མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་གི“བསམ་བློ་ཆབ་སྲིད་སློབ་གསོའི་ཉམས་ཞིབ་ལག་ལེན་རྟེན་གཞི”མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་སྒོ་བྱང་བཀལ་ནས་བཙུགས
发布时间:2025年07月03日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ7པའི་ཚེས1ཉིན། མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་གི“བསམ་བློ་ཆབ་སྲིད་སློབ་གསོའི་ཉམས་ཞིབ་ལག་ལེན་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཚོགས། མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སུང་ཧུའེ་དང་དེ་བཞིན་སློབ་གླིང་གི་འབྲེལ་ཡོད་འགན་འཁུར་བ། དགེ་རྒན་དང་ལས་བཟོ་པའི་འཐུས་མི། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་ཀྲང་ཐའོ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཞིང་ཧོས། ཁུལ་དཔོན་གཞོན་པ་ཧྭ་ཝུན་ཞུག ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རོས་ཞིན་བཅས་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས།

ན་ནིང་ནས་བཟུང་མཚོ་བྱང་ཁུལ་དང་མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་གིས་གསར་བརྗེའི་རིག་གནས་ཉམས་ཞིབ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། སྤྱི་ཚོགས་ལག་ལེན་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་མང་པོ་བྱས་པས་ཕྱོགས་གཉིས་ཀར་མཉམ་ལས་ཀྱི་རྨང་གཞི་གཏིང་ཟབ་ཆགས་ཡོད། མཚོ་སྔོན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་གི“བསམ་བློ་ཆབ་སྲིད་སློབ་གསོའི་ཉམས་ཞིབ་ལག་ལེན་རྟེན་གཞི”མཚོ་བྱང་ཁུལ་དུ་སྒོ་བྱང་བཀལ་ནས་བཙུགས་པ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ་བྱེད་པ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་ཡག་པོ་བྱེད་པའི”སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་ལ། དེ་བས་སློབ་གྲྭ་དང་ས་གནས་ཀྱིས་ལག་གདང་སྦྲེལ་ནས་བསམ་བློ་ཆབ་སྲིད་སློབ་གསོ་གསར་གཏོད་ལ་སྐུལ་འདེད་གཏོང་བའི་ཕན་ཡོད་ཀྱི་འཚོལ་ཞིབ་ཅིག་ཀྱང་ཡིན། རྟེན་གཞི་བཙུགས་པ་དེས་ན་གཞོན་སློབ་མར“འདུ་ཤེས་སྲིད་འཛིན་སློབ་ཁྲིད”ཞིག་བསྐྲུན་པ་སྟེ་དྲན་གསོ་ཁང་ནང་གི་རྩ་ཆེའི་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ལ་ལྟ་སྐོར་དང་ཚན་རིག་མཁས་ཅན་གྱི་སེམས་འགུལ་ཐེབས་པའི་བྱས་རྗེས་ལ་ཉན་པ། དཀའ་ཚེགས་ཆེ་བའི་ཚན་རིག་ཞིབ་འཇུག་གི་བརྒྱུད་རིམ་ལ་ཉམས་ལེན་བཅས་བྱས་པ་བརྒྱུད། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དཔེ་དེབ་ནས་དོན་དངོས་ཀྱི་ཕྱོགས་སུ་བསྐྱོད་པ་དང་། རིགས་པའི་གཞུང་ལུགས་ནས་སེམས་ངོས་སུ་འབབ་པ། རྡུལ་ཕྲན་མཁར་གྱི་གསར་བརྗེའི་ས་གཞི་དྲོན་མོའི་ཐོག་ཐོག་མའི་བསམ་འདུན་དང་ལས་འགན་རྟོགས་པ་དང་། མི་སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་འདྲེས་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས“རླབས་ཆེན་ཏང་ལགས་ཐུགས་བློ་བདེ་བར་མཛོད། སྟོབས་ལྡན་རྒྱལ་ཁབ་མངོན་འགྱུར་ང་ཚོས་བརྩོན”ཞེས་པའི་དམ་བཅའ་བརྟན་པོ་མངོན་དུ་འཇུག་རྒྱུ་རེད།

སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་བསྒྲིལ་རྗེས། མཛད་སྒོར་ཞུགས་མཁན་གྱི་མི་སྣ་ཡོངས་ཀྱིས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་དང་པོའི་ཞིབ་བཟོ་རྟེན་གཞིའི་གནའ་ཤུལ་ལ་ལྟ་སྐོར་བྱས།