མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས།
发布时间:2025年06月10日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ6པའི་ཚེས6ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ཐུན་མོང་ཐོག་མཚོ་བྱང་གི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་མཉམ་ལས་ཀྱི་གྲོས་མཐུན་གན་རྒྱ་འཇོག་པའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚོགས་པར་མ་ཟད། མཚོ་སྔོན་ཞིང་ཆེན་གནམ་གཤིས་སྡེ་ཁག་གི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད་པའི་སློབ་གསོ་རྟེན་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཅུས་ཀྲང་ཀའོ་རོན་ཞང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཆན་གོ་ཆིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཨའེ་ཧུང་། ཞིང་ཆེན་གནམ་གཤིས་ཅུས་ཀྱི་ཏང་ཙུའུ་ཡི་ཁོངས་མིའམ་ཅུས་ཀྲང་གཞོན་པ་སུང་ཨན་ཕིང་། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་བཅས་མཛད་སྒོར་ཞུགས། ཁུལ་ཨུའི་རྒྱུན་ཨུ་ཀྲའོ་ཧའེ་ཕིང་གིས་གཙོ་སྐྱོང་གནང་། 

图片
图片

ཚོགས་འདུ་མ་འཚོགས་གོང་གི་བཞུགས་མོལ་ཁྲོད། ཤ་བོ་སྐྱབས་ཀྱིས་ཞིང་ཆེན་དང་ཁུལ་གྱི་གནམ་གཤིས་སྡེ་ཁག་གིས་ཞབས་ཞུ་འགན་སྲུང་གི་བྱེད་སྒོ་གལ་ཆེན་དང་། གནམ་གཤིས་གནོད་འཚེ་སྔོན་འགོག་དང་ས་གཤིས་གནོད་འཚེ་འགོག་བཅོས་སོགས་ཀྱི་ཐད་མཚོ་བྱང་ལ་བྱས་རྗེས་བཞག་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཞིང་ཆེན་གནམ་གཤིས་ཅུས་ཀྱིས་སྔར་རྒྱུན་བཞིན་མཚོ་བྱང་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དགོས་པ་དང་། ལྷག་པར་དུ་གནམ་གཤིས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་དང་། མཚོ་བྱང་གི་རབས་གསར་པའི་གནམ་གཤིས་ལེ་ཏ་འཛུགས་སྐྲུན། སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཀྱི་གནམ་གཤིས་སྤུས་ཚད་བདེན་དཔང་ར་སྤྲོད་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། མཚོ་བྱང་གིས་ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། "སྤྱི་གླིང་གཉིས་དང་བཙན་ས་གཅིག"འཛུགས་སྐྲུན་བྱེད་པར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་པར་མ་ཟད། ལྷག་བསམ་ཟོལ་མེད་ཀྱིས་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་སྡེ་ཁག་གི་ལས་བྱེད་ལས་བཟོ་བ་མཚོ་བྱང་དུ་ཡོང་ནས་སྐྱེ་ཁམས་ཉམས་ཞིབ་དང་གསར་བརྗེའི་ཉམས་ཞིབ་ཀྱི་ཚོགས་པ་འཛུགས་པའི་བྱེད་སྒོ་སྤེལ་བར་ལྷག་བསམ་ཟོལ་མེད་ཀྱིས་གདན་འདྲེན་ཞུས་པ་ཡིན་ཟེར། ཀའོ་རོན་ཞང་གིས་བཤད་རྒྱུར། "ཆུ་ཚད་མཐོ་བ་གསུམ"དང"སྤུས་འབྲས་མཐོ་བ་གསུམ"ལ་དམ་པོར་དམིགས་ནས་གནམ་གཤིས་ཚན་རྩལ་ཞབས་ཞུ་དེང་རབས་ཅན་དང་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་དང་། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གནམ་གཤིས་གནོད་འཚེ་སྔོན་འགོག་དང་ཉུང་དུ་གཏོང་བའི་ནུས་པ་ཆེ་རུ་གཏོང་བ་དང་གནམ་གཤིས་ཚན་རྩལ་གྱི་ནུས་པ་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ཀྱི་གནམ་གཤིས་བྱ་བར་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ་གནམ་གཤིས་ཀྱིས"མཚོ་བྱང་ལྔ"འཛུགས་སྐྲུན་ལ་སྔར་ལས་ལྷག་པའི་ཞབས་འདེགས་ཞུ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

