དབྱར་རྩྭ་དགུན་འབུ་བརྐོ་སར་རྦབ་རྡོ་ལྷུང་འདུག
发布时间:2025年06月18日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར། ལྷ་རི་རྫོང་གི་དབྱར་རྩྭ་དགུན་འབུ་བརྐོ་སའི་རྩྭ་ས་ཞིག་ཏུ་གློ་བུར་དུ་རྦབ་རྡོ་ལྷུང་བའི་ཉེན་ཁའི་གནས་ཚུལ་བྱུང་ནས། མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འཇིགས་སྐུལ་ཐེབས་པའི་གནས་ཚུལ་བྱུང་། ཞང་གི་ལས་དོན་མི་སྣ་དང་། གྲོང་ཚོའི“ཨུ་ལྷན་གཉིས”དང་གྲོང་ཚོར་བཅའ་སྡོད་བྱས་པའི་ལས་དོན་རུ་ཁག་བཅས་མགྱོགས་མྱུར་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་བསྐྱོད་དེ་ཉེན་ཁའི་གནས་ཚུལ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་ཉེན་ཁར་ཞིབ་དཔྱད་བྱས་ཏེ་ཉེན་འགོག་ཇུས་གཞི་བཟོས།

图片

ཐེངས་འདིའི་ཉེན་ཁའི་གནས་ཚུལ་ཐག་གཅོད་བྱེད་སྐབས་དང་ལེན་མགྱོགས་པོ་དང་། གྲལ་བཤེར་ཞིབ་ཕྲ། བྱ་ཐབས་ནུས་ལྡན་བཅས་བྱས་ཏེ་དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་གོ་རིམ་ལྡན་པའི་སྒོ་ནས་སྤོ་སྒྱུར། མགྱོགས་མྱུར་ངང་ལམ་སྐྲུན་པ་བཅས་བྱས་པས་ཤི་རྨས་མེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ནུས་ལྡན་བྱས་ཡོད།