ཤ་བོ་སྐྱབས་ཀྱིས་ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུའི་ཐོག་མངག་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་དྲིན་ཚོར་ཡར་བརྩོན་དང་དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ་དགོས་པ་ནན་གྱིས་བསྟན།
发布时间:2025年07月07日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།   བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ7པའི་ཚེས4ཉིན། ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བསྐྱར་དྲན་བྱས་ཤིང་། ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་དང་། སློབ་སྦྱོང་ལག་བསྟར་གྱི་གྲུབ་འབྲས་ལ་ཕྱོགས་བསྡོམས་དང་བརྗེ་རེས་བྱས་ནས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་དེད་དེ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་འདེད་བཏང་སྟེ་དངོས་སྒྲུབ་དངོས་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་ལ་དྲིན་ལན་འཇལ།

ཚོགས་འདུའི་སྔོན་ལ། ཚོགས་ཞུགས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་དང་མཚོ་བྱང་ལ་གཟིགས་ཞིབ་མཛད་པའི་ཞབས་རྗེས་སྙེག་ནས་སྔ་རྗེས་སུ་རྐང་ཚ་རྫོང་གི་ཁེ་རམ་ཐང་དང་དཀོན་ལོ་གོང་མ་སྡེ་བར་འཕྲད་འདྲི་དང་བརྟག་ཞིབ་གནང་བར་ཕྱིན་ནས། འགན་འཁྲི་ཁུར་ཤུགས་སྔར་ལས་ཆེ་རུ་བཏང་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས། 

ཟླ7པའི་ཁེ་རམ་ཐང་ལྗོངས་ཁུལ་མཛེས་ཤིང་ལྟ་ན་སྡུག་ལ། དྭངས་ཤིང་གཙང་བའི་མཚོ་ངོས་སུ་བྱ་བྱེའུས་ལྡིང་སྐོར་རྒྱག་པ་དང་། ཚོགས་ཞུགས་མི་སྣ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བརྒྱུད་མྱོང་བའི་ཤིང་ལམ་བརྒྱུད་དེ་ཡུལ་དངོས་ནས་མཚོ་སྔོན་པོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱས་པ་ལས་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ལ་ལྟ་ཞིབ་བྱས། དཀོན་ལོ་གོང་མ་སྡེ་བར་བསྐྱོད་པ་ན་རྒྱ་ཆེ་ལ་ཁོད་སྙོམས་པའི་སྣུམ་ལམ་ཐད་ཀར་ཁྱིམ་ཚང་རེ་རེའི་སྒོ་ཁར་ལས་ཡོད་ཅིང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཁྱིམ་ཚང་གི་ཁང་པ་གྲལ་སྟར་གཅིག་ཏུ་ཆགས་ཡོད། ཚོགས་ཞུགས་མི་སྣ་དཀོན་ལོ་ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་། སྒར་འདེབས་རྟེན་གཞི། སྡེ་བའི་ལོ་རྒྱུས་ཁང་སོགས་སུ་བསྐྱོད་དེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྡེ་བའི་མཉམ་སྡེབ་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་བལྟས་པར་མ་ཟད། བསོད་ནམས་ཚེ་རིང་ཚང་དུ་བསྐྱོད་དེ་བསོད་ནམས་ཚེ་རིང་གི་ཁྱིམ་མི་ཚོ་དང་མཉམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་རྟོག་ཞིབ་གནང་བའི་བརྗེད་དཀའ་བའི་རྣམ་པར་ཕྱིར་དྲན་བྱས།

བཞུགས་མོལ་ཚོགས་འདུའི་ཐོག ཆན་གོ་ཆིན་དང་ཀྲའོ་ཧའེ་ཕིན། ལི་ཞུས་ཀྲེན། མ་རུའུ་ཞང་། ཁྲང་ལིན། ལི་ཝུན་ལིན། བསོད་ནམས་ཚེ་བརྟན་སོགས་ཀྱིས་བརྗེ་རེས་གཏམ་བཤད་གནང་ལ། ཚང་མས་ཐེངས་འདིའི་གཅིག་སྡུད་ཀྱི་བསྐྱར་དྲན་དང་། ལོ་བཞིའི་རིང་གི་མཚོ་བྱང་འཕེལ་རྒྱས་དང་འགྱུར་ལྡོག་ལ་ཕྱི་མིག་བལྟས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་དང་མཚོ་སྔོན་གྱི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ཐུགས་ཁུར་གནང་བར་ཡང་བསྐྱར་མྱོང་བ་ཟབ་མོ་བྱུང་ཞིང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་རླབས་ཆེན་སྟོབས་ཤུགས་ལ་ཡང་བསྐྱར་མྱོང་བ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་རྗེས་སུ་དམ་པོར་འབྲང་སྟེ་འཐབ་ལམ་གསར་བར་འབད་པས་བསྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི་ཡིད་ཆེས་ཀྱི་ཆོད་སེམས་སྔར་ལས་ཆེ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བྲིས་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཕྱིན་ཡོད་པའི་ངོས་འཛིན་བྱས།

ཤ་བོ་སྐྱབས་ཀྱིས་གསུང་བཤད་ཁྲོད་བསྟན་དོན། འདས་ཟིན་པའི་ལོ་བཞིའི་རིང་ལ། ཁུལ་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཤིང་། ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་སྣེ་ཁྲིད་དེ་མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་འཁུར་ནས་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བས་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་བཏང་ཡོད། སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་ཏེ་སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་ཏང་ལ་བརྩི་སྲུང་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་ལ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ཆབ་སྲིད་ཀྱི་ངོས་འཛིན་གཅིག་མཐུན་དང་བསམ་བློའི་ངོས་འཛིན་གཅིག་མཐུན། རིགས་པའི་གཞུང་ལུགས་ཀྱི་ངོས་འཛིན་གཅིག་མཐུན། བརྩེ་བའི་ངོས་འཛིན་གཅིག་མཐུན་བཅས་ཇེ་ཆེར་བཏང་ཡོད་ཟེར་ཞོར་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོསགཏན་འཁེལ་གཉིསཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲུང་སྐྱོང་གཉིསཀྱི་ཆབ་སྲིད་ཀྱི་མཐོ་ཚད་བློ་ཐག་རྦད་ཆོད་ཀྱིས་སྒྲུབ་ཐུབ་པར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྲོད་ཁ་ཕྱོགས་དང་ཐབས་ལམ་བཙལ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་བོ་བཟོ་བ། གནས་ཚད་གནད་འཁེལ་འཚོལ་བ་དང་བསམ་ཕྱོགས་ཟབ་ཏུ་བཏང་སྟེ་རྒྱུན་མཐུད་སྒོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་སྤེལ་གཏོང་བ། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། སྙིང་སྟོབས་ཀྱི་བཙན་ས་གཏོད་པའི་ཐད་ཆེས་མཐོ་བའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་། སློབ་སྦྱོང་ལག་བསྟར་གྱི་ཕན་འབྲས་དེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་འགྱུར་བར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བྲིས་པའི་བརྗིད་ཉམས་ལྡན་པའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་འབད་བརྩོན་བྱེད་དགོས་ཟེར།

ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་དང་། རྫོང་བཞིའི་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།