མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྐབས26པ་ཚོགས་མགོ་བརྩམས་ཤིང་། མཚོ་བྱང་གི་རིགས་ཆེན་པོ13གྱི་ཁྱད་ལྡན་ཐོན་རྫས་སྣ་ཁ697ལྷག་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་མངོན་པ།
发布时间:2025年06月26日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ6པའི་ཚེས25ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་གཏམ་གྲོས་ཚོགས་སྐབས26པ་མཚོ་སྔོན་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། མཚོ་བྱང་ཁུལ་གྱིས་ཁེ་ལས69ཡི་རིགས་ཆེན་པོ13གྱི་ཁྱད་ལྡན་ཐོན་རྫས697ལྷག་སྒྲིག་འཛུགས་བྱས་ནསམཚོ་སྔོན་ཚོང་གཏམ་གྲོས་ཚོགསསུ་ཞུགས་ནས་འགྲེམས་སྟོན་བྱས། 
图片

图片

རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིར་མཚོ་བྱང་ཁུལ་གྱི་འགྲེམས་ཚོགས་སུ་ཞུགས་པའི་ཁེ་ལས་དང་ཐོན་རྫས་ནང་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་ཁྱད་ལྡན་ཐོན་རྫས་གྲགས་ཅན་དང་སྤུས་ལེགས་སྣ་ཚོགས་འཁྱེར་ཡོད་ཅིང་། མཚོ་བྱང་ཁུལ་གྱིས་སྐྱེ་ལྡན་བཟའ་བཅའ་ལས་སྣོན་དང་ཀྲུང་བོད་སྨན་ལས་སྣོན། རིག་གནས་ཡུལ་སྐོར་ཚོང་ཟོག་ཞིབ་སྤེལ། ཁྱད་ལྡན་ཡང་བའི་བཟོ་ལས་ཀྱི་མངའ་ཁོངས་བཅས་ཀྱི་ཐད་བླངས་པའི་ཐོད་བརྒལ་གསར་བ་དང་གྲུབ་འབྲས་གསར་བ་གང་ལེགས་སྒོས་མངོན་ཡོད་ལ།  ཐེངས་འདིའི་འགྲེམས་སྟོན་ནང་ཞུགས་པའི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་མཚོ་བྱང་གི་ཐོན་ཁུངས་ཀྱི་ལེགས་ཆ་མངོན་པ་དང་མཚོ་བྱང་གི་སྙན་པ་ཆེ་རུ་གཏོང་རྒྱུ་དེ་རེད།   

图片
图片

ཐེངས་འདིའི“མཚོ་སྔོན་ཚོང་གཏམ་གྲོས་ཚོགས”འགྲེམས་ཁུལ་དུ་མཚོ་བྱང་ཁུལ་གྱིས“སྐྱེ་ཁམས་མཚོ་བྱང་། ལྗང་མདོག་གིས་མ་འོངས་བསུ།” “གསར་བརྗེའི་མཚོ་བྱང་། རྒྱུན་འཛིན་ལ་འོད་སྟོང་འཕྲོ།” “ཡིད་འཕྲོག་མཚོ་བྱང་། མཉམ་འདྲེས་གསར་གཏོད་འཕེལ་རྒྱས་བྱེད།” “གསོན་ཤུགས་མཚོ་བྱང་། སྒོ་འབྱེད་མཉམ་ལས་མཉམ་རྒྱལ་བྱེད”ཅེས་ལེའུ་ཚན་པ་བཞི་བརྒྱུད་དེ་མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་མངོན་གསལ་དོད་པོ་དང་ཆོད་སེམས་བརྟན་པོ་ཕྱོགས་ཡོངས་ནས་མངོན་ཡོད་ཅིང་། གསར་བརྗེའི་རིག་གནས་ཀྱི་སྣེ་ཁྲིད་འོག་བླངས་པའི་གྲུབ་འབྲས་སྣ་ཚོགས་བསྟན་པ་དང་། ཐོན་ལས་མཉམ་འདྲེས་དང་རིག་གནས་མཉམ་འདྲེས་སོགས་ཐད་བླངས་པའི་གསར་གཏོད་ལག་ལེན་དང་གྲུབ་འབྲས་གཡུར་དུ་ཟ་བ་མཚོན་ཡོད་པར་མ་ཟད། ཐོན་ལས“གནས་བཞི”འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་མཚོ་བྱང་ཁུལ་གྱི་འཕེལ་རྒྱས་ཀྱི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འབུར་དུ་ཐོན་ཡོད། དེ་དང་ཆབས་ཅིག“5gཧའེ་ཀོའུ”གློག་རྡུལ་ཚོང་དོན་ཐད་གཏོང་ཁྱད་ལྡན་བྱེད་སྒོ་བརྒྱུད་རང་ས་གནས་གྱི་དྲ་རྒྱའི་དྲ་གྲགས་གདན་འདྲེན་ཞུས་ནས་ཐད་གཏོང་ཕྱིར་འཚོང་བྱས་པ་བརྒྱུད་ནས་མཚོ་བྱང་ཁུལ་གྱི“མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་སྤྱི་སྤྱོད་ཆས་རྟགས་ཕྱོགས་ཡོངས་ནས་དྲིལ་སྒྲོག་དང་ངོ་སྤྲོད་བྱས་ཏེ་མཚོ་བྱང་ཐོན་ཁུངས་ཀྱི་ལེགས་ཆ་སྔར་བས་མངོན་པ་དང་མཚོ་བྱང་མཚན་དང་སྙན་གྲགས་ཆེ་རུ་བཏང་ཡོད།

图片

ཐེངས་འདིའིམཚོ་སྔོན་ཚོང་གཏམ་གྲོས་ཚོགས”སྟེང་། མཚོ་བྱང་ཁུལ་གྱིས་རང་ངོས་ཀྱི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞིར་གཞི་ཚུགས་ནས་གཙོ་གནད་ཐོག་ནུས་རྒྱུ་གཙང་མ་དང་། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་ལེགས་ལས་སྣོན་ཞིབ་བཟོ། སྐྱེ་ཁམས་རིག་གནས་ཡུལ་སྐོར། ལྗང་མདོག་རྩིས་ནུས། གསར་བརྗེའི་ཉམས་ཞིབ་སོགས་ཐོན་ལས་ཀྱི་ལེགས་ཆར་དམིགས་ཏེ་གཙོ་གནད་ཚོང་འགུགས་མ་འཇོག་ལས་གཞི་ཇུས་འགོད་ཞིབ་ཚགས་བྱས་ཤིང་། ཐོན་ལས་ཀྱི་སྣེ་འདྲེན་ཁེ་ལས་ཁག་ཅིག་མཚོ་བྱང་གི་ཐོན་ལས་གསར་སྤེལ་དང་ཐོན་རྫས་གསོ་སྐྱོང་ནང་ཧུར་ཐག་ཞུགས་རྒྱུའི་ཡིད་དབང་འགུག་གང་ཐུབ་བྱས་ཡོད།