོང་། རྒྱུགས་སྤྲོད་ས་ཚིགས་ཀྱིས་སློབ་མ་ཚོར་ཉི་འགོག་ཆར་བྱོལ་ཁང་དང་གཅེས་སེམས་ཞབས་ཞུའི་ས་ཚིགས་བཙུགས་ཡོད་པ་དང་། རྒྱུགས་སྤྲོད་སློབ་མའི་གཞི་ཁྱོན་ལ་གཞིགས་ནས་ཚན་རིག་དང་མཐུན་པའི་ངང་རྒྱུགས་སྤྲོད་སློབ་མ་རྒྱུགས་རར་བསྐྱོད་པའི་བགྲོད་ལམ་བཀོད་སྒྲིག་ལུགས་མཐུན་བྱས། རྒྱུགས་སྤྲོད་སློབ་མ་རིག་ནུས་བདེ་འཇགས་ཞིབ་བཤེར་སྒོ་དང་སྤྱི་བདེ་བདེ་འཇགས་ཞིབ་བཤེར། རྒྱུགས་ལེན་ལྟ་སྐུལ་དགེ་རྒན་གྱི་བདེ་འཇགས་ཞིབ་བཤེར་བཅས་ཀྱི་གོ་རིམ་བརྒྱུད་དེ་རྒྱུགས་ལེན་བྱ་བ་རྒྱུན་གཏན་ལྟར་སྤེལ་ཡོད་ལ། ཡུལ་དངོས་ཀྱི་སྒྲིག་ལམ་ཚད་ལྡན་དང་གོ་རིམ་ལྡན་ཞིང་རྒྱུགས་ལེན་བྱ་བ་སོ་སོ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་ཡོད། རྒྱུས་ལོན་པ་ལྟར་ན། ཁུལ་ཡོངས་ཀྱི་རྒྱུགས་སྤྲོད་ས་ཚིགས་སོ་སོའི་རྒྱུགས་རའི་ལྷུ་ཚིགས་ཚང་མ་གོ་རིམ་ལྡན་པ་དང་། བརྟན་ཞིང་བདེ་བླག་གི་རྣམ་པ་བཟང་བོ་རྒྱུན་འཁྱོངས་བྱས་ཡོད། 

图片
图片
图片
图片
图片
图片
དེ་དང་ཆབས་ཅིག ཁུལ་ཡོངས་ཀྱི་སློབ་གསོ་དང་གསང་སྲུང་། སྤྱི་བདེ། འཕྲོད་བསྟེན་བདེ་ཐང་། བཟོ་འཕྲིན། ཁྲོམ་ར་ལྟ་སྐུལ། གནམ་གཤིས། གློག་ཤུགས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་སྡེ་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་དང་མཐུན་སྦྱོར་མཉམ་འགུལ་བྱས་ནས“གཅེས་སེམས་ཀྱིས་རྒྱུགས་སྤྲོད་སློབ་མ་སྐྱེལ་པ”སོགས་ནུས་ལྡན་གྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཞབས་ཞུའི་འགན་ལེན་ཡག་པོར་སྒྲུབ་ནས་ཚད་གཞི་མཐོ་ཤོས་དང་བླང་བྱ་ནན་ཤོས། དྲོ་སྐྱིད་ལྡན་པ་བཅས་ཀྱི་ཐོག་ནས་མཐོ་རྒྱུགས་ལ་མཐུན་རྐྱེན་སྦྱར་ཏེ་མཐོ་རྒྱུགས་བདེ་བླག་ངང་སྤེལ་བར་འགན་ལེན་ནུས་ལྡན་བྱས་ཡོད།