ཤ་བོ་སྐྱབས་ཀྱིས“བདུན་གཅིག”ལ་འཚམས་འདྲི་གནང་སྐབས་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པ་ནན་གྱིས་བསྟན།
发布时间:2025年07月02日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ104ཡི་འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་ཏེ། ཟླ6པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་བྱང་ཁུལ་གྱི་ཕུལ་བྱུང་ཏང་ཡོན་དང་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན། ཏང་ཡོན་རྒན་པའི་འཐུས་མི་བཅས་ལ་ཆེད་དམིགས་འཚམས་འདྲི་གནང་བ་དང་། ཁོ་ཚོར་ཏང་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཕུལ་བར་མ་ཟད། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལ་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ངང་འཚམས་འདྲི་ཞུས།

  མཚོ་བྱང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རིན་ཝང་ཀྲུང་ཧའེ་ནི་ཏང་ལོ50ཡོད་པའི་ཏང་ཡོན་རྒན་པ་ཞིག་ཡིན་ལ། མཚོ་བྱང་འཕེལ་རྒྱས་འགྱུར་ལྡོག་གི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་དངོས་སུ་མྱོང་མཁན་དང་ལེགས་སྐྱེས་ཕུལ་མཁན་ཞིག་ཀྱང་ཡིན། ཟི་ལིང་གྲོང་ཁྱེར་དུ་གནས་པའི་ཝང་ཀྲུང་ཧའེ་ཡི་ཁྱིམ་དུ་ཤ་བོ་སྐྱབས་ཀྱིས་ཁོའི་བཟའ་བཏུང་དང་འཚོ་བ། བདེ་ཐང་སོགས་ཀྱི་གནས་ཚུལ་ལ་བྱམས་བརྩེའི་ངང་རྒྱུས་ལོན་བྱས་པ་དང་། མཚོ་བྱང་གི་ད་ལྟའི་འགྱུར་ལྡོག་ཆེན་པོ་གླེང་ནས་ཁོ་ལ་ཏང་ཡོན་རྒན་པའི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “མདེལ་གཉིས་སྐར་གཅིག”གི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་ཆེའི་བསམ་འཆར་མང་པོ་བཏོན་ཏེ་ཏང་གི་བྱ་གཞག་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་བྱེད་པར་སྐུལ་ལྕག་གནང་ཞིང་། འབྲེལ་ཡོད་སྡེ་ཁག་གིས་བློ་མཐུན་རྒན་པའི་འཚོ་བར་སེམས་ཁུར་དང་བརྩེ་སེམས་ཀྱིས་ལྟ་རྟོག་ཡག་པོ་བྱས་ནས་ཁོ་ཚོར་བདེ་སྐྱིད་ལྡན་པའི་འཚོ་བ་ལོངས་སུ་སྤྱོད་དུ་འཇུག་དགོས་པའི་བཀའ་བཀོད་གནང་།

  མདའ་བཞི་རྫོང་མཁར་བྱང་སྡེ་ཁུལ་གྱི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅིའམ་སྡེ་ཁུལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧོ་བཀྲ་ཤིས་སྐྱིད་ཀྱི་ཁྱིམ་དུ་ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་གི་སྡེ་ཁུལ་གྱི་དཔལ་འབྱོར་དང་མཁར་བྱང་སྡེ་ཁུལ་གྱི“ཉིན་གུང་བྱིས་སྙོར་ཁང”སོགས་ཀྱི་བྱ་བར་ཁས་ལེན་གང་ལེགས་གནང་བར་མ་ཟད། ཧོ་བཀྲ་ཤིས་སྐྱིད་ཀྱི་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་དང་དེ་བཞིན་བྱ་བའི་ཁྲོད་གནས་པའི་དཀའ་ངལ་དངོས་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་མོས་ལུས་པོར་བདག་སྐྱོང་བྱས་ནས་སྡེ་ཁུལ་གྱི“སྣེ་ཁྲིད་པའི”ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་དེ་ཁྱིམ་ཚང་ཁྲི་སྟོང་མང་པོར་གནད་ལ་འཁེལ་བའི་སྒོ་ནས་བརྒྱུད་སྤྲོད་བྱས་ནས་གཞི་རིམ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོ་བསྐྲུན་དགོས་པའི་སྐུལ་ལྕག་གནང་ལ། ཁོ་དང་མཉམ་དུ་བསྐྱོད་པའི་རྩ་འཛུགས་སྡེ་ཁག་གི་བློ་མཐུན་གྱིས“ཧོ་བཀྲ་ཤིས་སྐྱིད་བཞིན་དུས་ཡུན་རིང་བོར་གཞི་རིམ་དུ་ལེགས་སྐྱེས་ཕུལ་བའི་ཏང་ཡོན་རྣམས་ལ་རྩ་འཛུགས་ཐོག་ནས་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་ཁོ་ཚོའི་དཀའ་ངལ་སེལ་ནས་བྱ་བའི་ཆ་རྐྱེན་བཟང་པོ་གཏོད་དགོས”པའི་བཀའ་བཀོད་གནང་།

