གཏེར་ལེན་ཁ་རུ་རྡུང་རེས་རྒྱག་མཁན3བཟུང་།
发布时间:2025年06月13日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲང་ཅང་ལམ་མངགས་གཏོང་ཁང་གིས་མགྱོགས་མྱུར་ངང་གཞན་ལ་གཅར་རྡུང་བྱས་པའི་གྱོད་དོན་ཞིག་ཐག་གཅོད་བྱས།

2025ལོར་ཟླ6པའི་ཚེས8ཉིན། ཁྲང་ཅང་ལམ་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་གྱོད་དོན་སྙན་སེང་ཞུས་ཏེ། གཏེར་ལེན་ཁ་གྲོང་ཁྱེར་དུ་མི་ཞིག་ལ་གཅར་རྡུང་བྱས་ཞེས་བཤད། སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པ་མགྱོགས་མྱུར་ངང་ཡུལ་དངོས་སུ་སོང་སྟེ་ཐག་གཅོད་བྱས་ཤིང་། བརྟག་དཔྱད་དང་རྒྱུས་ལོན་རགས་ཙམ་བྱས་པ་བརྒྱུད། དཀོན་ཆེ་གེ་མོ་དང་དཔལ་ཆེ་གེ་མོ་གཉིས་རླངས་འཁོར་བཀོལ་སྤྱོད་ཀྱི་གནད་དོན་ཐད་ཁ་རྩོད་བྱུང་ནས་ཕྱོགས་གཉིས་ཀ་ངར་ལངས་ཏེ། ཕན་ཚུན་ལ་བཟོད་སྒོམ་མི་བྱེད་པར་དཀོན་ཆེ་གེ་མོ་དང་དེའི་གྲོགས་པོ་ཟླ་ཆེ་གེ་མོ། ཅིང་ཆེ་གེ་མོ་སོགས་དཔལ་ཆེ་གེ་མོ་དང་དེའི་གྲོགས་པོ་ལི་ཆེ་གེ་མོ། ཨན་ཆེ་གེ་མོའི་བར་འགལ་བ་བྱུང་བར་མ་ཟད། ད་དུང་དཔལ་ཆེ་གེ་མོ་ལ་གཅར་རྡུང་བྱས།

图片

དེའི་རྗེས། མི་དམངས་ཉེན་རྟོག་པས་ཡུལ་དངོས་སུ་རྩད་ཞིབ་རབས་དང་རིམ་པ་བྱས་པ་བརྒྱུད། གྱོད་འབྲེལ་མི་སྣ་མགྱོགས་མྱུར་ངང་གཏན་འཁེལ་བྱས་པར་མ་ཟད། འབྲེལ་ཡོད་དཔང་རྟགས་ཀྱང་གཏན་འཁེལ་བྱས་ཤིང་ཁྲིམས་འགལ་གྱི་དོན་དངོས་ཁོང་དུ་ཆུད་རྗེས། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་དཀོན་ཆེ་གེ་མོ་དང་ཟླ་ཆེ་གེ་མོ། ཅིང་ཆེ་གེ་མོ་སོགས་གྱོད་འབྲེལ་མི་སྣ་བོས་ཏེ་བརྟག་དཔྱད་ངོས་ལེན་བྱས། འདྲི་རྩད་བྱས་པ་བརྒྱུད། དཀོན་ཆེ་གེ་མོ་དང་ཟླ་ཆེ་གེ་མོ། ཅིང་ཆེ་གེ་མོ་སོགས་ཀྱིས་གཞན་ལ་གཅར་རྡུང་བྱས་པའི་བྱ་སྤྱོད་སྦ་གསང་མེད་པར་ཁས་ལེན་བྱས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམསཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དཀོན་ཆེ་གེ་མོ་དང་ཟླ་ཆེ་གེ་མོ། ཅིང་ཆེ་གེ་མོ་བཅས་ལ་སྲིད་འཛིན་བཀག་ཉར་གྱི་ཆད་པ་བཅད་པ་དང་། དུས་མཚུངས་སུ་རྡུང་རེས་ནང་ཞུགས་མཁན་གཞན་དག་ཀྱང་ཁྲིམས་ལྟར་ཐག་གཅོད་བྱས།