图片
图片

གན་རྒྱ་འཇོག་པ་དང་སྒོ་བྱང་འགེལ་བའི་མཛད་སྒོའི་སྟེང་། ཤ་བོ་སྐྱབས་དང་ཀའོ་རོན་ཞང་གཉིས་ཀྱིས་མཉམ་དུ་མཚོ་སྔོན་ཞིང་ཆེན་གནམ་གཤིས་སྡེ་ཁག་གི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་སློབ་གསོ་རྟེན་གཞིའི་སྒོ་བྱང་བཀལ། ཀྲང་ཨའེ་ཧུང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་མཚོ་བྱང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཏེ་བསྟན་དོན། ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་གནམ་གཤིས་བྱ་བ་དེ"ཚེ་སྲོག་བདེ་འཇགས་དང་ཐོན་སྐྱེད་གོང་འཕེལ། འཚོ་བ་ཕྱུག་པོ། སྐྱེ་ཁམས་བཟང་བ"བཅས་དང་འབྲེལ་བ་ཡོད་པའི་འཐབ་ཇུས་ཀྱི་ངེས་གནས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ"མཚོ་བྱང་ལྔ"འཛུགས་སྐྲུན་བྱ་རྒྱུར་གནམ་གཤིས་ཞབས་ཞུའི་འགན་ལེན་ནུས་ལྡན་བྱས་ཡོད་ཟེར་ཞོར་བཤད་རྒྱུར། ཐེངས་འདིར་མཉམ་ལས་གྲོས་མཐུན་ལ་གན་རྒྱ་བཞག་པ་དེ་ནི་ཕྱོགས་གཉིས་ཀྱིས་མཉམ་ལས་བརྗེ་རེས་སྔར་ལས་གཏིང་ཟབ་ཏུ་གཏོང་བའི་མཚོན་རྟགས་གསར་བ་དང་མགོ་རྩོམ་ས་གསར་བ་ཞིག་ཡིན་པས་ཕྱོགས་གཉིས་ཀྱིས་ཐེངས་འདིར་གྲོས་མཐུན་ལ་གན་རྒྱ་བཞག་པ་དེ་གོ་སྐབས་སུ་བརྩིས་ནས་གེགས་འགོག་གེགས་སེལ་དང་ཞིང་ཕྱུགས་ལས་ཐོན་སྐྱེད། ནུས་རྒྱུ་བདེ་འཇགས། སྐྱེ་ཁམས་སྲུང་སྐྱོབ། རིག་གནས་ཡུལ་སྐོར་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་རྒྱུའི་རེ་བ་ཡོད་ཟེར། ཀའོ་རོན་ཞང་གིས་མཚོ་བྱང་ཁུལ་གྱིས་དུས་ཡུན་རིང་བོའི་ནང་གནམ་གཤིས་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ནས་བཤད་རྒྱུར། ཐོག་མཐའ་བར་གསུམ་དུ་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གནམ་གཤིས་ཀྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་། སྐྱེ་ཁམས་གནམ་གཤིས་ཞབས་ཞུའི་འགན་ལེན་སོགས་ཀྱི་ཐད་རྒྱབ་སྐྱོར་དང་རོགས་རམ་ཤུགས་ཆེན་བྱས་པས་མཚོ་བྱང་གི་གནམ་གཤིས་བྱ་གཞག་མགྱོགས་མྱུར་སྒོས་འཕེལ་རྒྱས་ཕྱིན་ཡོད་པ་དང་། ཞིང་ཆེན་གནམ་གཤིས་ཅུས་ཀྱིས་ཐེངས་འདིར་མཉམ་ལས་གྲོས་མཐུན་ལ་གན་རྒྱ་བཞག་པ་དེ་གོ་སྐབས་སུ་བྱེད་པ་དང་གནམ་གཤིས་ཚན་རྩལ་ནུས་པ་དེང་རབས་ཅན་དང་གནམ་གཤིས་སྤྱི་ཚོགས་ཞབས་ཞུ་དེང་རབས་ཅན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱས་ཏེ། མཉམ་ལས་གྲོས་མཐུན་གྱི་གཙོ་གནད་ལས་འགན་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱས་ནས་མཚོ་བྱང་གི་གནམ་གཤིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

图片
图片
ཁུལ་ཨུའི་སྡེ་ཁག་སོ་སོ་དང་། ཁུལ་ཐད་གཏོགས་ཀྱི་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པ་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་ཀྱི་འབྲེལ་ཡོད་འགན་ནུས་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་གནམ་གཤིས་ཅུས་ཀྱི་འབྲེལ་ཡོད་བློ་མཐུན་བཅས་ཞུགས།