  ཕུལ་བྱུང་ཏང་ཡོན་གྱི་འཐུས་མིའམ་མཚོ་བྱང་ཁུལ་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་གཞོན་པ་ལི་ཅུན་གྱི་ཁྱིམ་དུ་ཤ་བོ་སྐྱབས་ཀྱིས་ཁོས་ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་གཏོང་བའི་ཁྲོད"ཏང་འཛུགས་སྐྱོང+ལས་གཞི"ཡི་དཔེ་དབྱིབས་ལ་བརྟེན་ནས་མི་སེམས་གཅིག་སྒྲིལ་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སློང་སྟེ"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་ནུས་ལྡན་བཏང་ནས་ཁུལ་ཡོངས་ཀྱི་ཏང་ཡོན་ལ་དངོས་སྒྲུབ་སྔོན་བརྩོན་གྱི་ཚད་ཤིང་གསར་བ་བཙུགས་པར་ཚད་མཐོའི་བསྔགས་བརྗོད་གནང་ལ། ཁོས་མུ་མཐུད་དུ་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ་ཁེ་ལས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་དེ་འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་སུ་བསྒྱུར་ནས་མཚོ་བྱང་གི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་ལྕག་གནང་བར་མ་ཟད། རྒྱལ་ཁུངས་ཁེ་ལས་ཀྱི་གལ་ཆེའི་རང་བཞིན་དང་། ཇི་ལྟར་བྱས་ནས་རྒྱལ་ཁུངས་ཁེ་ལས་ལ་གསོན་ཤུགས་སྩོལ་བ་དང་ཁེ་ལས་ཀྱི་འཇོན་མི་གསོ་སྐྱོང་ཇི་ལྟར་བྱེད་པ། དེ་བཞིན་ཁེ་ལས་ཀྱི་ཏང་འཛུགས་སྐྲུན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇི་ལྟར་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཐད་ནས་གླེང་མོལ་གཏིང་ཟབ་བྱས།འཚམས་འདྲི་བྱེད་རིང་། ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་འཁྲུངས་སྐར་སླེབས་ལ་ཉེ་བའི་སྐབས་སུ་འཕྲད་འདྲི་འཚམས་འདྲི་བྱེད་པར་དོན་སྙིང་གཏིང་ཟབ་ལྡན་ལ། དེ་ནི་རྩ་འཛུགས་ཀྱི་ཐུགས་ཁུར་བརྒྱུད་སྤྲོད་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ཡིན་པར་མ་ཟད་སེམས་ནུས་གཅིག་སྒྲིལ་གྱི་འགག་རྩའི་བྱེད་ཐབས་ཤིག་ཀྱང་ཡིན། ཁོས་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཏང་ཡོན་གྱི་བདེ་སྡུག་སེམས་ལ་འཛིན་དགོས་པ་དང་ལྷག་པར་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་གནད་འཁེལ་རོགས་སྐྱོར་བྱས་ཏེ། ཕུལ་བྱུང་ཏང་ཡོན་གྱི་སྔོན་ཐོན་བྱས་རྗེས་དར་སྤེལ་ཤུགས་ཆེན་གཏོང་བ་དང་ཏང་ཡོན་རྒན་གྲས་ཀྱི་འཚོ་བ་དང་བསམ་པའི་དགོས་མཁོར་སེམས་ནུས་ཡོད་རྒུས་ཐུགས་ཁུར་བྱེད་པ། ཏང་ཡོན་ཚོའི་ཆབ་སྲིད་ཀྱི་ཁོངས་གཏོགས་འདུ་ཤེས་དང་རྩ་འཛུགས་ཀྱི་གཟི་བརྗིད་འདུ་ཤེས། འབད་འཐབ་ཀྱི་ལས་འགན་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ལ། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་གྱིས་རང་རྟོགས་ངང་ཕུལ་བྱུང་ལ་མིག་དཔེ་ལྟ་བ་དང་། ཏང་ཡོན་རྒན་གྲས་ཀྱི་ལུས་སྟེང་གི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་ལས་གནས་ཐོག་གཞི་ཚུགས་པ་དང་འགན་འཁུར་ནས་སྔར་ལས་བྱས་རྗེས་འཇོག་པ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་མཚོ་བྱང་ཁུལ་གྱི་སྒྱུར་འཕེལ་བརྟན་གསུམ་གྱི་ལག་ལེན་ནང་ཧུར་ཐག་སྒོས་ཞུགས་ཏེ་ནུས་ཤུགས་ཡོད་རྒུས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་བྱང་གི་ལེའུ་གསར་པ་རྩོམ་ཆེད་དེ་ལས་ཆེ་བའི་སྟོབས་ཤུགས་གསར་བ་ལེགས་སྐྱེས་སུ་དབུལ་དགོས་ཟེར།ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲིན་དང་། ཚོ་ཅི་ཆང་། ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་ལས་བྱེད་རྒན་པ་ཅུས། ཁུལ་རྒྱལ་ཁུངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།