ཤ་བོ་སྐྱབས་ཀྱིས“རབ་མཛེས་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་སྡུར”གྱི་མདའ་བཞིའི་འགྲན་མཚམས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་འཐབ་ཕྱོགས་དང་པོའི་ལས་བཟོ་པར་འཚམས་འདྲི་གནང་།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས12ཉིན་ཏེ་གཟའ་སྤེན་པར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི་བྱང་ངོགས་ཀྱི་མདའ་བཞིའི་བྱེ་མ་གསེར་ལྡན་དང་སྨོན་ལམ་མཐོན་པོའི་སྒར་ཕྱིའི་རྟེན་གཞིར“རབ་མཛེས་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་སྡུར”གྱི་ལས་འགན་སྐོར་ཞིབ་དང་དྲིལ་སྒྲོག་འཕྲིན་སྤེལ་སོགས་ཀྱི་གཙོ་གནད་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་། ཡུལ་དངོས་ནས་སྐྱ་དམག་དང་འབྲོག་པའི་རྟ་བའི་རུ་ཁག་གི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་དང་། ལས་འགན་སྒྲུབ་བཞིན་པའི་སྤྱི་བདེ་ཉེན་རྟོག་པ་དང་དང་བླངས་པ། དེ་བཞིན་བདེ་སྲུང་ལས་སྲུང་ལས་བཟོ་བར་འཚམས་འདྲི་གནང་། ཁོས་བསྟན་དོན། “རབ་མཛེས་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་སྡུར”གྱི་འགྲན་མཚམས་བརྒྱད་ཀྱི་ཁྲོད། མཚོ་བྱང་གིས་བདེ་སྲུང་སྟོབས་ཤུགས་ཀྱིས་འགྲན་སྡུར་ལ་སྲུང་སྐྱེལ་བྱས་པ་དང་། མཚོ་བྱང་གི་རྫོང་བཞི་བརྒྱུད་པའི་འགྲན་མཚམས་དྲུག་ལ་བདེ་འཇགས་དོན་རྐྱེན་གཅིག་ཀྱང་བྱུང་མེད། འཐབ་ཕྱོགས་དང་པོའི་ལས་བཟོ་པས་འགྲན་སྡུར་བདེ་བླག་ངང་སྤེལ་ཆེད་དཀའ་སྤྱད་འབད་བརྩོན་བྱས་པས་ཁོ་ཚོའི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་ཡིན་ཟེར། ཤ་བོ་སྐྱབས་ཀྱིས“རབ་མཛེས་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་སྡུར”གྱི་བགྲོད་ལམ་བདེ་འཇགས་འགན་སྲུང་དང་མཇུག་སྒྲིལ་མཛད་སྒོའི་གྲ་སྒྲིག འགྲིམ་འགྲུལ་སྣེ་ཁྲིད་སོགས་ཀྱི་བྱ་བའི་ཐད་ནུས་ཤུགས་ཡོད་རྒུས་བླང་བྱ་ཞིབ་ཕྲ་བཏོན་པར་མ་ཟད། དྲིལ་སྒྲོག་པུས་མཚོ་བྱང་གི་ཕུན་སུམ་ཚོགས་པའི་བྱེ་ཐང་དང་ནོར་གནག བོད་ལུག མཚོ་སྔོན་གྱི་ལིང་གྱོ་རྒྱ་སོགས་གཞི་རྒྱུ་བརྙན་མིག་ལ་བརྟེན་ནས་ལྟད་མོ་བར་སྟོན་དགོས་པའི་བླང་བྱ་བཏོན། དེའི་རྗེས་སུ་མཚོ་བྱང་མགྲོན་ཁང་དུ་བསྐྱོད་ནས“རབ་མཛེས་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་སྡུར”གྱི་ལུས་རྩལ་པའི་ཞག་སྡོད་དང་བཟའ་བཏུང་ཞབས་ཞུའི་འགན་ལེན་གནས་ཚུལ་ལ་ལྟ་ཞིབ་བྱས།


དུས་ཡུན་དེའི་རིང་སྨོན་ལམ་མཐོན་པོའི་དམག་དཔོན་གདུང་དུ་ཤ་བོ་སྐྱབས་ཀྱིས་རི་རྩེ་ནས་ཝ་མདོ་ཉག་གའི་བར་གྱི་གཞུང་ལམ་འཛུགས་སྐྲུན་གྱི་མྱུར་ཚད་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་ལམ་རྒྱུད་ཀྱི་རླངས་འཁོར་འཇོག་ས་དང་སྤེན་དཀར་མེ་ཏོག་ལ་ལྟ་བའི་སྟེགས་བུ་སོགས་ཀྱི་འཛུགས་སྐྲུན་ས་གནས་ལ་ལྟ་ཞིབ་བྱས། གསེར་དངུལ་ཐང་བོད་ཁྱིམ་ཡུལ་སྲོལ་གླིང་དུ་ཡུལ་དངོས་ནས་བེད་མེད་རྒྱུ་ནོར་བསྐྱར་གསོ་བེད་སྤྱོད་བྱ་བར་ལྟ་སྐུལ་བྱས་པ་དང་། བཟའ་བཏུང་ཁུལ་དང་ཞག་སྡོད་ཁུལ་གྱི་ཉམས་གསོ་སྒྱུར་བཀོད་བྱ་བའི་མྱུར་ཚད་ལ་ལྟ་ཞིབ་བྱས་ཏེ་ཟླ7པའི་ཚེས15ཉིན་སྒོ་ཕྱེ་ནས་ཚོང་གཉེར་བྱེད་དགོས་པའི་བླང་བྱ་བཏོན། མདའ་བཞི་རྫོང་ཝ་མགྱོགས་སུ་གསེར་ཉ་ཡར་འགྲོའི་གནས་ཚུལ་ལ་ཡུལ་དངོས་ནས་ལྟ་ཞིབ་བྱས།


ཁུལ་གྱི་མགོ་ཁྲིད་སངས་རྒྱས་དང་མ་རུའུ་ཞང་། ཧན་ཧྲི་བཅས་ཞུགས།